日志

མི་གཞན་ལ་བསམ་བཞིན་དུ་གནོད་པ་བྱས་ན། ...

已有 574 次阅读2014-4-28 15:16 |个人分类:མི་གཞན་ལ་བསམ་བཞིན་དུ་གནོད་པ་བྱས་ན།|系统分类:教育

 མི་གཞན་ལ་བསམ་བཞིན་དུ་གནོད་པ་བྱས་ན།

མི་གཞན་གྱི་བདེ་ཐང་དང་ཁེ་དབང་ལ་བསམ་བཞིན་དུ་གནོད་འཚེ་བཏང་བ་ཡིན་ན་ལུགས་དང་མི་མཐུན་པར་མ་ཟད་ཁྲིམས་དང་ཡང་འགལ་བ་ཡིན། 
 
དེང་དུས་ཀྱི་སྤྱི་ཚོགས་ཁྲོད་དུ་མི་གང་མང་ཞིག་ལ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་མ་ཆགས་པའི་རྐྱེན་གྱིས། བྱ་བ་གང་ཞིག་སྒྲུབ་ཚེ་སྔོན་ལ་བྱ་བ་དེའི་མཇུག་འབྲས་དང་བསྒྲུབས་ན་འོས་མིན་

ལ་བསམ་གཞིག་གིས་འདོར་ལེན་མི་བྱེད་པར།  རྗེས་ནས་མཇུག་འབྲས་ཀྱི་ཉེན་ཁ་ལ་གཟུར་མི་ཐུབ་པའི་གནད་དོན་བྱུང་ནས་ཡོད། དེའི་ཕྱིར་རང་ཉིད་འཐུས་ཚང་དུ་གཏོང་ཆེད་ཁྲིམས་ལུགས་ཀྱི་རྒྱུན་ཤེས་གལ་ཆེན་དག་ངེས་པར་དུ་རྟོགས་དགོས། 

མི་གཞན་གྱི་བདེ་ཐང་ལ་བསམ་བཞིན་དུ་གནོད་འཚེ་བཟོས་པ་ཡིན་ན་དེ་ལ་བདེ་འཇགས་དོ་དམ་སྐོར་གྱི་སྒྲིག་ཡིག་གི་དོན་ཚན་ཉེར་གཉིས་པའི་ནང་དུ་གཏན་ཁེལ་བྱུང་བ་ལྟར་ན།

འོག་གི་དོན་ཚན་དྲུག་པོའི་ནང་འདུས་པའི་ནག་ཉེས་སློང་མཁན་གྱི་མི་ལ་ཉིན་བཅོ་ལྔའི་ནང་བཀག་ཉལ་བྱེད་པ་དང་སྒོར་ཉིས་བརྒྱའི་བར་གྱི་ཆད་པ་གཅོད་རྒྱུ་དང་ཐ་ཚིག་སྒྲོག་པ་སོགས་ཀྱི་ཡིག་ཆ་བཞག་ཡོད།
  
༡ མི་གཞན་པར་གཅར་རྡུང་བྱས་ནས་རྨས་སྐྱོན་ཡང་མོ་བཟོས་པ།

༢ མི་གཞན་གྱི་རང་དབང་གི་ཐོབ་ཐང་ལ་འགོག་རྒོལ་བྱས་པ་དང་གཞན་གྱི་དངོས་རྫས་ལ་བཙན་འཛུལ་བྱས་པ།

༣ མངོན་སུམ་འཛེམ་མེད་ཀྱིས་མི་གཞན་པར་བརྙས་བཅོས་དང་ངན་སྨྲས་སྐུར་འདེབས་བྱས་པ།

༤ མི་གཞན་པར་འཇིགས་སྐུལ་དང་འཇིགས་སྐུལ་གྱི་ཡི་གེ་བྲིས་པ་སོགས་བྱེད་ཐབས་སྣ་ཚོགས་ཀྱིས་མི་གཞན་པའི་རྒྱུན་ལྡན་འཚོ་བར་གནོད་པ་བཟོས་པ།

༥ ནར་མ་སོན་པའི་མི་སྟེ་ལོ་བཅོ་བརྒྱད་འོག་གི་མིར་འཇིགས་སྣང་དང་བཙན་ཤེད།མགོ་གཡོགས་ནས་དེའི་ལུས་སེམས་ཀྱི་བདེ་ཐང་ལ་གནོད་བསྐྱལ་བ།

༦ མི་གཞན་གྱིས་བསྐུར་བའི་དངོས་པོ་སོགས་སྦས་པ་དང་། 

དོར་བ་ཡང་ན་རང་དགར་ཁ་ཕྱེས་པ་དང་བཀོལ་སྤྱོད་བྱས་པ། བདག་པོ་མ་བརྒྱུད་པར་གཞན་གྱི་དངོས་རྫས་ལ་ཐེ་གཏོགས་བྱས་པ།

ད་དུང་ཐབས་སྣ་ཚོགས་བརྒྱུད་དེ་བསམ་བཞིན་གཞན་གྱི་ལུས་སེམས་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་ཡིན་ན། 

སྒྲིག་ཡིག་དོན་ཚན་ཉིས་བརྒྱ་སོ་བཞི་པར་ནག་ཉེས་སློང་མཁན་གྱི་མི་དེར་དུས་བཙོན་ལོ་གསུམ་ནས་ཚེ་བཙོན་བར་གྱི་ཉེས་ཆད་གཅོད་རྒྱུ་བྱས་ཡོད།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-9 12:55 , Processed in 0.054732 second(s), 21 queries .

返回顶部