日志

您觉得这种偏见是从娘胎里带出来的吗?

已有 256 次阅读2019-2-1 08:23 |系统分类:见解

作者:གྱི་ལིང་འཇིག་མེད།
最近有个叫做 གྱི་ལིང་འཇིག་མེད། (应该是笔名啥的)写了一篇文章,大概的内容是:他自己通过和几位藏族老师交谈得到结论,藏族牧区的牧民最不懂得感恩,具体引用的论据是老师打学生也好骂学生也好那个无论如何也是为学生好,这是没有异议的,但是家长就不应该说老师,所以通过这点就可以说明藏区的卓巴(牧民)是最不懂得感恩的人。而且不是具体那个地方的,是全藏区。文章用藏文写的,本人只是考虑到有些同胞不知道母语所以就介绍这么多,其实他通过自己在工作当中遇到的麻烦为切入点,说了很多关于牧民们的恶习和缺点,我自己想到在高中的课堂上以为非牧民的,不藏文的博士生老师公开侮辱藏族的卓巴(牧民):是卓巴拖了藏族发展的后退!由于我本人就是一个牧民的孩子,当时心里挺难受,但是作为一个十七岁的我来说,没有足够的理由和勇气来反驳这位不知道藏文的博士生,这位老师其实贵南县的藏族,当然不是牧区的,从那之后我一直在汉族学校上学,心里也许暂时只有藏族这个全局的概念,但是前一阵子看到这篇文章我就越觉得这个问题不是那么简单,这种偏见和仇视,为什么这些藏族人越有学问对本民族的牧民有这么大的愤恨?懂藏文可以详细地看看。
以下是原文:

 ༄༅།།  དྲིན་བྱས་དྲིན་དུ་མི་གོ་བའི་བོད་ཀྱི་འབྲོག་པ།

གྱི་ལིང་འཇིགས་མེད།

     ལོ་འདི་དག་ལ་མགོ་ལོག་སོགས་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་རྒན་ངོ་ཤེས་པ་རེ་དང་ཁ་བརྡ་བྱེད་སྐབས་ཀུན་གྱི་ངག་ནས་མ་བགྲེས་གཅིག་མཐུན་གྱི་དཀའ་ཁག་ཅིག་ཐོས་པ་ནི་སློབ་མ་ལ་ཤ་ཚ་ས་མི་འགྲོ་བ་དེ་རེད། རྒྱུ་མཚན་ནི་སློབ་མ་ལ་ཤ་ཚ་ནས་ཅུང་ནན་མོ་བྱས་ན་ཁྱིམ་བདག་སློབ་གྲྭར་ཡོང་སྟེ་གྱོད་བརྒྱག་སྲིད་ཟེར། སྤྱིར་དགེ་རྒན་གྱིས་སློབ་མ་ལ་ཤ་མི་ཚ་བར་བརྙས་བཅོས་བྱས་ན་དེ་ནི་སློབ་གྲྭ་དང་རྒྱལ་ཁྲིམས་གང་གིས་ཀྱང་གུ་ཡངས་གཏོང་མི་སྲིད་ལ། དེ་འདྲའི་དགེ་རྒན་ཞིག་ཕལ་ཆེར་ཡོད་ཀྱང་མི་སྲིད་མོད། འོན་ཀྱང་སློབ་མ་ལ་ཤ་ཚ་ཞིང་འགན་འཁུར་མཁན་ཞིག་ཡིན་ན། རང་བཞིན་གྱིས་ཅུང་རྒོད་ལ་ཤོར་བའི་བོད་ཀྱི་བྱིས་པ་ཚོ་སྐྱོང་བ་ལ་ཞི་དྲག་གཉིས་ཀ་མེད་ན་ག་ལ་ཡོང་། ཕ་མ་གཉིས་ཀྱིས་བྱིས་པ་གཅིག་ཀྱང་ལམ་ལ་འཇུག་དཀའ་ན་དགེ་རྒན་གཅིག་གིས་བྱིས་པ་བཅུ་ཕྲག་མང་བོ་ལམ་དུ་འཇུག་དགོས་ན་ཁ་ཡག་འབའ་ཞིག་བཤད་ནས་ཡོང་ཐབས་ཡོད་དམ།

    དེ་དུས་ངའི་སེམས་སུ་གནད་དོན་དེ་ནི་མགོ་ལོག་ཙམ་ན་ཡོད་པའི་གནད་དོན་ཞིག་རེད་བསམ་མྱོང་། ང་རང་ཆུང་དུས་ནས་སློབ་གྲྭར་སོང་ཞིང་སློབ་གྲྭ་ནས་དགེ་རྒན་གྱིས་གཅར་རྡུང་བཏང་མྱོང་བར་མ་ཟད། ཉིན་ཧྲིལ་བོར་ལག་ལ་རྐུབ་སྟེགས་བཟུང་སྟེ་གྱང་ཁ་ནས་བསླངས་ཀྱང་མྱོང་མོད། ང་ཚོའི་ཁྱིམ་བདག་གི་ནང་དུ་སློབ་གྲྭ་དང་དགེ་རྒན་ལ་བསམ་འཆར་བཤད་མཁན་ཞིག་གཏན་ནས་བྱུང་མ་མྱོང་བས། བོད་ཡུལ་ནས་གནས་ཚུལ་འདི་འདྲའི་རིགས་ཐོས་ཡོང་དུས་ང་ནི་རང་གི་རྣ་བ་ལའང་རེ་ཞིག་ཡིད་མི་ཆེས།

    ཉིན་འདི་དག་ལ་སླར་ཡང་གྲོགས་པོ་ཞིག་བརྒྱུད་དེ་མདོ་སྨད་བྲག་དཀར་སྤྲེལ་རྫོང་ངམ་མཱ་ཞིན་ཧའེ་ཕྱོགས་ནས་ཀྱང་དེ་དང་འདྲ་བའི་གནས་ཚུལ་ནི་རྒྱ་ཁྱབ་ཏུ་གྱུར་ཡོད་ཚུལ་ཐོས་སོང་།

    གནས་ཚུལ་མང་བོ་ཞིག་དབྱར་རྩྭ་ཅུང་མང་བའི་འབྲོག་པ་དག་གི་སྟེང་ནས་བྱུང་བ་རེད་ཟེར། དེ་ནི་ཁོ་ཚོར་སྒོར་མོ་འགའ་རེ་ཡོད་པས་སྣང་བ་ཧ་ཅང་མཐོ། སྣང་བ་དེ་གཞན་ལ་བཀོལ་ས་མ་རྙེད་པས་ད་གཟོད་རང་གི་བུ་ཕྲུག་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་མཁན་གྱི་དགེ་རྒན་དག་གི་སྟེང་ལ་བཀོལ་བ་རེད་ཟེར། གཏམ་འདི་ཐོས་པས་ང་རང་རེ་ཞིག་ཁོང་ཁྲོ་ལངས་ཤིང་དེ་ལྟ་བུའི་འབྲོག་པ་དེ་དག་ལ་བླུན་པོ་དང་། གཏི་མུག་ཅན། ཐ་ཤལ་སོགས་རང་གི་ཡིད་ལ་དྲན་པའི་ཐ་སྙད་ཡོད་ཚད་བཀོལ་ནས་སྡིགས་མོ་ཞིག་བྱེད་འདོད་སོང་།

    ཉིན་འདི་དག་ལ་ངའི་སེམས་སུ་འབྲོག་ཁུལ་གྱི་གནད་དོན་མང་བོ་ཞིག་འཁོར་ཡོང་། ཁོ་ཚོ་གང་དུ་སོང་ཡང་གཞན་གྱིས་མཐོང་ཆུང་དང་འཕྱ་མོད་བྱས་ཚུལ། ཁྲིམས་ཀྱི་སྟེང་ནས་ཀྱང་རང་ལ་ཡོད་ཆོག་པའི་ཁེ་དབང་མང་བོ་ཞིག་གཞན་ལ་ཤོར་བཞིན་པའི་ཚུལ། ཕར་སྒོར་མོ་བྱིན་ཏེ་ཚུར་བརྙས་བཅོས་ཉོ་བཞིན་པའི་ཚུལ་སོགས་མང་བོ་ཞིག་འཁོར་ཡོང་། ཁོ་ཚོས་དེ་དག་གི་སྟེང་ལ་དཔའ་རྟགས་མི་སྟོན་ཅིང་། གནས་ལུགས་བརྩད་དེ་གྱོད་ཀྱང་མི་བརྒྱག་ལ། རྒྱུ་སྣང་ཡང་མི་ཚད་པར་རང་གི་བྱིས་པར་བདག་སྐྱོང་བྱེད་མཁན་གྱི་དགེ་རྒན་གཉོམ་པོ་དེ་དག་གི་སྟེང་ལ་འགྱིང་དོན་ཅི་ཡིན་ནམ། དགེ་རྒན་ཚོས་ཉམས་མྱོང་བཤད་པ་ལྟར་ན། ཁྱིམ་བདག་ཅིག་གིས་གནས་ལུགས་མེད་པར་སློབ་མ་ལ་ཆད་པ་གཅོད་མི་ཆོག་ཚུལ་ལུང་བ་གང་བཤད་དེ་སྟེང་ལ་ཤོར་ཤོར་ན། དེ་ནས་བཟུང་སློབ་མ་དེ་མཐོང་ནའང་སེམས་གཏིང་ནས་སུན་སྣང་ཞིག་སྐྱེས་ཡོང་བས། ཤ་ཚ་ཚ་བྱས་ནས་སྐྱོང་བའི་འདུན་པའང་རྩ་བ་ནས་ཉམས་འགྲོ། དེ་བས་སློབ་གྲྭ་ནས་ཉི་མ་གཏོང་ཐབས་ཙམ་བྱས་ན་དེས་བཟང་ཟེར། དགེ་རྒན་གྱི་སྐད་ཆ་དེ་དག་ལ་བསམ་བློ་ཞིག་བཏང་ན་དེ་ལའང་ཐུགས་ཁག་མི་འདུག་ས་ཧ་ཅང་མང་བོ་འདུག དེ་བས་ང་ལ་མཚོན་ན་དགེ་རྒན་དེའི་རིགས་ལའང་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ཙམ་ལས་གཞན་ཅི་ཡང་བཤད་མ་ཤེས།

    རྒྱུས་ལོན་ཅུང་བྱས་པ་ལྟར་ན་སློབ་གྲྭ་སོ་སོར་ཡོད་པའི་དགེ་རྒན་དག་ནི་སྤྱིའི་ཆ་ནས་སློབ་སྦྱོང་ལ་དགའ་ཞིང་ཡོན་ཏན་ཅུང་ཡོད་པ། དེ་བཞིན་བསམ་པ་བཟང་ཞིང་རིགས་ཞེན་ཡོད་པའི་རིགས་སུ་གཏོགས། འོན་ཀྱང་བོད་ཀྱི་ཁྱིམ་བདག་མང་བོ་ཞིག་ནི་སྒོ་ཆེན་ཁའི་བདེ་སྲུང་བ་ལ་སྐྲག་ཀྱང་དགེ་རྒན་ལ་སྣང་དོགས་ཙམ་ཡང་མེད་པ་ནི་དངོས་གནས་འདང་མི་ཕོག་པ་ཞིག་རེད་ཨང་།

    བོད་ཀྱི་རིག་གཞུང་གི་སྟེང་ནས་བཤད་ན། དགེ་རྒན་ནི་ལམ་གྱི་རྩ་བ་དང་འདི་ཕྱི་གཉིས་ཀའི་ལམ་གྱི་འདྲེན་པ་རེད། སློབ་མའི་རྒྱུད་ཀྱི་སྐྱོན་སྣ་གཅིག་ཇེ་ཉུང་དུ་སོང་བ་དང་ཡོན་ཏན་སྣ་གཅིག་ཇེ་མང་དུ་སོང་བ་སོགས་བདེ་ལེགས་ཐམས་ཅད་དགེ་རྒན་གྱི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་བྱུང་བ་ཡིན་ལ། སློབ་མའི་རྒྱུད་ལ་ཡོན་ཏན་ཅི་འདྲ་ཞིག་འབྱུང་མིན་དེ་སློབ་མ་དེ་དགེ་རྒན་ལ་དད་པ་ཡོད་མེད་ཁོ་ན་ལ་རག་ལས་པ་ཡིན་པར་གསུངས་ཡོད་ལ། དེ་ནི་མི་ལོ་སྟོང་ཕྲག་གི་ཉམས་མྱོང་དང་བྱུང་བ་དངོས་ལ་བརྟག་ནས་ཐག་བཅད་པ་ཞིག་རེད།

    སློབ་མ་དེ་དགེ་རྒན་ལ་དགའ་ཞིང་ཡིད་ཆེས་ཡོད་ན་ད་གཟོད་དགེ་རྒན་གྱིས་གང་ཁྲིད་པའི་ཡོན་ཏན་རྣམས་འཕྲལ་དུ་རྒྱུད་ལ་འབྱོར་སླ་ཞིང་། སློབ་མ་ཁྱིམ་བདག་དང་བཅས་པ་དགེ་རྒན་ལ་དགའ་ཞིང་དད་ན་སློབ་མ་དེའི་རྒྱུད་ལ་ཡོན་ཏན་ངེས་ཅན་ཞིག་འབྱུང་བར་ཁ་ཚོན་གཅད་ཆོག་མོད། འོན་ཀྱང་ཁྱིམ་བདག་གིས་དགེ་རྒན་ནི་རང་གི་ཁོང་ཁྲོ་དང་རྒྱུ་སྣང་ངོམས་ས་ཞིག་ཏུ་ངོས་འཛིན་བྱས་ན་མཐར་སློབ་མས་ཀྱང་དགེ་རྒན་ལ་ལྟ་ཚུལ་དེ་འདྲ་ཞིག་མ་གཏོགས་འཛིན་མི་སྲིད་པས། མཐར་ཡོན་ཏན་སྣ་གཅིག་ཀྱང་སྐྱེ་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་དགེ་རྒན་ལ་ངོ་རྒོལ་དང་བརྙས་བཅོས་སོགས་བྱེད་པའི་བྱིས་པ་ཐ་ཤལ་གྱི་རིགས་སུ་གྱུར་འགྲོ།

    བྲག་དཀར་སྤྲེལ་རྫོང་ནས་སློབ་མ་ལ་ལས་དགེ་རྒན་ལ་ལྕགས་མདུང་གིས་བསྣུན་ཅིང་མཚོན་གྱིས་བརྒྱབས་ཏེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་དགོས་པ་ལྟ་བུའི་ཚད་ལ་བསྐྱལ་བའི་གནས་ཚུལ་ཡང་ལོ་འདི་དག་ལ་ལན་གཅིིག་མིན་པར་ཡང་ཡང་ཐོས་མྱོང་། དོན་རྐྱེན་འདིའི་རིགས་ནི་ལོ་འདི་དག་གི་རིང་ལ་ང་ཚོས་རྒྱ་མི་དག་གི་རིག་གནས་ལ་སློབ་སྦྱོང་བྱས་པའི་འབྲས་བུ་རེད་དམ་ཅི། སྒོར་མོ་ཡོད་ན་གནས་ལུགས་མི་དགོས་ལ། དད་པ་དང་བརྩེ་བ། ཁྲེལ་དང་ངོ་ཚ་སོགས་ཅི་ཡང་མེད་ཆོག་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་འདི་ནི་དོན་དངོས་སུ་བོད་མི་རིགས་ཀྱི་འབྲོག་པའི་གཤིས་ཀ་ལྷད་མེད་དེ་རེད་དམ།

   བོད་ཀྱི་འབྲོག་པ་ཚོར་རང་གི་བྱིས་པའི་དགེ་རྒན་མ་གཏོགས་དགྲ་བོ་ཞིག་མེད་དམ། ཡང་ན་རང་གི་བུ་རབས་ཚ་བརྒྱུད་ཐམས་ཅད་ཀྱང་རང་དང་འདྲ་བའི་བླུན་པོ་ཡི་གེ་ཙམ་ཡང་འདོན་མི་ཤེས་མཁན་ཞིག་ཏུ་གཏོང་འདོད་པ་ཡིན། བྱིས་པའི་དགེ་རྒན་དགྲ་བོའི་ཚད་དུ་བཞག་ན་དགེ་རྒན་དེ་དག་ལའང་རང་བཀུར་གྱི་འདུ་ཤེས་སོགས་མི་ཞིག་ལ་ཡོད་འོས་པའི་འདུ་ཤེས་ཚང་མ་ཡོད་པས་ཁྱོད་ཀྱི་བརྙས་བཅོས་མྱོང་བཞིན་དུ་ཁྱོད་ཀྱི་བྱིས་པ་ལ་བདག་སྐྱོང་བདག་པོ་ཞིག་བྱེད་སྲིད་དམ། སྒོར་མོ་འགའ་རེ་ཡོད་པའི་སྣང་བ་དེ་ཙམ་གྱིས་དུས་རབས་འདིར་ང་ཚོ་ཐ་ན་མིའི་གྲལ་དུའང་ཚུད་དཀའ་སྟེ། ཕྱུག་པོ་དུད་འགྲོ་ལའང་ཡོད་གསུངས་པ་མ་ཡིན་ནམ།

    སྤྱིར་བཏང་ང་ཚོའི་བཤད་རྒྱུན་དུ་འབྲོག་པ་ནི་རང་བཞིན་དྲང་ལ་གཡོ་ལྷད་མེད་པ། གྲོགས་ལ་མཐུན་ཞིང་ཁྲེལ་དང་ངོ་ཚ་ཡོད་པ། དྲིན་ཅན་གྱི་མི་ལ་དྲིན་ལན་གཞལ་བ། བླ་མ་དང་དཀོན་མཆོག་ལ་དད་པ། ལས་དང་རྒྱུ་འབྲས་ཚུལ་བཞིན་བརྩི་བ། བློ་ཁོག་ཡངས་ཤིང་བློ་རིག་གསལ་བ་སོགས་སྐད་ཆ་གང་ཡག་མང་བོས་བསྟོད་པ་འཐེན་བཞིན་ཡོད་ལ། གཞུང་བཟང་གཤིས་དྲང་ཞེས་པ་དང་འབྲོག་པ་གཉིས་ཡིན་ཁྱབ་མཉམ་ལྟ་བུར་ངོས་འཛིན་བཞིན་ཡོད་མོད། སྤྱི་ཚོགས་ཀྱི་གྲུ་ཟུར་རེ་ལ་ཞིབ་ཏུ་བལྟས་ན་ད་གཟོད་འབྲོག་པ་མང་བོ་ཞིག་ནི་ཁྲེལ་མེད་ལ་ངོ་ཚ་མེད་པ། དྲིན་བྱས་ལ་དྲིན་མི་ཚོར་བ། བློ་ཁོག་དོག་ལ་བློ་རིག་མེད་པ། མཐོ་སར་སྐྲག་ཅིང་དམའ་སར་རྣོ་བའི་གཤིས་ངན་སྡར་མའི་རིགས་ཤིག་ཡིན་པ་ངང་གིས་ཤེས་ཡོང་།

     མདོར་ན་བོད་རིགས་ཁྱིམ་བདག་མང་བོས་རང་གི་བྱིས་པར་ཤ་ཚ་ཚུལ་འདི་ནི་དོན་དངོས་སུ་བོད་མི་རིགས་ཀྱི་སྲོག་རྩ་གཅོད་པའི་ནད་ཡམས་ཨེ་ཙི་ལས་བཙོག་ལ་ཉེན་ཚབས་ཆེ་བ་ཞིག་རེད་ཨང་།

 

བོད་ཀྱི་དགེ་རྒན་མང་བོའི་སྡུག་སྨྲེ།

གྱི་ལིང་འཇིགས་མེད།

   བོད་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱིས་རང་གི་བྱིས་པའི་དགེ་རྒན་ལ་སྡང་བའི་དགྲ་ལྟར་ཉེས་རྡུང་བཏང་ཞིང་གྱོད་བརྒྱབས་པའི་སྐོར་གྱི་རྩོམ་ཡིག་དེ་སྤེལ་ནས་ཉིན་གཅིག་ལས་མ་འགོར་བར་གྲག་འགུལ་ཆེན་པོ་བྱུང་སོང་། ཡང་མང་བོ་ཞིག་གི་སེམས་སུ་གནས་ཚུལ་དེ་ནི་དགེ་རྒན་གཅིག་དང་གཉིས་ཁོ་ན་ལ་འཕྲད་པ་ཞིག་ལས་རྒྱ་ཁྱབ་ཏུ་གྱུར་བ་ཞིག་མ་རེད་བསམ་འདུག དེ་ལ་ངས་གལ་ཏེ་ངོ་མ་རྒྱ་ཁྱབ་ཏུ་གྱུར་མེད་ན་ང་ཚོ་ཚང་མ་དགའ་འོས་ལ། ཡང་གནད་དོན་ཞིག་ཏུ་གྱུར་ཚར་ན་རང་ཉིད་གང་ལ་དགའ་ཞིང་དུང་བའི་སེམས་ཀྱི་འཁྱེར་ཚུལ་ཙམ་གྱི་དབང་དུ་མི་གཏོང་བར་གནད་དོན་ལ་བགྲོ་གླེང་བྱས་ཏེ་ཐབས་ལམ་འཚོལ་རྒྱུ་ནི་བོད་མི་རིགས་ལ་ཤ་ཚ་ཞིང་འགན་འཁུར་བའི་བྱེད་སྟངས་ཤིག་ཡིན་པས། ཚོར་སྣང་ཙམ་གྱི་དབང་དུ་མ་སོང་བར་མིག་ཕྱེས་ནས་སྤྱི་ཚོགས་ལ་ལྟ་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། གཤམ་དུ་ངས་ཐོས་པའི་གནས་ཚུལ་འགའ་འགོད་རྒྱུ་ཡིན། འོན་ཀྱང་མི་སྒེར་གྱི་བདེ་འཇགས་ཀྱི་ཆེད་དུ་རེ་ཞིག་དགེ་རྒན་འདི་དག་གི་དངོས་མིང་འགོད་མ་ཐུབ།

    དགེ་རྒན་ཞིག་ན་རེ། ང་ནི་དངོས་ལུགས་དགེ་རྒན་ཞིག་ཡིན་མོད། འོན་ཀྱང་རང་གི་སློབ་མ་ཚོ་བློས་མི་ཐོངས་པར་བོད་ཡིག་དང་རྩིས་རིག་སོགས་སྦྱང་བྱ་སྣ་མང་གི་ཕྱོགས་ནས་གཟབ་ཁྲིད་བྱས་ཤིང་། རང་གི་ངལ་གསོའི་དུས་ཚོད་ཐམས་ཅད་ཀྱང་སློབ་མ་ཚོའི་སྟེང་ལ་བཀོལ་བ་ཡིན། སློབ་མ་གཅིག་གིས་རྒྱུན་དུ་སློབ་ཁྲིད་ལ་མི་ཉན་ཞིང་སྒྲིག་ལམ་མི་བརྩི་བས་དེའི་སྒྱིད་པ་ལ་སྨྱུག་ནས་གཞུས་ཏེ་ཆད་པ་ཞིག་བཅད། དེ་ལ་སློབ་མ་དེའི་ཁྱིམ་བདག་དང་ཉེ་འབྲེལ་རུ་སྐོར་སོགས་དམག་ཏུ་ལངས་ནས་ང་ལ་རྒོལ་དུ་བྱུང་། དེ་ནས་བཟུང་དགེ་རྒན་བྱེད་པའི་འདུན་པ་ཡོངས་སུ་ཉམས་སོང་ཟེར།

   དགེ་རྒན་ཞིག་ན་རེ། ང་ལ་མཚོན་ན་སློབ་མའི་ཁྱིམ་བདག་གིས་གྱོད་བརྒྱབས་པ་ཐེངས་གཅིག་ཁོ་ན་མིན། ལན་མང་བོར་ཡོང་བས་རྗེས་སུ་ངས་ཁོ་ཚོར་ལ་འཛིངས་ཏེ་རྡུང་རེས་བྱས་པ་ཡིན། དེ་མ་གཏོགས་གནས་ལུགས་གཏན་ནས་བཤད་མི་ཐུབ་ཟེར།

   དགེ་རྒན་གཞན་ཞིག་གིས་ཀྱང་། ངས་ནི་དེ་འདྲའི་ཁྱིམ་བདག་འགའ་ལ་རྡུང་རེས་བྱས་མྱོང་ཟེར།

   དགེ་རྒན་ཞིག་གིས། སྤྱིར་བཏང་གི་ཁྱིམ་བདག་ཚོ་ཅི་ཁག སྔོན་ཆད་དགེ་རྒན་བྱས་མྱོང་བའི་རྒན་པ་དག་གི་ཁྲོད་ནའང་རང་གི་བྱིས་པར་ཆད་པ་བཅད་སོང་ཞེས་སློབ་གྲྭའི་ནང་ལ་རྒྱུགས་ཏེ་གྱོད་རྒྱག་མཁན་འདུག་ཟེར།

   དགེ་རྒན་ཞིག་གིས། ང་ཚོས་སྔོན་ཆད་མཐོ་འབྲིང་གསུམ་པ་ལ་དབྱར་གནང་དགུན་གནང་གི་སྐབས་སུ་གསབ་སྦྱོང་ཉིན་མང་བོར་བྱས་པ་ཡིན་མོད། རྗེས་སུ་སློབ་མའི་ཁྱིམ་བདག་གིས་གོང་རིམ་སློབ་གསོའི་སྡེ་ཁག་ལ་ཞུ་གཏུག་བྱས་པས་ད་ལོ་འདི་གཉིས་ལ་གསབ་ཁྲིད་བྱེད་མ་ཐུབ་ལ། སློབ་མའི་རྒྱུགས་འཕྲོད་ཚད་ཀྱང་མངོན་གསལ་གྱིས་མར་ལྷུང་སོང་ཟེར།

   དགེ་རྒན་ཞིག་གིས། ངའི་སློབ་མ་ཞིག་བྲིས་ནས་ཉིན་བཞིར་བོར་སོང་། ང་རང་ཉིན་རེ་བཞིན་སྲང་ལམ་ལ་འཚོལ་དུ་སོང་བ་ཡིན། ཉིན་བཞི་བའི་ཉིན་ཆར་ཞོད་ཅིག་གི་ཁྲོད་དུ་སོང་བ་ན་ཁང་རྙིང་ཞིག་ནས་རྙེད་བྱུང་། འོན་ཀྱང་ཁྱིམ་བདག་ངའི་སྟེང་ལ་སྨྱོན་པ་བཞིན་རྒྱུགས་ནས་གྱོད་བརྒྱག་རྒྱུ་བྱས་པས་ངས་ཀྱང་ཁོ་ལ་ཡ་ལན་བྱས་ནས་རྡུང་རིས་བྱེད་རྩིས་བྱས་པས་མཐར་ལྷོད་ལ་བབ་སོང་ཟེར།

    དགེ་རྒན་ཞིག་ན་རེ། ཐེངས་ཤིག་ཁྱིམ་བདག་གི་སྐད་འཕྲིན་ཚོམས་སུ་སློབ་མའི་ལས་བྱ་འབྲི་དེབ་ཉོ་རྒྱུའི་སྐོར་ཞིག་བཤད་སྐབས་ཁྱིམ་བདག་ཅིག་གིས་དེ་ཁྱོད་ཚོས་བཀོད་པ་བྱོས་ཟེར། ངས་དེ་མ་ཟེར་ཞེས་བཤད་པར་ཁྱོད་ཚོ་ནི་གླ་བྱིན་པའི་གླ་བ་རེད། དེ་ཙམ་ཡང་མི་བྱེད་ན་ཅི་བྱེད་ཟེར། དེ་ནས་ངེད་གཉིས་ཁ་འཛིང་ཅུང་བྱས་པ་ན་ང་རང་བུད་མེད་ཅིག་ཡིན་པས་བརྙས་བཅོས་བྱས་ཏེ་སྒེར་ལ་ཁ་པར་ཡོང་ནས་ངས་ཁྱོད་གསོད་རྒྱུ་ཡིན་ཟེར། དེའི་སྐོར་རྣམས་སྒྲར་བླངས་ཡོད་ཟེར།

     གཞན་ད་དུང་འདིའི་སྐོར་གྱི་སྐད་ཆ་མང་བོ་ཞིག་ཡོད་མོད། ག་ལེར་འགོད་རྩིས་ཡོད།

     ངས་གནད་དོན་འདིའི་སྐོར་ལ་རྒྱུས་ལོན་བྱ་ཕྱིར་མི་མང་བོར་དངོས་སུ་བཅར་འདྲི་དང་ཁ་པར་གྱི་སྐད་འཕྲིན་དུ་ཚོམས་བཙུགས་ཏེ་རྒྱུས་ལོན་བྱས་པར་ཁྱིམ་དགེ་རྒན་ཞིག་གིས་ཁྱིམ་བདག་གི་ཚབ་ཏུ་ང་ལ་དྲི་བ་ཞིག་བཏོན་བྱུང་། དེ་ནི་སློབ་མ་རྣམས་དུས་རབས་དང་འཚམ་པར་ཇི་ལྟར་སྐྱོང་ཟེར་བ་དེ་རེད། ངས་དེ་ལ་བསྐྱང་བྱའི་སློབ་མ་དེ་དུས་རབས་གང་ལ་འཚམ་པར་བལྟ་དགོས་བསམ་བྱུང་། དེ་བས་འཕྲལ་དུ་སློབ་མ་ཁོ་དུས་རབས་འདི་དང་མི་འཚམ་ན་སྐྱོང་ཚུལ་ཡང་དུས་རབས་འདི་ལ་བསྟུན་མི་རུང་ཞེས་བཤད་པ་ཡིན། དུས་རབས་འདི་ཞེས་པ་ནི་དེང་རབས་ཅན་གྱི་དུས་རབས་སམ་ཡང་ན་དགེ་རྒན་ལས་སློབ་མ་གཙོ་བོར་འཛིན་པའི་དུས་རབས་ཞེས་པར་གོ་བ་ལེན་དགོས།

    ཁ་སང་གི་རྩོམ་ཡིག་དེར་འདབས་མཆན་འགོད་མཁན་མང་བོ་བྱུང་བས་ཧ་ཅང་དགའ་བོ་བྱུང་། འོན་ཀྱང་མང་ཤོས་ཀྱིས་འབྲོག་པ་ཞེས་པའི་ཐ་སྙད་དེ་མ་གཏོགས་གནད་དོན་ཅི་ཡིན་ལ་གཏན་ནས་བལྟས་མི་འདུག་ལ། འགའ་རེས་ད་ནི་ང་ཡང་ཁ་རོག་ལ་མི་འདུག ཁྱོད་ལ་ཅིག་བྱེད་རྒྱུ་ཡིན་སོགས་འཇིགས་སྐུལ་གྱི་སྐད་ཆ་རེ་བཤད་འདུག སྐབས་དེར་ངའི་སེམས་སུ་རྡོ་སྦིས་དགེ་བཤེས་ཀྱི་གསུང་ཚན་པ་ཞིག་དྲན་བྱུང་། ཁོང་གིས་1962ལོ་ཡས་མས་ཤིག་ལ་གྲངས་ཉུང་མ་རིགས་ཀྱི་བྱ་བའི་འཚོགས་འདུ་ཞིག་གི་སྟེང་ནས་ཀྲུང་དབྱང་གི་འགོ་ཁྲིད་ལིས་ཝིས་ཧན་གྱི་གདུང་ལ་མཛུབ་མོ་བཙུགས་ཏེ་གསུང་རྒྱུར། ཁྱོད་ཚོ་ནི་ཁྱིམ་ཚང་དང་བྱིས་པ་སོགས་བསམ་བློ་གཏོང་ས་མང་བའི་མི་ཡིན། ང་ནི་གྲྭ་བ་གྲྭ་རྐྱང་ཡིན་པས་ཁ་སེམས་མེད་པར་རྒྱལ་ཁབ་ཀྱི་དོན་བཤད་པ་ཡིན། ང་ལ་བསམ་བློ་གཏོང་ས་གཞན་མེད། སྤོས་རྐང་གཅིག་མེ་ལ་སྒྲོན་པ་དང་འདྲ་ཞེས་གསུངས་མྱོང་།

    འདབས་མཆན་མང་བོ་བཀོད་པ་ལས་དགེ་རྒན་གྱི་ལས་རིགས་གཉེར་མཁན་ཚང་མས་གདུང་སེམས་སྟོན་ཅིང་དྲ་འབུ་ལས་གནས་ངེས་གཏན་མེད་པ་དག་གིས་སྐྱག་པ་ཟོ་ཟེར་བ་སོགས་སྣ་ཚོགས་བྱུང་འདུག འོན་ཀྱང་མཐར་གཏུག་ན་བོད་ཀྱི་སློབ་གསོའི་གནད་དོན་ཆེན་པོ་ཞིག་གླེང་མི་ཕོད་ཅིང་། གླེང་ན་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཧ་ཅང་མང་བོ་བྱུང་སོང་།

    བོད་ཁུལ་གྱི་དགེ་རྒན་མང་བོ་ཞིག་ནི་དུས་ནམ་ཡང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མེད་ལ། བོད་ཀྱི་ཤེས་ཡོན་པའི་གདུང་སེམས་མེད་པ། སློབ་གྲྭ་དང་སྤྱི་ཚོགས། སློབ་མ་དང་འཚོ་བ་སོགས་གང་གི་མདུན་དུའང་དོ་སྣང་བྱེད་མཁན་དང་སེམས་ཁུར་བྱེད་མཁན་མེད་པའི་དཔུང་སྡེ་ཁེར་རྐྱང་བ་ཞིག་ཏུ་གྱུར་དང་འགྱུར་བཞིན་པའི་སྣང་ཚུལ་གསལ་བོ་ཞིག་ར་འཕྲོད་བྱུང་།

    ལ་ལས་འབྲོག་པ་རེ་གཉིས་ཀྱི་སྤྱོད་པ་རེད་ཟེར། འབྲོག་པ་ཁྲི་སྟོང་མང་བོ་སློབ་གྲྭ་ལ་མ་རྒྱུགས་ན་ད་དུང་གནད་དོན་ཞིག་མ་རེད་བསམ་ཡོད་པ་འདྲ། གལ་ཏེ་འབྲོག་པ་ཚང་མ་དམག་ལ་འགྲོ་དགོས་ན་དེ་འགྲོ་ས་ད་དུང་གཞན་ན་ཡོད་པ་མ་ཡིན་ནམ། ཡང་འགའ་རེས་འབྲོག་པ་མ་གཏོགས་རོང་བ་བཤད་མི་འདུག་ཟེར། ངས་བོད་ཁུལ་ཡོངས་ཀྱི་གནད་དོན་བཤད་རྩིས་ཡིན་པས་རོང་བ་ཙམ་མ་ཟད། ད་དུང་ཞིང་བ་དང་ཞིང་མ་འབྲོག་སོགས་གང་ན་གནད་དོན་ཡོད་ན་དེ་དག་ཚང་མ་ག་ལེར་ཡོང་ངེས་ཡིན།

    མདོར་ན་བོད་ཀྱི་དགེ་རྒན་ཚོའི་སྐྱིད་སྡུག་འདི་ནི་བོད་ཀྱི་སློབ་གསོའི་སྐྱིད་སྡུག་ཅིག་རེད། ས་གནས་ལ་ལ་ནས་ད་དུང་ཁྱིམ་བདག་དགེ་རྒན་གྱི་སྟེང་ལ་རྒྱུགས་ན་སྲིད་གཞུང་གིས་གལ་ཏེ་གནས་ཚུལ་འདི་ས་གནས་གཞན་ནས་ཤེས་མཁན་བྱུང་ན་དགེ་རྒན་ཚོའི་ལག་ནས་ལས་ཀ་འཆོར་སྲིད་པའི་འཇིགས་སྐུལ་བཏང་བའང་དངོས་སུ་མཐོང་ཐོས་བྱུང་། དེ་བས་སེམས་ཐག་བཅད་དེ་བོད་ཀྱི་དགེ་རྒན་མང་བོ་ཞིག་དང་སྐྱིད་སྡུག་གཤིབ་པ་དེ་ཡིན། མུ་མཐུད་དུ་གནད་དོན་གང་ཡོད་སྤེལ་དགོས་པས་ཀུན་གྱིས་འདབས་མཆན་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་བགྲོ་གླེང་གནང་རོགས། 

ཡོངས་ཁུངས། གྱི་ལིང་འཇིགས་མེད་ཀྱི་འཕྲིན་སྟེགས།

发表评论 评论 (1 个评论)

回复 trarabTB 2019-2-1 08:28
凡是老师就一定因为能教学生而可以打骂学生?
凡是有老师的头衔就能认定其没有错误?
我自己越思越觉得带着如此偏见的老师会带出一批怎样的学子,会给学生灌输怎样的知识!
我就不信那些不懂得维权,不懂得藏文汉文,没受过教育,没上过学的牧民就一定不会感恩,就百分之百是他们的错误!

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-6-6 06:03 , Processed in 0.054999 second(s), 21 queries .

返回顶部