博客西藏在最高处过一种生活

日志

ལ་དྭགས་དགེ་བཤེས་བློ་བཟང་འཇམ་དཔལ་མཆོག།拉达克 ...

已有 263 次阅读2017-8-20 09:36 |系统分类:文化| 圖伯特

ལ་དྭགས་དགེ་བཤེས་བློ་བཟང་འཇམ་དཔལ་མཆོག།

拉达克格西洛桑嘉帕,紐約哥倫比亞大學.

དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་དག་ཏུ་བདག་སྒྲའི་སྐོར་ལ་དམིགས་བསལ་གསུངས་མེད་པ་ལྟར་ན། འདི་དག་གི་དུས་སུ་བདག་སྒྲ་ལ་འགྱུར་བ་ཆེར་མེད་པར་མངོན་ནོ། །དེར་མ་ཟད་ཕྱི་དུས་ཀྱི་མདོ་སྨད་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ཀྱང་ལུགས་འདི་ཉིད་གཅེས་པར་འཛིན་པར་མཐོང་སྟེ། རྗེ་བཙུན་ལྕང་སྐྱ་རོལ་པའི་རྡོ་རྗེ་ཞབས་ཀྱིས། གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་དུ། ཚངས་པ་པ། རིག་བྱེད་མཐའ་པ། ཞེས་དང་། རྗེ་ཐུ་བཀྭན་ཆོས་ཀྱི་ཉི་མའི་ཞབས་ཀྱིས། གྲུབ་མཐའ་ཤེལ་གྱི་མེ་ལོང་དུ། ཇོ་ནང་པ། འབྲི་ཁུང་པ། རྙིང་མ་པ།  ས་སྐྱ་པ། ཞེས་དང་། རྗེ་གུང་ཐང་བསྟན་པའི་སྒྲོན་མེས། བཀའ་རྩོམ་སྣ་ཚོགས་སུ། རིག་དང་རྐང་པར་ལྡན་པ་སྟོབས་བཅུའི་རྩལ། ཞེས་དང་། འགྲོ་ལ་ཆོས་སྲིད་འབྱོར་པའི་བདེ་དགའ་རྒྱས། ཞེས་དང་། གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་པ། ཞེས་པ་ལ་སོགས་པ་དེ་དག་གི་གསུང་རྩོམ་སྔར་གྱི་ཤིང་སྤར་དཔེ་ཆ་ཀུན་ན་མཐའ་ཡས་པ་མཆིས་པ་ལས་འདི་དག་ནི་མཚན་བྱེད་ཙམ་དུ་བཀོད་པ་ལགས་སོ། །འོན་ཀྱང་མཁས་གྲུབ་ཆེན་པོ་འདི་རྣམས་ཀྱི་གསུང་ཚིག་དེ་དག་ལ་དེང་དུས་ཀྱི་མདོ་སྨད་ཀྱི་མཁས་པ་རྣམས་ཀྱིས་བསྒྱུར་བཅོས་བཏང་ཡོད་པ་ནི་སྤར་གས་ར་དུ་བསྐྲུན་པའི་དཔེ་ཆ་ཀུན་ན་གསལ་ལོ། །་ ་  ་

        དིང་སང་སོ་སོའི་ལུང་སྐད་ཀྱིས་བོད་ཀྱི་སྐད་བྱིངས་ལ་འགྱུར་བ་བཏང་ཡོད་པ། དེ་དག་ལ་འགའ་ཞིག་དཔེར་མཚོན་པ་དགོད་པ་ལ། བོད་གངས་ཅན་དུ། དིང་སང་མདོ་སྨད་པ་ཀུན་བོད་ཀྱི་རིག་གཞུང་སྐོར་ལ་བོད་ཀྱི་ལུང་པ་གཞན་ལ་བལྟོས་ཏེ་དོ་སྣང་ཆེ་བར་མཐོང་། གཞུང་གསར་རྙིང་མང་པོ་སྤར་བ་དང་། སྤེལ་བ་ལ་གཟེངས་བསྟོད་ཞུ་བར་འོས་པ་དང་ཆབས་ཅིག་སྐྱོན་བརྗོད་ཀྱང་འོས་པ་འདུག་སྟེ། ཇི་སྐད་དུ།

བདག་ཉིད་ཆེ་ལ་སྐྱེ་བོ་ཀུན།

སྐྱོན་ཚོལ་འགྱུར་གྱི་དམན་ལ་མིན།

འཕན་ཟེལ་རིན་ཆེན་ལ་ལྟ་ཡི།

མགལ་དུམ་ལ་ནི་སུ་ཞིག་དཔྱོད།།

ས་པཎ་ལེགས་བཤད། རབ་བྱེད་ ༢། ཚིགས་༢༣

དེ་ཡང་ཉེ་བའི་དུས་ཀྱི་མདོ་སྨད་པ་རིག་པའི་གནས་ལ་མཁས་པ་ཚེ་ཏན་ཞབས་དྲུང་མཆོག་གིས། བརྡ་སྤྲོད་ ་་་ ཐོན་མིའི་ཞལ་ལུང་། སྤར་པའི་ལོ་མ་ངེས། ཞེས་པ་ལས།

ག་ད་བ་ས་ན་མ་པ།

ང་འ་ར་ལ་མཐའ་མེད་བ།

ཞེས་པའི་ཐོབ་ཐང་ལྟར། ་ ་ ་ བ་ཡིག་བདག་སྒྲ་ལ་འཇུག་པ་ནི། རོང་བ། མཐའ་བ། ཤར་བ། འགྲུལ་བ། ལྷ་ས་བ། མིང་མཐའི་བ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། རྐང་བ། བཅའ་བ། དང་བ། འོལ་བ། ཀ་བ། ཞེས་པ་ལྟ་བུའོ། །དེབ་ཤོག་གྲངས་ ༡༨༠ 

མཁས་པ་དམུ་དགེ་བསམ་གཏན་མཆོག་གིས། བོད་ཀྱི་ཡི་གེ་སྤྱིའི་རྣམ་དུ། སྤར་པའི་ལོ། ༡༩༩༢

པ་བ་པོ་པོ་ཅན་ལྡན་རྣམས།

བདག་པོ་སྟོན་བྱེད་བདག་སྒྲ་ཡིན།

ག་ད་ན་བ་མ་ས་དང་།

ད་དྲག་ཅན་མཐར་པ་དང་པོ།

ང་འ་ར་ལ་མཐའ་མེད་མཐར།

བ་དང་བོ་ཉིད་སྦྱོར་བ་འོ།།

ཞེས་པ་ལྟར། ་ ་ ་ང་འ་ར་ལ་མཐའ་མེད་རྣམས་ལ་བ་དང་བོ་སྦྱར་ལ། ་ ་ ་ དཔེར་ན། ཞིང་བ། མདའ་བ། མགར་བ། བྱ་ཡུལ་བ། སློབ་གྲྭ་བ་ལྟ་བུ་དང་། ཤོག་གྲངས་༦༥ དང་ ༦༦

ཞེས་པ་ལྟར་ང་འ་ར་ལ་མཐའ་ཅན་དང་། མཐའ་རྟེན་མེད་པ་ཀུན་ལ་བ་ཡིག་ཁོ་ན་འབྲི་བའི་ཤིང་རྟའི་སྲོལ་འབྱེད་དེ་དག་དང་། དེ་དག་གི་རྗེས་འབྲང་རྣམས་ཀྱིས་ནི་བདག་སྒྲ་ལྟ་ཅི། གོང་གསལ་རྗེས་འཇུག་རྣམས་ཀྱི་མིང་མཐའི་པ་ཡིག་ཡིན་ནོ་ཅོག་ཀྱང་བ་ཡིག་ཏུ་བསྒྱུར་ཡོད་པར་སྣང་ངོ་། 


གོང་གསལ་གྱི་རྩོམ་ཡིག་འདི་དག་༡༩༩༠པའི་དཀྱིལ་ཙམ་ལ་བྲིས་ཤིང་། ༡༩༩༩ ལོར་ཆུ་ཤིང་བསྟན་བཅོས་དང་། རྗེ་གུང་ཐང་བསྟན་སྒྲོན་རྣམ་ཐར་བསྡུས་བསྒྲུགས། བོད་ཀྱི་བརྡ་སྤྲོད་ལོ་རྒྱུས་བཅས་སྤར་པ་ནས་ཇི་ལྟ་བ་བཞིན་དེའི་དུས་བྲིས་པ་འདྲ་བཤུས་བྱས་ཤིང་། སྔར་ལོ་ངོ་ཉི་ཤུའི་སྔོན་ནས་བོད་ཀྱི་བཀའ་བསྟན་གསུང་འབུམ་སོགས་ཀྱི་ཡི་གེའི་དག་ཆར་སྦྱོང་བཞིན་པས་གཞན་ལ་ཡང་དེ་ལྟར་མཛད་དགོས་པའི་བསྐུལ་མ་ཞུ་བར་ཡོད་པས། སྤྱི་ལོ་༢༠༡༧ ཟླ་༨་ཚེས་༢༠་ལ་ཕུ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-4-21 11:43 , Processed in 0.262693 second(s), 21 queries .

返回顶部