博客西藏在最高处过一种生活

日志

དགེ་བཤེས་ལ་དྭགས་བློ་བཟང་འཇམ་དཔལ་མཆོག།拉达克 ...

热度 1已有 386 次阅读2017-6-10 08:16 |系统分类:见闻| 圖伯特

བརྩེ་ལྡན་གཅོད་པ་ཐར་ལེགས།

སྦལ་ཏི་རྣམས་ཀྱིས་ཛམ་གླིང་ན། རི་བོ་མཐོ་ཤོས་ཨང་༢་པ་ལ། ཆེ་མགོ་རི། ཟེར།

སྐད་ཀྱི་དབང་གིས་ཆེ་ཞེས་པ་མགོའི་སྔོན་དུ་ཟེར། ཡོངས་གྲགས་བོད་སྐད་དུ། མགོ་ཆེ་རི། མགོ་ཆེན་རི་བོ། ཞེས་པ་ལེགས་སོ། 

མྱུར་མཇལ་བཀྲ་ཤིས་བདེ་ལེགས།

འཇམ་དཔལ་ནས།

拉达克格西洛桑嘉帕,紐約哥倫比亞大學.

05.28.2017

发表评论 评论 (10 个评论)

回复 pari 2017-6-10 08:18
ང་སྐྱེས་ས་ལུང་པ་ལ་བ་མགོའམ། ཁ་སྐད་དུ། བ་སྒོ་ཟེར། མི་ཚང་ལ་བ་སྒོ་གྲོང་དཔོན་ཟེར།

སྔོན་དུས་བ་སྒོ་དེ་ལ་དྭགས་ཀྱི་རྒྱལ་ས་ཡིན། བཀའ་འགྱུར་བྲིས་མ་ཆ་ཚང་དང་། གསེར་ཡིག་བྲིས་མ་ཁ་འཐོར་ལྷག་མ་པོ་ཐི་བཞི་ཙམ་འདུག་ཟེར། གད་པའི་སྒང་ན། སྔོན་གྱི་མཁར་ཞིག་རལ་་རྙིང་པ་དང་། བྱམས་པའི་ལྷ་ཁང་གསུམ་ད་ལྟ་ཡང་ཡོད། བྱམས་པ། གསེར་སྦྱངས་དང་། བྱམས་ཆུང་ཟེར། བྱམས་པ་དང་། བྱམས་ཆུང་གི་ལྡེབས་བྲིས་ན། རྒྱལ་བ་ཙོང་ཁ་པ་དང་། དམ་ཅན་ཆོས་རྒྱལ་སོགས་ཡོད།
གསེར་སྦྱངས་ཀྱི་བྱམས་པ་ཟངས་ནག་བརྡུངས་དེ་རྒྱལ་པོ་འཇམ་དབྱངས་རྒྱལ་གྱི་དུས་སུ་གྲུབ། རྒྱལ་པོ་དེ་ཡི་བཙུན་མོ། རྒྱལ་མོ་ཁ་ཏུན་ཞེས་པ་མུ་སུལ་མན་གྱི་ཆོས་ལུགས་མས་གསེར་གསོལ་པ་དང་། ཁྲ་རྒྱན་རྣམས་ཕུལ་ཏེ། འབྲུག་པ་བཀའ་བརྒྱུད་བླ་མ་སྟག་ཚང་རས་པས་རབ་གནས་མཛད། ལོ་ངོ་༤༠༠་ལྷག་གི་གཏམ་རྷིང་པ་ཡིན།
རྒྱལ་པོ་འཇམ་དབྱངས་རྣམ་རྒྱལ་གྱིས་བླ་མ་སྟག་ཚང་རས་པ་ཟངས་དཀར་དུ་མཇལ། ང་ཡང་འབྲུག་པ་བཀའ་བརྒྱུད་པའི་སྦྱིན་བདག་ཡིན། ལ་དྭགས་ལ་ཕེབསད་གོས་ཞུས། བླ་མ་སྟག་ཚང་རིན་པོ་ཆེས་ད་ལྟ་ང་ཨུ་རྒྱན་དུ་གནས་མཇལ་ལ་བླ་མའི་བཀའ་དགོངས་ལྟར་འགྲོ་དགོས་ཡོད། དེ་ནས་ལོག་ནས་ལ་དྭགས་སུ་འོང་ངེས་གསུངས། ལོ་གཅིག་རྗེས་སུ་བླ་མ་སྟག་ཚང་བ་མགོར་ཕེབས་དུས། རྒྱལ་པོ་འཇམ་དབྱངས་མེད་པར་རྒྱལ་མོ་ཁ་ཏུན་དང་། རྒྱལ་བུ་གཉིས་ལ་དབང་བསྐུར་མཛད། རྒྱལ་བུ་གཉིས་ནི། སེང་གེ་རྣམ་རྒྱལ་དང་། ནོར་བུ་རྣམ་རྒྱལ་གཉིས་ལགས།
རྒྱལ་པོ་འཇམ་དབྱངས་ཇི་ལྟར་དང་། ག་རུ་སྐུ་གཤེགས་པ་ད་བར་དུ་རྩད་མ་ཆོད།
དིང་སང་ལ་དྭགས་དང་། ཟངས་དཀར། གནུབས་རྭ། བྱང་ཐང་བཅས་བསྡོམས་ན་ཡང་། རྒྱ་གར་གྱི་ལུགས་ལྟར་མི་་གྲངས་འབོར་གྱིས་རྫོང་ཁག་ལོངས་པ་མེད་ཀྱང་། ས་གཞི་རྒྱ་ཆེ་བས། གོང་གསལ་ཡུལ་ལྗོངས་སྡོམས་པ་ལ། ལ་དྭགས་ཞེས་མིང་བཏགས་ཏེ། རྒྱ་གར་ལུགས་ཀྱི་རྫོང་ཁག་སྟེ། ཇམམུ་དང་ཀ་ཤྨིར་ཞེས་པའི་རྒྱལ་སྲིད་ཁོངས་སུ། བསྡུས་སོ།
འཇམ་དཔལ་ནས།
拉达克格西洛桑嘉帕,紐約哥倫比亞大學.
06.03.2017
回复 trarabTB 2017-6-16 13:28
  
回复 pari 2017-7-1 09:00
དེ་རིང་སྙན་གྲགས་ཅན་གྱི་གླུ་མ་རིག་འཛིན་སྒྲོལ་མ་ཡིས་བོད་ལྭ་མི་གྱོན་པ། དཔའ་རིས་སྟག་ལུང་བོད་རིགས་ཚོ་ལ་སློབ་གསོ་གནང་འདུག ༢༠༡༧་ལོའི་ཟླ་བ་༦་ཚེས་༣༠་ཉིན།
回复 pari 2017-7-1 09:01
ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད།གལ་སྲིད་ངས་མ་ཤེས་ནའང་ངོ་ཚ་དགོས་དོན་མེད།འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན།དེ་ནི་ངའི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།
          _________པཎ་ཆེན་རིན་པོ་ཆེས།
我会说汉语是我的能力的体现,如果我不会说汉语我也不感到羞耻,但是如果我不会藏语和藏文,那就是我的耻辱。
          __________十世班禅仁波切
回复 pari 2017-7-9 19:57
བོད།Tibet圖伯特
ཤར།=Shar=夏=东——ཤར་པ།=Shar pa=夏尔巴=东部人
ལྷོ།=Lho=洛=南——ལྷོ་པ།=Lho pa=洛=洛巴=南方人
ནུབ།=Nub=努=西——ནུབ་པ།=Nub pa=努巴“尼瓦尔”=Nepal-西部人
བྱང་།=Byang=羌=北—-བྱང་པ།=Byang pa=羌巴=北方人
རོང་།=戎(絨)=農,農區.རོང་པ།=农区人.
回复 pari 2017-7-9 20:14
ལ་དྭགས་བློ་བཟང་འཇམ་དཔལ་གྱི་གསུང་ལན།

སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ།

ཉིན་ཤས་སྔོན་ཁོ་བོས་མཁྱེན་ལྡན་མ་ཚེ་རིང་སྐྱིད་ཀྱི་ཤེས་རབ་ཀྱིས་ཡིད་འཕྲོག་དྲགས་ཏེ། ཁོ་མོའི་ངང་ཚུལ་བརྗོད་པའི་ཀ་རྩོམ་སྙན་ངག་ཅིག་འཕྲལ་དུ་བྲིས་ནས་དྲ་ཐོག་ཏུ་བཏང་བ་ལ། སྐུ་ཉིད་ཀྱིས་ཡིག་སྐྱོན་ཐེར་འདོན་སོགས་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཁ་བརྡ་དྲ་ཐོག་ཏུ་གཏོང་ཚར་བ་ལ་ཡིག་སྐྱོན་བཅོས་ཐབས་མེད་ཀྱང་། ཕྲན་སྒེར་གྱི་དྲ་ཐོག་ནས་ཡིག་སྐྱོན་རྣམས་བཅོས་ཡོད་པས་དེར་གཟིགས་རོགས་ཞུ།
དྲ་ཐག་འདི་ཡིན་ལགས། http://lightof-wisdom.blogspot.com/2011/08/blog-post.html ལར་ཕྲན་ལ་གོམས་གཤིས་དམིགས་བསལ་ཞིག་ཡོད་པ་ནི། ཅི་ཞིག་བྲིས་ཀྱང་བྲིས་ཚར་རྗེས་བདུན་ཕྲག་གཅིག་གཉིས་རེར་བལྟ་གི་མེད། དེའི་རྗེས་ནས་བལྟས་དུས་མིག་གསར་བ་འདྲ་ཞིག་ཆགས་འདུག་པས་གཞན་ཞིག་གིས་བྲིས་པ་ལ་ཞུ་དག་བྱེད་བཞིན་པ་ལྟར་ཡིག་ནོར་མང་པོ་རྙེད་ཀྱི་འདུག འོན་ཀྱང་ཁར་སང་གི་སྙན་ངག་དེ་བྲིས་ཟིན་པ་དང་འཕྲལ་དུ་ཁ་བརྡ་སང་ལ་བཏང་བ་ཡིན། དེའི་རྗེས་ལ་བཟོ་བཅོས་ཤིག་ཀྱང་བཏང་ནས་བཟོ་བཅོས་གནང་རོགས་ཞུས་ཀྱང་ཁོང་རྣམས་བྲེལ་བ་ཡིན་རྒྱུ་རེད་བཟོ་བཅོས་གནང་མི་འདུག ད་ནི་ཉིད་ཀྱི་གསུངས་པ་རྣམས་ལ་ཁ་གསལ་པོ་བྱས་ཏེ་རེ་རེ་བཞིན་ཞུས་ན།
༡༽ ཇ་ཡུན་ཙམ་མིན་གཏན་དུ་སྒྲོག་པ་ལ།། ཞེས་པ་དེ་སྒྲ་ཆེར་སྒྲོགས་པའི་དོན་རེད་ལགས། དེས་ན་ཡང་མཇུག་ཆད་པ་བཅོས་ཡོད།
༢༽ ཙ་རི་ཞེས་པ་ལ་རིང་བའི་རྟགས་མི་དགོས་པ་ཐུགས་བདེན་ལགས། ཉེ་ཆར་རྒྱུད་འབུམ་དཀར་ཆག་འབྲི་དུས་ལོ་ཙཱ་ལོ་ཙཱ་ལོ་ཙཱ་ཞེས་མང་དྲགས་པ་བྲིས་སྟབས་ལག་ངན་གོམས་སུ་སོང་འདུག་ལགས། གང་ལྟར་བཅོས་ཡོད།
༣༽ ཞ་འཐེང་གྱོལ་པོ་སྤྲང་ལོང་ཡན་ཆད་ནས་ཞེས་པ་དེ་མིག་ལོང་པའི་དོན་ཡིན་པ་ལས་སློང་མོ་བ་ལ་ཟེར་གི་མེད་ལགས།
༤༽ འ་ཅག་ཁ་བ་རི་བའི་མི་རིགས་འདིས་ཞེས་པ་ལ། པ་དང་བ་གང་ཐོབ་ལས་རྙོག་དྲ་ཆེ་བ་ཞིག་མི་འདུག་ལགས། འོན་ཀྱང་བདག་སྒྲ་ཡར་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས་ཞེས་པ་ལྟར་ན་ཉིད་ཐུགས་བདེན་པར་སེམས་ལགས། སྔོན་མ་ངས་༧གོང་ས་མཆོག་གི་སོ་ཐར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་འབྲི་སྐབས་སྐུ་སྒེར་ཡིག་ཚང་ནས་ཀྱང་ཁྱོད་ཚོས་བ་འབྲི་རྒྱུ་མང་འདུག་གསུངས་ནས་ང་ལ་བཀའ་སློབ་གནང་བྱུང་། འོན་ཀྱང་སྔ་མོའི་ཡིག་རྙིང་ཁུངས་དག་རྣམས་ལ་ཁ་བ་རི་པ་དང་ཁ་བ་རི་བ་ཞེས་བྲིས་པ་མང་ཉུང་མེད་པ་ལྟ་བུ་ཞིག་འདུག་པས་བཤད་དཀའ་གི་ལགས། ཡིན་ན་ཡང་གང་ལྟར་དེ་རིང་ཉིད་ཀྱི་གསུངས་ལྟར་ཁ་བ་རི་པའི་ཞེས་བཅོས་ཡོད།
༥༽ ཡ་རབ་བུ་མོ་ཁྱེད་ལ་སྙིང་ནས་བསྔགས་ཞེས་པར་ཡང་མཇུག་ཆད་པ་བཅོས་ཡོད་ལགས།
༦༽ ཏཱ་ལའི་བླ་མའི་འབངས་ཀྱི་སྤོབས་པ་ཅན་ཞེས་པར་ཏཱ་ལའི་ཞེས་པ་དེ་པོ་ཏ་ལའི་དོན་གྱི་ཏ་མ་རེད་ལགས། དེ་ནི་རྒྱལ་མཆོག་གསུམ་པ་བསོད་ནམས་རྒྱ་མཚོ་ལ་སོག་པོ་ཐལ་རྒྱལ་པོས་ཕུལ་བའི་ཏཱ་ལའི་བླ་མ་ཞེས་པ་སོག་སྐད་དུ་རྒྱ་མཚོའི་སློབ་དཔོན་ལ་འཇུག་ཟེར་བ་དེའི་དོན་རེད་ལགས། དེང་སང་༧གོང་ལ་མཆོག་གི་མཚན་ལ་ཏཱ་ལའི་བླ་མ་ཞེས་འབྲི་སྐབས་ཏཱ་རིང་ཆ་ཅན་འདི་འབྲི་བ་ཡོངས་གྲགས་རེད། ཐམས་ཅད་མཁྱེན་པ་མཆོག་གི་ཕྱག་ཡིག་ངོ་མ་རྣམས་སུ་ཡང་འདི་བཞིན་འབྲི་གི་འདུག་པ་གཟིགས་ཡོད་ངེས་ལགས།
༧ ༽ ཤུ་རུས་གདུང་རྒྱུད་གཅིག་པའི་བོད་ཀྱི་ཆེད་ཅེས་པ་དེ་དགོས་ཆེད་ལ་ཟེར་གྱི་ཡོད་པ་ལས་སྤུན་མཆེད་ལ་ཟེར་གྱི་མེད་ལགས།
༨༽ རྒན་རབས་རེ་བ་སྐོང་ཤིག་མཛངས་ལྡན་མ་ཞེས་པར་སའི་ཡང་འཇུག་ཆད་འདུག་པས་བཅོས་ཡོད་ལགས།
༩༽ བླ་མའི་བྱིན་རླབས་རིན་ཆེན་ཕྲོག་ཞུ་ལ་ཞེས་པ་ཡང་དོན་ལ་པྲོག་ཞུ་ཡིན་པས་ཉིད་ཀྱི་བཀའ་ལྟར་བཅོས་ཡོད།
༡༠༽ མཁའ་འགྲོའི་ཕྲིན་ལས་འོད་ཟེར་ཕྱོགས་བརྒྱར་འཕྲོ་ཞེས་པའི་ཕྲིན་ལས་ལ་འ་ཡི་སྔོན་འཇུག་ཡོད་མེད་གཉིས་འདུག་པ་ལས་འ་ཡི་སྔོན་མཇུག་མེད་པ་འདི་ངས་དག་པར་བརྩི་བཞིན་ཡོད་ལགས། ཕྲིན་ལས་ལ་སྔོན་མཇུག་མེད་པ་དང་། འཕྲིན་ཡིག་ལ་སྔོན་མཇུག་ཡོད་པ་འདི་འབྲི་བཞིན་ཡོད་ལགས། སྔོན་མ་ཞིག་ལ་ངའི་གྲོགས་པོ་རྩོམ་པ་པོ་རྒན་པ་ཞིག་གིས། རྙིང་ཕྱོགས་ཀྱིས་ཕྲིན་ལས་ལ་སྔོན་མཇུག་མེད་པ་དང་། གསར་ཕྱོགས་ཀྱིས་སྔོན་མཇུག་ཡོད་པ་འབྲི་གིན་འདུག་ཟེར། འདིའི་ཐོག་ལ་གསར་རྙིང་གི་གྲུབ་མཐའ་དང་འདོད་ཚུལ་ཟེར་བ་ཞིག་འཇོག་རྒྱུ་མེད་ཀྱང་། ཧ་ལམ་གོམས་ཚུལ་དེ་འདྲ་ཞིག་ཡིན་པ་འདྲ། གང་ལྟར་ངས་ནི་ཕྲིན་ལས་ལ་སྔོན་མཇུག་མེད་པ་འདི་འབྲི་བཞིན་ཡོད་ལགས།
ཞུ་རྒྱུ་གཞན་ཞིག་ནི། སྔོན་མ་ང་བོད་དུ་སྡོད་སྐབས་དག་ཡིག་སྟོང་ཐུན་སྤར་བཅང་མ་ཟེར་བ་རྩ་འགྲེལ་གཉིས་ཅན་ཞིག་བྲིས་པ་ཡིན། དེ་ལ་ཁྱད་ཆོས་མང་པོ་ཡོད་བསམ་བསྡད་ཡོད། གང་ལྟར་བོད་ནང་ནས་མཚོ་སྔོན་སློབ་གསོའི་ཐོག་ལ་བཀོད་པ་རེད། རྒྱ་གར་ནས་ཀྱང་ནོར་གླིང་ནས་པར་སྐྲུན་གནང་བ་དང་། དེའི་རྗེས་ལ་ཤེས་རིག་ལས་ཁུངས་ནས་རྩ་འགྲེལ་གཉིས་ཀ་པར་སྐྲུན་གནང་སྟེ་བོད་གཞུང་གི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ལ་མང་པོ་བཏང་སོང་། ཉེ་སྔོན་གྲོགས་པོ་ཞིག་གིས་གསར་དུ་གློག་ཀླད་ལ་བཅུག་རོགས་བྱས་སོང་བས་རྩ་བ་དེ་མི་རིང་བར་ཁ་བརྡའི་ཐོག་ལ་འགོད་ཐབས་བྱེད་རྒྱུ་ཡིན། དེས་ན་སྐུ་ཉིད་ཀྱི་གློག་ཀླད་དུ་ཕབ་ལེན་གནང་སྟེ་དོན་གྱི་ཐོག་ལ་ཞུ་དག་ཅིག་གནང་རོགས་ཞུ་ལགས། ཉུང་ཉུང་ཞིག་མ་གཏོགས་མེད། ལར་དཔའ་རིས་བློ་བཟང་རབ་གསལ་གྱིས།། དབེན་པར་རི་དྭགས་ཚོགས་ལ་ཅི་ཡང་རུང་།། མཁས་པའི་ཁྱུ་འཁྲིགས་ཆོས་ཀྱི་ཚོང་བརྡལ་དུ།། འགལ་འདུའི་རང་བཞིན་གནག་རྫིའི་གཏམ་བཟང་མ།། བག་མེད་གཅེར་རྒྱུག་བྱེད་པ་ཡ་རེ་ང་།། ཞེས་གསུངས་པ་ལྟར། དགེ་འདུན་རབ་གསལ་དང་རྡོ་རྗེ་དབང་ཕྱུག ཁྱེད་དང་སྤོབས་པ་མཐའ་ཡས། མཁན་ཆེན་བླ་མ་དང་རིག་པའི་རྡོ་རྗེ། ལྷག་བསམ་དྲི་མེད་དང་ལ་སྟོད་བུ། སྤྲུལ་སྐུ་ཀླུ་སྨྱོན་དང་དོ་རྒྱ་དགེ་སློང་ངམ་གཞོན་ནུ་ཟླ་མེད་སོགས་མཁས་བརྒྱའི་གསེར་ཞལ་མཉམ་དུ་འཛོམས་ས་འདི་ནས་ཁོ་བོས་རྨོངས་པས་གཅེར་རྒྱུག་བྱེད་པ་ཤིན་ཏུ་མི་འོས་ཀྱང་། རང་རེ་རྣམས་ལུང་དང་རིགས་པའི་གྲོགས་པོ་ནང་ཚགས་ཡིན་པས་ངོ་ཚ་དགོས་དོན་མི་འདུག་བསམ་བཞིན་ཡོད་ལགས། ད་དུང་ཁ་བརྡ་དྲ་བ་འདི་དྲ་རྒྱ་གཞན་དང་མི་འདྲ་བར་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་ངོ་ཤེས་མི་ཤེས་ཀྱི་མཁས་དགུ་ཐམས་ཅད་མཉམ་དུ་འཛོམས་ས་ཞིག་རེད་འདུག་པས་འདིའི་ཐོག་ཏུ་རྩོམ་ཡིག་རེ་སྤེལ་ཐུབ་དུས་བུ་རྟགས་བཞག་སོང་དྲན་གྱི་ཡོད་ལགས། སྐུ་ཚེ་རིང་།
拉达克格西洛桑嘉帕,紐約哥倫比亞大學.
回复 pari 2017-7-9 20:20
#4 ལ་དྭགས་བློ་བཟང་འཇམ་དཔལ་ ་ལགས་ཀྱིས་སྤེལ་དོན།:
August 22nd, 2011 at 6:10 pm
སློབ་དཔོན་རྒྱ་མཚོའི་སྤྲིན་མཆོག་གིས་ལན་གསལ་སྩལ་པ་དེ་དངོས་གནས་མཁས་པ་གཟུ་བོར་གནས་པ་ཞིག་ཏུ་རྩི་ཞིང་བཀའ་དྲིན་ཆེ། ཏའ་ལའི་བླ་མ། ཞེས་པར་ཏ་ཡིག་རིང་པོ་དགོས་པ་ལ་བློ་བསྐྱེད་བྱུང་། ཏའ་ལ་ཞེས་པ་སོག་སྐད་རྒྱ་མཚོ་ལ་འཇུག་པའི་དོན་དང་། དེ་ཉིད་སོག་པོ་ཧོར་གྱིས་རྒྱལ་བ་རིན་པོ་ཆེ་ལ་མཚན་གསོལ་བ་ཡིན་པ་ཞིག་ཐོས་མྱོང་། འོན་ཀྱང་ཆུང་དུས་སུ་ཐོས་པའི་བག་ཆགས་དེ་བདག་གི་སེམས་ལ་ལུས་འདུག། དེ་ནི་པོ་ཏ་ལའི་བླ་མ་ལ་ཏའ་ལའི་བླ་མ་དང་། བཀྲ་ཤིས་ལྷུན་པོའི་བླ་མ་ལ། ཀྲ་ཤིའི་བླ་མ། ཞེས་པཎ་ཆོས་ཀྱི་ཉི་མའི་ཞབས་ལ་ཕྱི་རྒྱལ་པས་ཞུ་ཚུལ་ཞིག་ཡིན་འདུག
བདག་སྒྲ་ཡར་འགྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས། ཞེས་དབྱངས་ཅན་གྲུབ་རྡོ་རྗེ་ཞབས་ཀྱིས་གསུངས་པ་དེ། ལོ་མང་ཚད་མར་འཛིན་ཀྱང་། བཀའ་བསྟན་སོགས་ཀྱི་དཔེ་གཞུང་དང་། དེ་དག་དང་མཐུན་པར་སི་ཏུ་པཎ་ཆེན་གྱིས་བདག་སྒྲ་ལ་པ་ཡིག་ཁོ་ན་གསུངས་ཤིང་། བདག་གི་གྲོང་ཡུལ་དག་ཏུ་གནའ་བོའི་བརྗོད་སྟངས་མང་པོ་ཞིག་ལུས་ཡོད་པ་ན། བདག་སྒྲ་པ་ཡིག་དེ་ཡང་ཁ་སྐད་ལ་ལུས་འདུག་པ་དང་། དིང་སང་བདག་རང་གིས་བདག་སྒྲ་ལ་པ་ཁོ་ན་དག་པར་སེམས། གཞོན་ནུ་ཟླ་མེད་ཀྱིས་གསུང་སྟངས་ལ་མདོ་སྨད་དུ། མཁས་པ་ཞིག་གིས་བདག་སྒྲ་ལ་པ་ཡིན་པས་ཁྱབ། ཅེས་གསུངས་པའི་དཔེ་ཆ་དེ་ཉིད་མདོ་སྨད་ཀྱི་སློབ་དེབ་ལ་བཞག་པ་ཡང་ཐོས།
拉达克格西洛桑嘉帕,紐約哥倫比亞大學.
回复 pari 2017-7-9 20:21
#3 མི་ནག་མདུང་ཐུང་། ་ལགས་ཀྱིས་སྤེལ་དོན།:
August 22nd, 2011 at 11:05 am
ཁ་བརྡ་དྲ་བའི་ནང་ཡོད་རན་ཆོག་པ་གཅིག་ནི་རྒན་ལ་དྭགས་པ་རང་ཡིན་པས་སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག
拉达克格西洛桑嘉帕,紐約哥倫比亞大學.
回复 pari 2017-7-9 20:22
#2 ལྷག་པ་ཡེ་ཤེས ་ལགས་ཀྱིས་སྤེལ་དོན།:
August 22nd, 2011 at 6:44 am
སློབ་དཔོན་འདི་བ་ཚང་གི་རང་སྐྱོན་ངོས་ལེན་དང་རྒན་རབས་གུས་བརྩི། སྐད་ཡིག་ལ་རྩ་ཆེན་གནང་བ་དེ་མཁས་དབང་ཞིག་གི་གཤིས་ཀ་རེད་བཞག ། དེ་མིན་དམར་ཕྱོགས་བཙན་རྒྱལ་འོག་ནས་ཁོ་ལག་རྒྱས་པ་ཚོས་རྒན་རབས་ལ་ཆེད་གསོད། སྐད་ཡིག་ལ་སླད་བསྲེལ། རང་སྣང་གང་ཤར་འབྲི་བ་ཨ་མདོའི་ལྟ་ལོག་ཚོ་དང་། ཁམས་པའི་ཇག་ཚོ། དབུས་པའི་རྐུན་མ་དག་ལ་བསམ་ན་ང་ཚོས་ལ་དྭགས་འཇམ་དཔལ་འདི་བཀའ་དྲིན་ཆེ་བ་ཤེས་དགོས་འདུག །
拉达克格西洛桑嘉帕,紐約哥倫比亞大學.
回复 pari 2017-7-9 20:22
#1 རག་ཕྱགས་རྡོར་ ་ལགས་ཀྱིས་སྤེལ་དོན།:
August 22nd, 2011 at 3:11 am
ཁྱེད་རང་གིས་རྩོམ་འབྲི་སྟང་དེ་ཐབས་ལམ་ཡག་པོ་འདུག་ཐུན་མོང་གིས་གོ་བསྡུར་བྱེད་ས་ཡག་པོ་འདུག
拉达克格西洛桑嘉帕,紐約哥倫比亞大學.

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-17 15:32 , Processed in 0.318651 second(s), 22 queries .

返回顶部