博客西藏在最高处过一种生活

日志

ཕ་སྐད་ལ་ཉམས་ཉེས་ཤོར་ན་རིག་གཞུང་མེར་བསྒྲོ ...

热度 1已有 369 次阅读2017-4-8 02:13 |系统分类:教育


ཕ་སྐད་ཧ་ཅང་གཙོ་བ་སུས་ཀྱང་ཤེས་སྲིད།  ཡིན་ཡང་ཅིའི་ཕྱིར་གཙོ་བ་ཤེས་སྲིད་ཡང་ཤེས་མི་སྲིད་པར་ངེས། 
ཕ་སྐད་གཙོ་བ་སུས་ཀྱང་ཤེས་སྲིད།   ཡིན་ཡང་སྐད་གཅིག་ལ་བརྟེན་པའམ་སྐད་མེད་པའི་ཡི་གེ་ཅིག་གིས་མི་རིགས་ཞིག་འཚོ་ཐབས་མེད་པ་
ཕལ་ཆེར་ཤེས་ནི་ཉུང་ཉུང་ཡིན་རྒྱུ་རེད། 
༢༠༡༦ལོའི་སྡོམ་རྩིས་ལྟར་ན་ཀྲུང་གོ་རྒྱལ་ཁབ་ལ་མི་གྲངས་དུང་ཕྱུར་༡༤ལྷག་ཡོད།  བོད་ལ་ས་ཡ་དྲུག །  འདི་ཡང་ཤེས་ནི་ཡོད་སྲིད་པ་དང་མི་སྲིད་པར་ངེས།
རྒྱུ་མཚན་ནི་བོད་ཀྱི་ས་ཆ་བརྒྱ་ཆའི་བརྒྱད་བཅུའི་ཡན་འབྲོག་པ་ཡིན་ཞེས་ན་བསམ་འཆར་མེད་པ།  འབྲོག་བརྒྱ་ཆའི་དགུ་བཅུའི་ཡན་ཡིག་རྨོངས་ཡིན་ཞེས་བཤད་ན་བསམ་འཆར་མེད་པ།
དེ་ལས་གྲྭ་བ་ཕུད་ན་ལྷག་མའི་དེང་རབས་ཀྱི་སློབ་གྲྭ་འགྲིམས་པའི་ནང་བོད་ཡིག་ལ་དགའ་མཁན་དུ་ཡོད།  ཤེས་མཁན་དུ་ཡོད།  ཧ་ཅང་རྩེར་སོན་པ་ག་ཚོད་ཡོད། 
འདིར་བོད་ཡིག་མཐོང་མ་མྱོང་བའི་བོད་ཀྱི་སློབ་མ་དེ་ཚོ་ལབ་ཀྱི་མེད།  གོ་སྐབས་རེག་མ་བྱུང་ན་བོད་མི་རིགས་ཀྱི་སྐྱོན་རེད།  ང་ཚོའི་དོ་ཁུར་མ་བྱས་པའམ་ང་ཚོ་བླུན་དྲགས་པའི་རེད།
ད་དུང་ཡིན་ན་ཡང་སློབ་གསོའི་གནས་སྟངས་ཧ་ཅང་སྐྱོ་ཡང་གྲོས་གཞི་འདོན་པའི་རེ་བསྐུལ་ལ་བོད་པ་རང་ནས་དགག་པ་རྒྱག་མཁན་ཡོད་འདུག ། 
ལ་ལས་ནི་འདི་རང་ནི་མི་སྒེར་གྱི་གནད་ཅིག་དང་མི་སྒེར་གྱི་འཚོ་བར་བར་ཆད་བྱེད་པ་ཅིག་ཏུ་བསམ་གྱི་འདུག ། ཡིན་ཡང་འདི་ནི་ལ་རྒྱ་མིན། འདི་ཤི་གསོན་གྱི་འཕགས་འཚགས་དེ་བས་ཡང་མིན།  འདི་ནི་བོད་པ་ཚང་མ་གྲོས་ཐོག་གཅིག་ཏུ་འབབ་ཨེ་ཐུབ་བསམ་པའི་གོ་སྐབས་ཅིག་ཡིན།  རྒྱུ་མཚན་ནི་སྐད་དང་ཡི་གེ་མ་ཉམས་པ་གཞིར་བཞག་གི་སྟེང་ནས་འཕེལ་རྒྱས་སུ་འགྲོ་དགོས་ན་ཚད་ལྡན་གྱི་བོད་ཡིག་གི་ཐ་སྙད་རིག་པ་བཟོ་དགོས་པ་རེད།  འོན་ཀྱང་འདི་ནི་བོད་མི་རང་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོར་བརྟེན་ནས་དཀའ་ལས་དྲག་པོ་རྒྱག་ནས་བཟོ་རྒྱུ་ཉག་གཅིག་རེད།  འདི་ནི་ཆེས་རྩ་བའི་དོན་དག་རེད།  འདི་བྱེད་པ་ཡིན་ན་རྗེས་སུ་ཞིབ་འཇུག་དང་ཤེས་བྱ།  རིག་གཞུང་། དཔལ་འབྱོར་མཉམ་ལས་སོགས་ཕྱོགས་གང་ནས་ཡང་ཧ་ཅང་སྟབས་བདེ་བསྐྲུན་ཡོད།   དེ་ལས་ཀྱང་གལ་ཆེ་བ་ཅིག་ནི་བོད་ཀྱི་སློབ་གསོའི་ཐད་ལ་ཐད་ཀར་གྱི་ཁོར་ཡུག་བླ་མེད་ཅིག་བསྐྲུན་ཡོད་པ་རེད།  ང་ཚའི་རྒྱལ་ཁབ་སྲིད་ཇུས་དང་མཐུན་པའི་སློབ་དེབ་བཟོས་ཆོག་པ་དང་སྒྲ་བསྒྱུར་སོགས་ལ་ཡང་ཚད་ལྡན་ཅིག་ཡོང་བའི་རེ་བ་ཆེན་པོ་དང་ཡིད་ཆེས་ཡོད་སྲིད།  དེ་བས་ཡིན།
མི་རང་རང་སོ་སོ་ནས་བསམ་བློ་བཏང་རྗེས་མཉམ་དུ་གྲོས་འགོ་ཅིག་ལ་ཨེ་འགྲོ་ཞེས་པ་ཡིན་ན་དངོས་གནས་ཡག་པོ་ཅིག་རེད་བསམ་པའི་འདི་བྲིས་པ་ཡིན།  ཐུགས་རྗེ་ཆེ་ཞུས་པ་ཡིན།

发表评论 评论 (2 个评论)

回复 雪域猛禽 2017-4-14 19:51
  
回复 trarabTB 2017-4-17 08:47
雪域猛禽:   
རྒན་ལགས་སྐུ་ཚེ་རིང་།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-4-21 11:41 , Processed in 0.296335 second(s), 22 queries .

返回顶部