博客西藏在最高处过一种生活

日志

措池 然仓寺 简介

已有 541 次阅读2014-5-17 20:09 |个人分类:措池|系统分类:见闻| 措池, 然仓寺

          ༄༅།།བླ་མ་དང་དབྱེར་མེད་པའི་རྗེ་བཙུན་འཇམ་པའི་

                   དབྱངས་ལ་ཕྱག་འཚལ་ལོ།།

སྒྲིབ་གཉིས་གཡའ་ཡིས་དག་པའི་ཆོས་ཀྱི་སྐུ།།

མ་འགག་ལྷུན་གྲུབ་ཡོངས་སྤྱོད་རྫོགས་པའི་སྐུ།།

སྣ་ཚོགས་ཐབས་ཀྱིས་དོན་མཛད་སྤྲུལ་པའི་སྐུ།།

སྐུ་གསུམ་དབྱེར་མེད་དོན་གྱི་བླ་མར་འདུད།།

ཅེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ།སྐབས་སུ་བབ་པ་ངེས་དོན་གྲུབ་པའི་དབང་ཕྱུག་མཆོག་སྤྲུལ་གུ་རུ་བཀྲ་ཤིས་ཀྱི་མཛད་རྣམ་མདོར་བསྡུས་ཙམ་འབྲི་བར་བྱའོ།།དེ་ཡང་མཆོག་སྤྲུལ་གུ་རུ་བཀྲ་ཤིས་མཆོག་ནི་1948ལོ་སྐུ་འཁྲུངས།

དགུང་གྲངས་ལྔའི་སྟེང་རྫ་མི་ར་པདྨ་བདེ་ཆེད་བཟང་པོའི་ལུང་བསྟན་ལས།

ས་རྫ་སྨན་ཆུ་ཀློང་སྔོན་མོ་ནས།།

      ཡུལ་སྟག་ཡུལ་དཀོན་པའི་འོ་ཟོ་གང་།།

      དཔལ་ཨོ་རྒྱན་ཐུགས་སྤྲུལ་གུ་རུ་ཞེས།།

              སྙིགས་དུས་མཐར་སེམས་ཅན་ཐར་ལམ་བཀོད།།

ཅེས་པའི་ལུང་བསྟན་པ་ལྷར།རྫ་་མི་ར་པདྨ་ནོར་བུ་ར་ཚང་སྡེ་བ་ལ་ཆིབས་ཁ་སྒྱུར་སྐབས་སུ་གུ་ལུང་དགོན་པའི་མཁན་པདྨ་འོད་གསལ་གྱི་ཡང་སྤྲུལ་དུ་ངོས་འཛིན་གནང་།གོང་ཉིད་ཀྱི་སྐུ་འཁྲངས་དང་པོ་འགོ་ཚ་དགོན་པའི་གུ་རུ་བཀྲ་ཤིས་དང་།གཉིས་པ་ཉི་ཕྲུག་རྣམ་རྒྱལ།གསུམ་པ་པདྨ་འོད་གསལ།ད་ལྟ་སྐུ་འཁྲུངས་བཞི་བ་ཡིན་ནོ།།དགུང་གྲངས་བདུན་གྱི་སྟེང་ཀློག་བསླབ།1958ལོ་དགུང་གྲངས་བརྒྱད་སྟེང་མཉམ་ལས་སུ་ཞུགས།དེ་དུས་རང་ཡུལ་གྱི་སློབ་གྲྭ་ཞུགས་ཤིང་རིག་

གནས་ལ་དགའ་ཞེན་དང་སློབ་སྦྱོང་གི་ཆུ་ཚད་སོགས་ལ་ཧ་ཅང་བཟང་བའི་བྱ་དགའ་ཐོབ།དེའི་ཕྱིས་སུ་དགུང་ལོ་21

སྟེང་རང་ཡུལ་གྱི་སྦྲ་གུར་སློབ་གྲྭའི་དགེ་རྒན་གྱི་འགན་བཞེས།དགུང་གྲངས་23སྟེང་གསོ་རིག་གི་གཞུང་ལ་སློབ་གཉེར་བྱས་ནས་གསོ་རིག་གཞུང་ལ་མཁས་པའི་མཚད་སྙན་ཐོབ།དེ་ནས་བཟུང་ད་ལྟའི་བར་ལ་ནད་པ་རྣམས་སྨན་ཡོན་གཏན་ནས་ལེན་མ་མྱོང་།མ་ཚད་སྨན་ལ་ཉམས་མྱོང་དང་།ལྷག་བསམ་ནད་པ་ལ་བྱམས་པའི་ཀུན་སྤྱོད་སོགས་ལ་གོང་རིམ་དང་མི་དམངས་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།1990ལོར་སྔོན་གྱི་1821ལོར་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་ཀྱི་བཀའ་ལུང་་ལྟར་མཁན་པོ་ཆོས་ཚས་ཕྱག་བཏབ་གནང་བའི་ར་ཚང་དགོན་པ་ཞེས་པའི་ལོ་གཉིས་བརྒྱའི་ལོ་

རྒྱུས་ལྡན་པ་དུས་ཀྱི་འཕོ་འགྱུར་ཁྲོད་ནུབ་པ་དེ་གསར་བཞེང་གི་དབུ་བཙུགས།དེ་ནས་སྐུ་ཚེགས་གང་མང་མཛད་དེ།

ད་ལྟའི་བར་བཞེང་བའི་རྟེན་གསུམ་དང་།གསོ་སྐྱོང་བྱས་པའི་གྲྭ་བའི་གྲངས་སོགས་རགས་ཙམ་བཀོད་ན་འདི་ལྟར།དུང་

འཁོར་གཉིས།མཆོད་རྟེན་ཆ་བརྒྱད།བདུད་འདུལ་མཆོད་རྟེན།འཁོར་བཞི།འདུ་ཁང་།སྐུ་གསུང་ཐུགས་རྟེན་སོགས་དང་།

གྲྭ་བ་བདུན་བཅུ་དོན་ལྔ་ཡོད་འདི་མི་ཀུན་གྱིས་མཐོང་བཞིན་པ་འདི་ལགས་སོ།།1994ལོ་མདོ་སྨད་ཕྱོགས་སུ་ཕེབས་ཏེ།ཆོས་རྗེས་འཇིགས་མེད་ཕུན་ཚོགས་དང་།མཁན་འབུམ་པ།རྡོ་གྲུབ་བསྟན་པའི་ཉི་མ་སོགས་སྐྱེས་ཆེན་དམ་པ་མང་པོའི་མདུན་ནས་ཟབ་གསང་རྫོགས་པ་ཆེན་པོ་སོགས་མདོ་སྔགས་ཀྱི་ཆོས་སྐོར་མང་པོའི་དབང་ལུང་ཁྲིད་གསུམ་ཞུས།2003ལོའི་ཡ་ཆེན་ཆོས་སྒར་ལ་ཕེབས།དེ་དུས་གདོད་མའི་མགོན་པོ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གིས་གྲུབ་ཐོབ་གུ་རུ་བཀྲ་ཤིས་འབྲེལ་ཚད་དོན་ལྡན་ཡིན་པར་གསུང་ཞིང་།མ་ཚད་ཤི་བོའི་སྐྱེ་བརྟག་དང་།རི་གནས་སྒོ་ཕྱེ་བ་དང་།སྐུའི་སྐྱེ་ངོས་འཛིན་སོགས་འདི་འདྲའི་བླ་མས་མི་བྱེད་སུས་བྱེད་ཅེས་བསྔགས་བརྗོད་མཛད་པ་མ་ཟད་ཕྱིན་ཆད་དེ་ལྟར་གནར་ཆོག་ཅེས་བཀའ་གནང་ཐོབ་པ་ཉིད་ཀྱི་ཕྱག་བྲིས་ཐམ་ག་དང་བཅས་གནང་འདུག་

ད་ལྟ་རང་དགོན་གྱི་མགན་ཁུར་བཞེས་པ་དང་།མ་ཚད་2011ལོ་ནས་ད་བར་དུ་ཁུལ་གྱི་དྲན་ཤེས་ཨུ་ཡོན་དང་།1985ལོ་ནས་2011ལོ་བར་དུ་རང་རྫོང་གི་དྲན་ཤེས་ཨུ་ཡོན་དང་།2010ལོ་ནང་བསྟན་མཐུན་ཚོགས་སུ་ཞུགས་པ་དང་དྲན་ཤེས་རྒྱན་ལས་ཨུ་ཡོན་འགན་བཞེས།སྤྱི་ཚོགས་བདེ་འཇགས་དང་འཁོར་ཡུག་སྲུང་སྐྱོང།ཚོས་དད་མང་ཚོགས་ཀྱི་རེ་བ་སྐོང་བ་སོགས་སྤྱི་ཚོགས་ལ་ཕན་ངེས་ཀྱི་ཕྱག་ལས་གནང་དང་གནང་བཞིན་བཞུགས་སོ།།

                                 

                                   འབྲི་མཁན། བརྩོན་འགྲུས་རྒྱ་མཚོ།

                   ཡིག་སྒྱུར་བ། ཐུབ་བསྟན་ཚེ་ཆེན། བསོད་ནམས་ཆོས་འཕེལ།

                    དོན་གསལ་མཁན། དགེ་འདུན་བཟང་པོ། ཚུལ་ཁྲིམས་རྡོ་རྗེ། རྐམ་འབྲུག་གྲགས།   





    顶礼和上师不二的文殊菩萨

                  净除二障之法身

                  不灭自成之报身

                  善巧度众之化身

                  三身总持礼上师

因上述礼赞引导下文。正是要说的是伟大而又慈悲的格日扎西活佛的简介。格日扎西活佛诞生于1948年。格日扎西活佛五岁的时赞蒙然白玛代青松保预言:望青山绿水之地

                  抵富饶村落之处

                  莲之化身格日也

                  为解救众生而来

   如上述预言所示,赞蒙然白玛闹布去然仓部落时将格日扎西鉴定为格龙寺白玛吾色堪布的转世活佛。

   第一世是贡参寺的格日扎西,第二世尼陈南加,第三世白玛文色,第四世是预言中的格日扎西。

   七岁时,未上学,却识的一点知识。八岁时(1958)参加了农村合作社劳动,后来入学并取得优异的成绩,获得多次荣耀。21岁时当了家乡的帐篷学校的老师。23岁时学了医学并有了很大的成就,从医开始至今救人无数却分文不取。还有医德、经验等方面收到各界人士的肯定与认可!1821年曲才堪布创立了然仓寺,然仓寺经历200多年后,因旧社会混乱寺院深受重创。1990年遵照土旦曲吉多杰的指令下格日扎西活佛重振然仓寺。历经千辛万苦为然仓寺迎进三宝、两座经轮、八佛塔、伏魔佛塔、小座经轮、佛堂等。另外75名僧人。

1994年格日扎西活佛前往多美地区。在如意宝法王、堪布本巴和多智旦白尼玛面前深入学习佛法。2003前往亚青寺时智昂龙多加才说道:“格日扎西活佛有超度亡魂之能,召唤山神土地之能。还有鉴定转世灵童的能力。”关于这些活佛手里还有当年智昂龙多加才活佛的亲笔书信和一块印章。

任然仓寺住持,1985——2011年任曲麻莱县政协委会委员,2010年加入宗教协会、政协常委会委员,2011年开始担任玉树州政协委员。此外在曲麻河雕刻甘珠尔石块、加入当地的环保协会,还致力于整个曲麻莱的治安安全。每年都会召开法会,弘法造福!

                   藏文记录人:宗周加措

                   编译人:土旦才青、索南求培

                   知情人:格登松宝、次成多杰、尕玛周扎

         

                    

                  

                  

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-1-22 06:25 , Processed in 0.278278 second(s), 22 queries .

返回顶部