博客西藏在最高处过一种生活

日志

དཀར་ཆགས། ༢

已有 66 次阅读2018-9-13 10:57 |系统分类:文学

ས་བཅད་དགུ་པ།བཙན་པོ་རྣམས་ཀྱིས་ས་ཁུལ་བཅད་བཟུང་དུས་སྐབས་སྨད་མདོ་ཁམས་སུ་རང་ས་རང་བཙན་གྱི་སྲིད་དབང་གང་མང་བྱུང་བའི་སྐོར།

 

ལེའུ་དང་པོ།ཐུ་བྷོད་སྐབས་ཀྱི་ནུབ་བྱང་བོད་ཀྱི་ས་ཁུལ།

གཅིགཐུ་བྷོད་བཙན་པོའི་རྒྱལ་རབས་སྐབས་དམག་འབངས་འབོར་ཆེན་གནས་སྤོས་བྱས་ཏེ་ནུབ་བྱང་ས་ཁུལ་གསར་ཏུ་སྦོལ་པ།

གཉིས།ཐུ་བྷོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ནུབ་བྱང་དང་ཤིན་ཅང་བོད་རིགས་ས་ཁུལ་གྱི་གནས་ཚུལ།

གསུམ།ཐུ་བྷོད་བཙན་པོའི་དུས་སྐབས་ནུབ་བྱང་བོད་རིགས་ཚོ་པའི་སྲིད་དབང་།

བཞི།མཚོ་སྔོན། ཧྲན་ཀྲའ།ཧེ་ཀྲའོ་བཅས་སུ་གནས་པའི་བོད་རིགས་ཚོ་བ།

ལྔ།ལིང་ཆུ་དང་ཀོ་ཀྲའོའི་བོད་རིགས་ཚོ་བ། 

དྲུགཧྲན་ཧྲན་གྱི་བོད་རིགས་ཚོ་བ། 

བདུན།ལི་ཡུལ་གྱི་བོད་རིགས་ཚོ་བ། 

བརྒྱད།མཚོ་སྔོན་ཁོངས་སུ་གནས་པའི་བོད་རིགས་ཚོ་པ་འབོར་ཆེན། 

 

ལེའུ་གཉིས་པ། བཙན་པོ་རྣམས་ཀྱིས་ས་ཁུལ་བཅད་བཟུང་དུས་སྐབས་ ཀྱི་་སྤྱི་ཚོགས་ཀྱི་སྐོར།

གཅིགརི་བོ་གཅིག་དང་ཆུ་བོ་གཅིག་ལ་རྒྱལ་པོ་རེའི་སྲིད་གཞུང་འབོར་ཆེན་ཡོད་པའི་སྐོར།

གཉིས།རང་ས་རང་བཙན་གྱི་ས་གནས་རྒྱལ་པོའི་སྲིད་དབང་ལམ་ལུགས།

གསུམ།ནང་པའི་ཆོས་ལུགས་ཁམས་ཁུལ་དུ་དར་བ་དང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཁམས་ཁུལ་དུ་དངོས་སུ་ལག་བསྟར་ལེགས་འགྲུབ་བྱུང་།

བཞི།ཆོས་ལུགས་དང་བོད་རིགས་སྤྱི་ཚོགས་བར་གྱི་འབྲེལ་བའི་སྐོར།

ལྔ།ཁམས་ཁུལ་སྤྱི་ཚོགས་ཀྱི་དམིགས་བསལ་རང་བཞིན་ལས་འི་མི་གཤིས་དང་འི་རིག་གནས་གྲུབ་པ།

 

ལེའུ་གསུམ་པ།ལིང་ཆུ་རོང་དྲུག་ཚོ་པའི་མཉམ་འབྲེལ་སྲིད་དབང་གི་སྐོར།

སྤྱི་ལོ་༩༠༠ལོ་ནས་སྤྱི་ལོ་༡༠༣༦ལོའི་བར

གཅིགརོང་དྲུག་ཚོ་པའི་སྲིད་དབང་བྱུང་ཚུལ།

གཉིས།རོང་དྲུག་ཚོ་པའི་མཉམ་འབྲེལ་སྲིད་དབང་དང་སུང་རྒྱལ་རབས་བར་གྱི་འབྲེལ་བ།

གསུམ།རོང་དྲུག་ཚོ་པས་རྨ་ནུབ་དོ་ལམ་རྒྱུད་མཐའ་དག་རང་ཁོངས་སུ་བཙུད་པ།

བཞི།རོང་དྲུག་ཚོ་པའི་སྲིད་དབང་གཙོ་བྱས་ཏེ་ཧི་ཧོང་༼河湟མནའ་འབྲེལ་ཚོགས་ཆེན་ཆགས་གྲུབ་བྱུང་པ།

 

ལེའུ་བཞི་པ། ཙོང་ཁ་རྒྱལ་རབས་བཙུགས་པའི་སྐོར།

སྤྱི་ལོ་༡༠༠༨་ནས་སྤྱི་ལོ་༡༢༢༧ལོའི་བར

གཅིགཙོང་ཁ་རྒྱལ་རབས་བྱུང་ཚུལ །

གཉིས།ཙོང་ཁ་རྒྱལ་རབས་ཀྱི་དར་རྒུད།

གསུམ།ཙོང་ཁ་རྒྱལ་རབས་ཀྱི་ས་ཁོངས་དང་མི་འབོར །

བཞི།བཙན་པོ་བསོད་ནམས་རྣམ་དབང་གི་སྲིད་སྐྱོང་མཛད་རྗེས །

ལྔ།ཙོང་ཁ་རྒྱལ་རབས་སུ་གླིང་ལོག་ཐེངས་གསུམ་བྱུང་བ་དང་རྒྱལ་ས་ཐེངས་འགའ་སྤོས་བ།

དྲུགཙོང་ཁ་རྒྱལ་རབས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་གྲོང་རྡལ་འཛུགས་སྐྲུན།

བདུན།ཙོང་ཁ་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་དང་སྲིད་དབང་རྩ་འཛུགས།

 ༡ ནང་ཁུལ་གྱི་སྲིད་ཇུས།

 ༢ ཕྱི་ཕྱོགས་ཀྱི་སྲིད་ཇུས། 

༣ སྲིད་དབང་རྩ་འཛུགས།

བརྒྱད།ཙོང་ཁ་རྒྱལ་རབས་ཀྱི་རིག་གནས་དང་ཆོས་ལུགས་ཀྱི་སྐོར།

རིག་གནས།               

ཆོས་ལུགས།

དགུ།ཙོང་ཁ་རྒྱལ་རབས་དང་སུང་རྒྱལ་རབས་བར་གྱི་འབྲེལ་བའི་སྐོར།

བཅུ།ཙོང་ཁ་རྒྱལ་རབས་ཀྱི་གདུང་རྒྱུད་སྐོར།

 

ལེའུ་ལྔ་པ།གནའ་བོའི་ཤེས་རིག་གི་རྒྱལ་རབས་མི་ཉག་གི་སྐོར།

གཅིགགནའ་བོའི་མི་ཉག་རྒྱལ་ཕྲན་གྱི་སྐོར། 

བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་གནའ་བོའི་མི་ཉག་རྒྱལ་ཕྲན་གྱི་གནས་ཚུལ། 

༢ རྒྱའི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་གནའ་བོའི་མི་ཉག་རྒྱལ་ཕྲན་གྱི་གནས་ཚུལ།

གཉིས།གནའ་བོའི་མི་ཉག་རྒྱལ་ཕྲན་གྱི་སྤྱི་ཚོགས་དཔལ་འབྱོར།

གསུམ།མི་ཉག་རྒྱལ་ཕྲན་ཕྱི་མ་ཞི་ཞའི་སྐོར།

བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་མི་ཉག་རྒྱལ་ཕྲན་ཕྱི་མ་ཞི་ཞའི་གནས་ཚུལ། 

རྒྱའི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་མི་ཉག་རྒྱལ་ཕྲན་ཕྱི་མ་ཞི་ཞའི་གནས་ཚུལ།

བཞི།རྒྱའི་ལོ་རྒྱུས་ཡིག་ཚང་དུ་མི་ཉག་དང་འ་ཞ་ནི་ལྡོང་རུས་ཀྱི་རིགས་རྒྱུད་ཡིན་པའི་སྐོར།

ལྔ།ལི་ཅི་ཆན་ཕ་བུ་གཉིས་ཀྱིས་ཧུར་ཐག་འབད་ཐག་གིས་མི་ཉག་རྒྱལ་ཕྲན་ཉམས་པ་སོར་ཆུད་བྱས་པ།

 དྲུགཡོན་ཧའོ་༼སེའུ་རྒྱལ་པོ་༽ཡིས་མི་ཉག་རྒྱལ་ཕྲན་དར་རྒྱས་སུ་བཏང་པའི་སྐོར།

བདུན།མི་ཉག་རྒྱལ་རབས་ཀྱི་མངའ་ཁོངས་སྐོར།

བརྒྱད།མི་ཉག་རྒྱལ་ཕྲན་གྱི་ཆབ་སྲིད་དང་དཔལ་འབྱོར།དམག་དོན།ཕྱི་འབྲེལ།ཆོས་ལུགས་དད་མོས།ཡུལ་སྲོལ་གོམས་གཤིས་བཅས་ཀྱི་སྐོར།

དགུ།མི་ཉག་རྒྱལ་ཕྲན་གྱི་རིག་གནས་ཤུལ་བཞག

༡ མི་ཉག་རྒྱལ་པོའི་བང་སོ།

༢ མི་ཉག་གི་མཆོད་རྟེན་བརྒྱ་དང་བརྒྱད།

༣ ས་འོག་ནས་ཐོན་པའི་རིག་དངོས།

བཅུ།ཁམས་མི་ཉག་དང་མི་ཉག་རྒྱལ་ཕྲན་ཕྱི་མའི་བློ་དཀར་མི་སེར་བར་གྱི་འབྲེལ་བའི་སྐོར།

བཅུ་གཅིགཁམས་མི་ཉག་གི་རིག་གནས།

བཅུ་གཉིས།མི་ཉག་རྒྱལ་ཕྲན་ཕྱི་མའི་རྒྱལ་རབས་གདུང་རྒྱུད་ཀྱི་སྐོར།

བཅུ་གསུམ།མི་ཉག་དང་ཐང་རྒྱལ་རབས། སུང་རྒྱལ་རབས། ལེའོ་རྒྱལ་རབས།ཅིན་རྒྱལ་རབས་བཅས་བར་གྱི་འབྲེལ་བའི་སྐོར།

 

ས་བཅད་བཅུ་པ།བོད་ཧོར་གྱི་མགོ་འཛིན་མི་སྣ་ལིང་ཅུརམཇལ་འཛོམས་བྱུང་སྟེ་བོད་རིགས་ཇི་ལྟར་བྱས་ནས་་རྒྱལ་རབས་ཀྱི་མངའ་འོག་ཏུ་ཚུད་དགོས་པའི་དོན་གནད་ལ་གྲོས་མོལ་མཛད་ཚུལ།

ལེའུ་དང་པོ། ས་པཎ་ཀུན་དགའ་རྒྱལ་མཚན་ལིང་ཆུར་ཕེབས་ཏེ་བོད་རིགས་་ཀྱི་མངའ་འོག་ཏུ་་ཚུལ་ལ་གྲོས་མོལ་མཛད་པ།

 

གཅིགས་པཎ་ཀུན་དགའ་རྒྱལ་མཚན་ཁུ་དབོན་རྣམ་གསུམ་ལིང་ཆུ་རྕེར་ཕེབས་ནས་ཧོར་གོ་དན་དང་མཇལ་འཛོམས་གནང་པ །

གཉིས།ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་༼དབུས་གཙང་མངའ་རིས་དང་བཅས་པ་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ། ༽

གསུམ།འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་གོང་མའི་དབུ་བླ་མཛད་པ་དང་ཡོན་རྒྱལ་རབས་ཀྱི་གོང་མ་གོ་བེ་ལེས་ཀྱཻ་རྡོར་གྱི་དབང་ཞུས་པ།

 

ལེའུ་གཉིས་པ། ཧོར་ཡོན་རྒྱལ་རབས་ཀྱིས་བོད་ཡུལ་དུ་སྲིད་སྐྱོང་གནང་པའི་སྐོར།

གཅིགཡོན་རྒྱལ་རབས་ཀྱིས་བོད་དུ་དམག་སྲིད་ཀྱི་ལས་ཁུངས་བཙུགས་པའི་སྐོར།

གཉིས།ས་སྐྱའི་དཔོན་ཆེན་རིམ་བྱོན་གྱི་སྐོར།

གསུམ།དཔོན་ཆེན་གཉིས་པ་ཀུན་དགའ་བཟང་པོ་བསད་ནོར་ཤོར་བ་དང་བློ་གྲོས་རྒྱལ་མཚན་སྐུ་གཤེགས་པའི་ལྐོག་གྱུར་གྱི་གནས་ཚུལ།

བཞི།དབུས་གཙང་དུད་ཚང་ཁྲི་སྐོར་བཅོ་ལྔ །

ལྔ།མདོ་ཁམས་དུད་ཚང་ཁྲི་སྐོར་བདུན །

དྲུགཡོན་རྒྱལ་རབས་ཀྱིས་བོད་དུ་ས་ཚིགས་བཙུགས་པ་དང་ཁྱིམ་དུད་ཞིབ་བཤེར་བྱས་པའི་སྐོར།

 

ལེའུ་གསུམ་པ།ས་སྐྱ་དཔོན་ཆེན་གྱི་སྲིད་དབང་ཉམས་རྒུད་དུ་ཕྱིན་པའི་སྐོར།

གཅིགས་སྐྱ་དགོན་པ་ཁ་གྱེས་ནས་བླ་བྲང་ཁག་བཞིར་གྱུར་པ། 

གཉིས།ཁྲི་སྐོར་ཆེ་ཁག་འགའི་བར་གྱི་འཁྲུག་རྩོད་དང་ཕག་གྲུ་སྲིད་དབང་དར་བ །

གསུམ།ཕག་གྲུ་ཁྲི་སྐོར་གྱིས་ས་སྐྱའི་སྲིད་དབང་རྩ་སློག་གཏོང་དགོས་པའི་རྒྱུ་རྐྱེན།

བཞི།ཡོན་རྒྱལ་རབས་ཀྱི་ཏི་ཤྲཱིའི་ཀྲུང་དབྱང་སྲིད་གཞུང་ནང་གི་གོ་གནས།

ལྔ།ཡོན་རྒྱལ་རབས་སྐབས་ཀྱི་ཏི་ཤྲཱི་རིམ་བྱོན་གྱི་ རེའུ་མིག

དྲུགཡོན་རྒྱལ་རབས་ཀྱི་བློན་ཆེན་སམ་གྷ།

བདུན།སུང་རྒྱལ་རབས་ཀྱི་གོང་མ་མཐའ་མ་ཀྲོའོ་ཤན་ས་སྐྱ་དགོན་དུ་ནང་བསྟན་སློབ་གཉེར་མངག་ཏུ་བཏང་བ།

 

ལེའུ་བཞི་པ། བོད་ཀྱི་རིག་གནས་ཀྱིས་ཧོར་དང་རྒྱ་ནག་ཡུལ་དུ་ཐེབས་པའི་ཤུགས་རྐྱེན །

གཅིགབོད་རྒྱུད་ནང་བསྟན་ཧོར་གོང་མ་དང་རྒྱ་ནག་གི་ཅང་ཀྲེ་ས་ཁུལ་དུ་དར་བ །

གཉིས།བློ་གྲོས་རྒྱལ་མཚན་གྱིས་སོག་ཡིག་གསར་བཟོ་ཐེངས་གཉིས་མཛད་པ། 

 

ས་བཅད་བཅུ་གཅིག་པ། ཕག་གྲུའི་སྲིད་དབང་དང་ཀརྨ་གཙང་སྟོད་རྒྱལ་པོའི་སྲིད་དབང་།སྤྱི་ལོ་༡༣༥༤ལོ་ནས་སྤྱི་ལོ་༡༦༤༢ལོའི་བར

ལེའུ་དང་པོ།ཕག་གྲུ་ཁྲི་སྐོར་གྱིས་ས་སྐྱའི་སྲིད་དབང་རྩ་སློག་གཏོང་པའི་བརྒྱུད་རིམ །

གཅིགཕག་གྲུའི་འབྱུང་ཁུངས་དང་དགེ་ཕྲུག་འབྲི་གུང་པ་དང་སྟག་ལུང་པ །

གཉིས།ཕག་གྲུའི་ཁྲི་དཔོན་རྡོ་རྗེ་དཔལ་གྱིས་གཞིས་ཀའི་སྲོལ་གཏོད་པ།

གསུམ།བྱང་ཆུབ་རྒྱལ་མཚན་གྱི་དུས་སྐབས་ཕག་གྲུའི་ཁྲི་སྐོར་འཕེལ་རྒྱས་ཤུགས་ཆེན་དུ་སོང་བ།

བཞི།ཕག་གྲུ་དང་གཡའ་བཟང་།འབྲི་གུང་།ཚལ་པ་སོགས་ཁྲི་སྐོར་བར་གྱི་མངའ་ཁོངས་རྩོད་རེས། 

ལྔ།བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་དཔོན་ཆེན་གྱི་སྲིད་དབང་འཕྲོག་པ །

 

ལེའུ་གཉིས་པ།བྱང་ཆུབ་རྒྱལ་མཚན་གྱིས་སྲིད་སྐྱོང་གནང་བ་དང་ཕག་གྲུ་གོང་མའི་གདུང་རྒྱུད་ཀྱི་སྐོར།

གཅིགབྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུ་གོང་མའི་སྡེ་སྲིད་སྲིད་དབང་བཙུགས་པའི་སྐོར།

གཉིས།ཕག་གྲུའི་སྲིད་དབང་གི་རྩ་འཛུགས་རྣམ་པ།

གསུམ།བྱང་ཆུབ་རྒྱལ་མཚན་གྱི་སྲིད་སྐྱོང་ཐབས་ལམ། 

༡ རྫོང་འཛུགས་པའི་སྲོལ་ལུགས་གཏོད་པ།

༢ གཞིས་ཀའི་ལམ་ལུགས་ཁྱབ་སྤེལ་དང་འཕེལ་རྒྱས་བཏང་བ།  

༣ ཁྲིམས་ལུགས་གཏན་འབེབས། 

༤ སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་བ།

 ༥ དཔལ་འབྱོར་གོང་འཕེལ་བཏང་བ།

བཞི།ཕག་གྲུའི་གོང་མ་རིམ་བྱོན་དང་དེ་དག་གི་ཆོས་སྲིད་ཐད་ཀྱི་མཛད་རྗེས་སྐོར།

ལྔ།ཕག་གྲུའི་སྲིད་དབང་གི་ལོ་རྒྱུས་མཛད་རྗེས་དང་ཉམས་རྒུད་ཀྱི་རྒྱུ་རྐྱེན།

དྲུགཕག་གྲུ་གོང་མ་རིམ་བྱོན་གྱི་རེའུ་མིག

 

ལེའུ་གསུམ་པ། ཀརྨ་པ་གཙང་སྟོད་རྒྱལ་པོའི་སྲིད་དབང་གསར་དུ་དར་བའི་སྐོར།

གཅིགརིན་སྤུངས་པ་ནམ་མཁའ་བཟང་པོའི་ཁྱིམ་རྒྱུད་དར་རྒུད་ཀྱི་ལོ་རྒྱུས།

གཉིས།ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་སྲིད་འགྱུར་བསླངས་ཏེ་རྒྱལ་པོ་བྱས་པ།

གསུམ།བསྟན་སྐྱོང་དབང་པོ་ཡབ་སྲས་ཀྱིས་དགེ་ལུགས་པའི་གྲུབ་མཐའ་ལ་མགོ་གནོན་བྱས་པའི་སྐོར།

 

ལེའུ་བཞི་པ། བོད་རྒྱའི་འབྲེལ་བ་མཛའ་མཐུན་མཉམ་གནས་བྱེད་པའི་ཀྲུའུའི་རུས་རྒྱུད་ཀྱི་ཏཱ་མིང་རྒྱལ་རབས་སྐོར།

གཅིགཕག་གྲུའི་སྲིད་དབང་དང་ཏཱ་མིང་རྒྱལ་རབས་བར་གྱི་ཕོ་ཉ་འགྲོ་འོང་།

གཉིས།བོད་རིགས་སེར་སྐྱ་མགོ་དཔོན་གྱིས་ཏཱ་མིང་རྒྱལ་རབས་ལ་འབུལ་རྟེན་དང་ཏཱ་མིང་རྒྱལ་རབས་ཀྱི་གནང་སྦྱིན་སྐོར།

གསུམ།ཏཱ་མིང་རྒྱལ་རབས་ཀྱིས་ཆོ་ལོ་གང་མང་སྤྲད་དེ་ས་གནས་སོ་སོའི་སྲིད་དབང་འཛུགས་དགོས་པ་དང་སོ་སོའི་གོམས་སྲོལ་དང་བསྟུན་ཏེ་བདག་སྐྱོང་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་རྒྱ་ཕན་ཚུན་བར་འཆམ་མཐུན་གྱི་ཁོར་ཡུག་སྐྲུན་པའི་སྐོར།

 བཞི།ཏཱ་མིང་རྒྱལ་རབས་ཀྱིས་བོད་ཀྱི་བླ་ཆེན་མང་པོ་ཡང་ནས་ཡང་དུ་པེ་ཅིན་དུ་གདན་དྲངས་ནས་ཆོས་སྤེལ་བཅུག་པ་དང་།སྐབས་དེའི་དུས་བོད་རིགས་རབ་བྱུང་པ་པེ་ཅིན་དུ་བཞུགས་མཁན་སྟོང་ཕྲག་ལྷག་ལ་འཕེལ་ཡོད།

 

ལེའུ་ལྔ་པ། ཀརྨ་གཙང་སྟོད་རྒྱལ་པོས་སྲིད་སྐྱོང་ལོ་ངོ༢༤གནང་བའི་སྐོར།

གཅིགཀརྨ་གཙང་སྟོད་རྒྱལ་པོས་སྲིད་སྐྱོང་ལོ་ངོ་༢༤མཛད་པའི་སྐོར། 

གཉིས།ཀརྨ་གཙང་སྟོད་རྒྱལ་པོས་དགེ་ལུགས་པར་འཁོན་འཛིན་བྱེད་དགོས་པའི་རྒྱུ་རྐྱེན།

གསུམ།གཙང་སྟོད་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ཡབ་སྲས་ཀྱིས་དགེ་ལུགས་པར་མནར་གཅོད་མགོ་གནོན་བྱས་པའི་སྐོར།

བཞི།ཀརྨ་པ་གཙང་སྟོད་རྒྱལ་ཕྲན་གྱི་ཆབ་སྲིད་ལམ་ལུགས་སྐོར།

ལྔ།ཀརྨ་པ་གཙང་སྟོད་རྒྱལ་ཕྲན་གྱི་མཛད་རྗེས་སྐོར།

༡ ཁྲིམས་སྲོལ་དང་འཇལ་གཤོར་འདེགས་གསུམ་གཏན་ལ་ཕབ ། 

ནང་པའི་ཆོས་ལ་བརྩི་ཆེན་གནང་ནས་དགེ་འདུན་ལ་མཆོད་སྦྱིན་བསྙེན་བཀུར་མཛད་པ།

༣ ཁྲལ་འཇལ་མི་དགོས་པའི་ བཀའ་རྒྱ་བསྒྲགས་པ།

༤ སྐྱེ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་རི་དྭགས་རྔོན་མི་ཆོག་པའི་བཀག་སྡོམ་གནང་པ།

༥ གནས་མཇལ་མི་སྣའི་སྲོག་ནོར་བདེ་ཐང་ལ་སྲུང་སྐྱོང་དང་གནས་སྐོར་བར་མི་ཕྱུགས་མཁོ་འདོན་བྱས་པ།

 

ས་བཅད་བཅུ་གཉིས་པ། དགེ་ལུགས་པའི་དབུ་འཛིན་གྱིས་དགའ་ལྡན་ཕོ་བྲང་སྡེ་སྲིད་སྲིད་དབང་བཙུགས་པའི་སྐོར།

༼ཉེ་རབས་དུས་སྐབས་ཀྱི་སྤྱི་ལོ་༡༦༤༢ལོ་ནས་༡༧༢༡ལོ་བར།༽

 

ལེའུ་དང་པོ། དགེ་ལུགས་པས་སོག་པོའི་དཔུང་ཤུགས་ལ་བརྟེན་ནས་སྲིད་དབང་ཐོབ་པའི་སྐོར།

གཅིགསོག་མི་ཨ་མདོ་བོད་ཁུལ་དུ་གནས་སྤོས་བྱས་པ་དང་སོག་ཡུལ་དུ་ནང་བསྟན་ཆོས་ལུགས་དར་ཞིང་རྒྱས་པའི་ཚུལ།

གཉིས།དགེ་ལུགས་པས་སོག་པོའི་དཔུང་ཤུགས་ལ་བརྟེན་ནས་བོད་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ཆ་ཕྲོགས་པའི་ཚུལ།

 

ལེའུ་གཉིས་པ། ལོ་ངོ༨༠རིང་གི་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་སྲིད་དབང་སྐོར།

གཅིགདགའ་ལྡན་ཕོ་བྲང་གི་སྲིད་དབང་ཐོག་མའི་དུས་སྐབས་བོད་སོག་མཉམ་འབྲེལ་གྱི་སྲིད་དབང་ལམ་ལུགས།

གཉིས།སོག་པོ་ཧན་རྒྱལ་དང་དགའ་ལྡན་ཕོ་བྲང་བར་གྱི་འབྲེལ་བ །

གསུམ།ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རིམ་བཞིན་དུ་སོག་པོ་ཧན་རྒྱལ་པོའི་སྡེ་སྲིད་རང་གི་དབང་ཆ་བཀོལ་ཆོག་པའི་དབང་ཆ་དེ་ཕྱིར་ལེན་བྱས་པའི་སྐོར།   

བཞི།མན་ཆིང་རྒྱལ་རབས་ཀྱི་གོང་མ་ཐོག་མ་ཧྥུ་ལིན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ པེ་ཅིན་དུ་གདན་ཞུས་མཛད་དེ་ཆིང་རྒྱལ་རབས་དང་མངའ་གཏོགས་འབྲེལ་བ་བཙུགས་པའི་སྐོར། 

ལྔ།དགའ་ལྡན་ཕོ་བྲང་སྡེ་སྲིད་སྲིད་དབང་གི་རྩ་འཛུགས་སྒྲིག་གཞི །

དྲུགསྡེ་སྲིད་ཀྱི་སྲིད་སྐྱོང་ཐབས་ལམ།

བདུན།བཀའ་བརྒྱུད་པའི་ངོ་རྒོལ་འཐབ་རྩོད་ཀྱི་སྐོར།

བརྒྱད།འབྲུག་པ་བཀའ་བརྒྱུད་ཆོས་ཀྱི་རྒྱལ་པོས་དགེ་ལུགས་པའི་དོ་དམ་ལམ་ལུགས་ལ་མ་བརྩིས་ནས་རང་བཙན་བྱས་པའི་སྐོར།

དགུ། ཡུན་ནན་རྒྱལ་པོ་ཝཱུ་སའན་ཀུས་ཀྱིས་མན་ཆིང་ལ་རྒོལ་བ་དང་སྡེ་སྲིད་སྲིད་དབང་བར་གྱི་འབྲེལ་བ །

བཅུ།ཆིན་རྒྱལ་རབས་ཀྱིས་ཕོ་ཉ་ཐེངས་བཞི་མངགས་ཏེ་པཎ་ཆེན་སྐུ་ཕྲེང་ལྔ་པ་གདན་འདྲེན་ཞུས་ཀྱང་མ་འགྲུབ་པ།

བཅུ་གཅིགསོག་པོ་ཧན་རྒྱལ་པོ་དང་སྡེ་སྲིད་བར་གྱི་འཐབ་རྩོད །

བཅུ་གཉིས།སོག་པོ་རྒྱལ་པོའི་བཙུན་མོ་ཚེ་རིང་བཀྲ་ཤིས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་བཀྲོངས་པ་དང་མན་ཆིང་རྒྱལ་རབས་ཀྱིས་དྲག་པོའི་སྟོབས་ཤུགས་ངང་ནས་ཐད་ཀར་བོད་ལ་ཐེ་ཇུས་བྱས་པའི་ཚུལ།

 

ལེའུ་གསུམ་པ། བསྟན་འཛིན་ལྷ་བཟང་ཧན་གྱིས་སྲིད་སྐྱོང་ལོ་ངོ་༡༣་མཛད་པའི་སྐོར།

གཅིགམི་ངན་མངགས་ཏེ་གྱོད་གཏུག་ཞུ་ཡིག་ཕུལ་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་མ་ཉེས་ཁ་གཡོག་བྱས་པའི་ཚུལ།

གཉིས།ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཁྲི་ནས་ཕབ་སྟེཔེ་ཅིན་ཕྱོགས་སུ་ བརྫངས་སྐྱེལ་བྱས་པའི་སྐོར།

གསུམ།འབྲུག་ཡུལ་ཕྱིར་ལེན་གྱི་གཡུལ་འགྱེད་སྐོར།

བཞི།ནང་བསྟན་ཆོས་ལུགས་དར་སྤེལ་དང་དགེ་ལུགས་པར་དད་གུས་ཆེ་བའི་ཚུལ།

ལྔ།ཇུན་གར་སོག་དམག་བོད་དུ་སླེབས་པ་དང་ལྷ་བཟང་ཧན་བཀྲོངས་པ། 

 

ལེའུ་བཞི་པ། སྡེ་སྲིད་སྲིད་དབང་གིས་ཁམས་ཕྱོགས་ཀྱི་ཆོས་སྲིད་གཉིས་ཀར་དོ་དམ་བྱེད་པའི་སྐོར།

གཅིགཆེད་མི་མངགས་ཏེ་ཁམས་ཕྱོགས་ཀྱི་ཁྱིམ་དུད་ས་ཞིང་དང་ཁྲིམས་སྲོལ་ལམ་ལུགས།དགོན་གནས་བཅས་ལ་ཞིབ་བཤེར་བྱས་པའི་སྐོར།

གཉིས།བོད་རྒྱ་གཉིས་ཁམས་ཡུལ་ཤར་ཕྱོགས་ས་ཁུལ་འཕྲོག་རེས་ཀྱི་དམག་འཐབ་སློང་བའི་སྐོར།

གསུམ།ཁམས་ཡུལ་ལྷོ་ཕྱོགས་སུ་བོད་སོག་གཉིས་ཀྱི་མངའ་ཁོངས་འཕྲོག་རེས་ཀྱི་རྩོད་གཞི་ཞི་འཇགས་སུ་བཏང་པ།

བཞི།འཇང་ཡུལ་གྱི་བཀའ་བརྒྱུད་པས་དགའ་ལྡན་ཕོ་བྲང་སྲིད་དབང་ལ་ངོ་རྒོལ་འཁྲུག་སློང་ལྷིང་འཇགས་སུ་བཏང་པ །

ལྔ།ཁམས་ཕྱོགས་དགོན་པའི་དོ་དམ་ཉམས་གསོ་བྱས་པའི་ཚུལ།

 

ལེའུ་ལྔ་པ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ལོ་རྒྱུས་མཛད་རྗེས །

གཅིགདུས་རབས་ཤིག་གི་རླབས་ཆེན་གྱི་སློབ་དཔོན་དང་ཕུལ་དུ་བྱུང་བའི་ཆབ་སྲིད་པ།བསམ་བློ་བ །

གཉིས།བོད་ཡོངས་གཅིག་གྱུར་གྱི་དགའ་ལྡན་ཕོ་བྲང་སྲིད་དབང་གསརའཛུགས་བྱས་པ།

གསུམ།དགོན་གནས་ཁག་གི་དོ་དམ་ལམ་ལུགས་གཏན་ལ་ཕབ་པ །

བཞི།སོག་ཡུལ་གྱི་ཆོས་ལུགས་བྱེད་སྒོ་དགེ་ལུགས་པའི་དོ་དམ་མངའ་འོག་ཏུ་བཙུད་པ །

ལྔ།བརྕམས་ཆོས་དང་འཆད་གཉེར་ལས་ལ་ཞུགས་ཏེ་མི་རབས་རྗེས་མར་རིན་ཐང་བྲལ་བའི་བསམ་པའི་ཤུལ་བཞག་བཞག པ །

 

ལེའུ་དྲུག་པ། སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་སྲིད་དོན་མཛད་རྗེས

གཅིགབརྙས་ཁུར་འགན་སྒྲུབ་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པའི་ཡང་སྲིད་བརྩད་བཅད་པ།

གཉིས།དགེ་ལུགས་པ་དང་བཀའ་བརྒྱུད་པ་བར་གྱི་འགལ་བ་ཞི་བའི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་རྒྱུའི་དགོངས་བཞེད་བསྟན་པ།

གསུམ།དགའ་ལྡན་ཕོ་བྲང་གི་ཆོས་སྲིད་དབང་ལུགས་སྐྱོང་པའི་ཕྱིར་ཕྱོགས་སོ་སོ་ནས་རོགས་སྐྱོར་གྱི་རེ་བ་བཏོན་པ།

བཞི།འཛམ་གླིང་དུ་མཚན་སྙན་འབྲུག་ལྟར་གྲགས་པའི་ཕོ་བྲང་པོ་ཏ་ལ་རྒྱ་སྐྱེད་དུ་བཏང་བའི་ཚུལ།

ལྔ།དགའ་ལྡན་ཕོ་བྲང་གི་སྲིད་དབང་སྲ་བརྟན་པའི་ཕྱིར་བླ་ན་མེད་པ་བྱས་རྗེས་གྲངས་མེད་བཞག་པ།  

 

ལེའུ་བདུན་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་སྐྱོང་ལོ་ངོ༢༦གནང་སྟེ་སྲིད་དོན་མཛད་རྗེས་བསྐྲུན་པ །

གཅིགཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གིས་གདམས་གསེས་གནང་བའི་རྒྱུད་འཛིན་པ །

གཉིས།སོག་པོ་ཧན་རྒྱལ་པོའི་དབང་དུ་མ་ཞུགས་ནས་མི་རིགས་རང་སྐྱོང་རང་ཐག་གཅོད་པའི་འདོད་ཚུལ་བཅངས་པ།

གསུམ།ཕོ་བྲང་པོ་ཏ་ལ་རྒྱ་སྐྱེད་གྱི་གཙོ་འགན་བཞེས་པ། 

བཞི།བོད་ཀྱི་གསོ་རིག་སྨན་རྫས་ བྱ་གཞག་གོང་འཕེལ་བཏང་བ། 

ལྔ།བརྕམས་ཆོས་དང་འཆད་གཉེར་ལས་ལ་ཞུགས་ཤིང་མི་རབས་རྗེས་མར་རིན་ཐང་བྲལ་བའི་བསམ་པའི་ཤུལ་བཞག་བཞག་པ།

དྲུགརྒྱལ་བའི་བཀའ་ འགྱུརཤིང་བརྐོས་ལས་དོན་གཙོ་སྐྱོང་གནང་བའི་སྐོར།

བདུན།ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོར་རྒྱབ་སྐྱོར་གནང་བ།

བརྒྱད།སྡེ་སྲིད་རིམ་བྱོན་ཀྱི་རེའུ་མིག

དགུ།སོག་པོ་ཧན་རྒྱལ་པོ་རིམ་བྱོན་གྱི་རེའུ་མིག

 

ས་བཅད་བཅུ་གསུམ་པ།  ཆོས་སྲིད་ལམ་ལུགས་ཐོར་བའི་རྒྱལ་པོའི་སྲིད་དབང་དང་བོད་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོའི་སྐོར།སྤྱི་ལོ༡༧༢༡ལོ་ནས༡༧༥༡ལོ་བར

ལེའུ་དང་པོ།  ཆིང་རྒྱལ་རབས་ཀྱིས་དམག་ཤུགས་ལ་བརྟེན་ནས་བོད་ཀྱི་ཆོས་སྲིད་ལ་ཐེ་ཇུས་དང་རྒྱལ་པོའི་ལམ་ལུགས་དངོས་སུ་གཏན་ལ་ཕབ་པའི་ཚུལ།

གཅིགཆིང་རྒྱལ་རབས་ཀྱི་དམག་དཔུང་ཐེངས་དང་པོ་བོད་དུ་ཡོང་ནས་ཐམས་ཅད་ནག་ཆུ་ཁར་བསྣུབས་པ།

གཉིས།རྒྱལ་པོའི་སྲིད་གཞུང་བཙུགས་པའི་སྐོར།

གསུམ།དབུས་གཙང་གཉིས་ཀྱི་རྒྱལ་བློན་བར་ནང་འཁྲུག་བྱུང་ནས་ཕན་ཚུན་གསོད་རེས་བྱེད་པ།

 

ལེའུ་གཉིས་པ། བོད་ཀྱི་རྒྱལ་པོ་བསོད་ནམས་སྟོབས་རྒྱལ་གྱི་སྲིད་དོན་མཛད་རྗེས་དང་དགེ་སྐྱོན་ཐད་གྱི་གདེང་འཇོག

གཅིགཆིང་རྒྱལ་རབས་ཀྱི་གོང་མར་བློ་དཀར་ཞིང་བོད་དང་རྒྱ། མན་རིགས་བར་གྱི་མཐུན་སྒྲིལ་ཡག་པོ་གནང་བ། གཉིས།བཀའ་འགྱུརདངབསྟན་འགྱུརགྱི་ དཔར་ཤིང་བརྐོ་བའི་གཙོ་སྐྱོང་གནང་བའི་སྐོར།

གསུམ།དམག་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཏེ་མེས་རྒྱལ་སྲུང་སྐྱོབ་ལེགས་པོ་མཛད་པ།

བཞི།གྲུབ་མཐའ་ཕན་ཚུན་འདྲ་མཉམ་གྱི་ལག་བསྟར་བྱས་ཏེ་ཆོས་ལུགས་རིག་གནས་དར་སྤེལ་བཏང་པ །

ལྔ།འབངས་མི ལ་ཐུགས་ཁུར་གནང་སྟེ་ཁྲལ་འཇལ་མི་དགོས་པ་བྱས། 

དྲུགམགོ་བདེ་དྲན་འཕྲུལ་ལ་བྱང་པའི་Kགསུམ་མི་སྣ།

བདུན།ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པར་དམའ་འབེབས་བཏང་བའི་ཚུལ། 

བརྒྱད།མན་ཆིང་རྒྱལ་རབས་ཀྱི་དབང་ཆ་སྤྱད་དེ་གཞན་བསྐུལ་མི་གསོད་དང་རང་ཕྱོགས་མི་མཐུན་པའི་ཁག་རྩ་བཀོག་པ།

 

ལེའུ་གསུམ་པ། ཆིང་རྒྱལ་རབས་བོད་ཡུལ་བཅའ་སྡོད་ཨམ་བན་གྱིས་ཇུན་ཝང་(君王)འགྱུར་མེད་རྣམ་རྒྱལ་བཀྲོངས་པ་དང་དེའི་རྒྱུ་རྐྱེན་སྐོར།

གཅིགའགྱུར་མེད་རྣམ་རྒྱལ་གྱིས་ཕ་ཤུལ་རྒྱུད་འཛིན་དང་མི་རིགས་རང་ཚུགས་འབད་འབུངས་ཀྱི་འདུ་ཤེས་མངོན་པའི་མཚོན་རྟགས།

གཉིས།བོད་རྒྱལ་འགྱུར་མེད་རྣམ་རྒྱལ་བོད་སྡོད་ཨམ་བན་གྱིས་ཐབས་འཕྲུལ་ངང་སྐུ་བཀྲོངས་དགོས་པའི་རྒྱུ་རྐྱེན།

གསུམ།ཆིང་རྒྱལ་རབས་ཀྱིས་ཕྱིན་ཆད་བོད་རིགས་ཀྱི་དོན་གཅོད་བྱེད་ཕྱོགས་སྐོར་དོན་ཚན་བཅུ་གསུམ་བསྒྲགས་པའི་ཚུལ།

བཞི།བོད་རྒྱལ་འགྱུར་མེད་རྣམ་རྒྱལ་གྱི་སྲིད་སྐྱོང་མཛད་རྗེས །

 

ལེའུ་བཞི་པ།ཆིང་རྒྱལ་རབས་ཀྱིས་རྒྱལ་མོ་རོངཆུ་ཆེན་བཙན་བཅོམ་ཐེངས་གཉིས་བྱས་ཚུལ །

གཅིགརྒྱལ་མོ་རོང་གི་གནས་ཚུལ་རགས་བསྡུས།

གཉིས།ཆིང་རྒྱལ་རབས་ཀྱི་རྒྱལ་མོ་ཚ་བ་རོང་དུ་དྲག་གནོན་བྱེད་ཐེངས་དང་པོ་ཕམ་ཉེས་ཁུར་བའི་ཚུལ།

གསུམ།རྒྱལ་མོ་ཚ་བ་རོང་དུ་དྲག་གནོན་གྱི་གཡུལ་འགྱེད་ཐེངས་གཉིས་པ་བྱུང་བའི་ཚུལ །

བཞི།དགོན་པ་གཏོར་བཤིག་དང་དགེ་འདུན་པ་དམར་གསོད་བཏང་སྟེ་རྩ་བརླག་བཏང་བའི་ཉེས་སྤྱོད།

 

ལེའུ་ལྔ་པ། བོད་ས་གནས་སྲིད་གཞུང་རིམ་བྱུང་གིས་འབྲུག་པ་དང་།མོན་ཡུལ།འབྲས་ལྗོངས།ལ་དྭགས་བཅས་ལ་བདག་སྐྱོང་མཛད་པའི་སྐོར།

གཅིགའབྲུག་པར་བདག་སྐྱོང་བྱས་པའི་སྐོར།

གཉིས།མོན་ཡུལ་ལ་བདག་སྐྱོང་བྱས་པ་དང་།རྒྱ་གར་ལ་ མངའ་ཁོངས་བཅད་སྤྲོད་བྱས་པའི་སྐོར།

གསུམ།འབྲས་ལྗོངས་ལ་བདག་སྐྱོང་བྱས་པའི་སྐོར།

བཞི།ལ་དྭགས་ལ་བདག་སྐྱོང་བྱས་པའི་སྐོར།

 

ལེའུ་དྲུག་པ། ཆིང་རྒྱལ་རབས་ཀྱིས་བོད་ཁུལ་དུ"ཁག་བགོས་དབང་སྒྱུར"གྱིསྲིད་ཇུས་ལག་བསྟར་བྱས་པ།

གཅིགཔཎ་ཆེན་གྱི་ཐོབ་ཐང་མཐོ་རུ་བཏང་ནས་ཏཱ་ལའི་བླ་མའི་སྟོབས་ཤུགས་ཁ་བྲལ་དུ་བཏང་བའི་ཚུལ།

གཉིས།ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་ཁམས་ཡུལ་དུ་གནས་སྤོས་བཞུགས་པ་དང་དེའི་རྒྱུ་རྐྱེན །

གསུམ།ཨ་མདོའི་བོད་སོག་མི་དམངས་ཀྱིས་ཆིང་རྒྱལ་རབས་ལ་ངོ་རྒོལ་བྱས་པ་དང་། མཚོ་སྔོན་བོད་སོག་མི་དམངས་ཀྱི་བྱ་སྤྱོད་བཀག་སྡོམ་གྱི་ཁ་ཆད་དོན་ཚན་བཅུ་གསུམགྱི་སྐོར།

བཞི།སྨད་མདོ་ཁམས་སྒང་དྲུག་ཀན་སུའུ་དང་།མཚོ་སྔོན།སི་ཁྲོན།ཡུན་ནན་བཅས་ཞིང་ཆེན་བཞིའི་མངའ་ཁོངས་སུ་བགོས་ཏེ་སིལ་བུར་བཏང་ནས་ཁག་བགོས་དབང་སྒྱུར་གྱིས་བྱེད་ཐབས་སྤྱད་པ།

 

ལེའུ་བདུན་པ། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཅན་གྱི་བཀའ་ཤག་ས་གནས་སྲིད་གཞུང་དབུ་བརྙེས་པ་དང་།ཆིང་རྒྱལ་རབས་ཀྱིས་བོད་ལ་དབང་སྒྱུར་བྱེད་ཤུགས་ཆེ་རུ་བཏང་པའི་སྐོར།

གཅིགཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་ཆོས་སྲིད་གཉིས་ཀྱི་དབང་ཆ་འཛིན་སྐྱོང་མཛད་པའི་སྐོར།

གཉིས།ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་དཀའ་ཚེགས་ཀྱི་སྐུ་ཚེ་ཧྲིལ་པོ །

གསུམ།རྒྱལ་ཚབ་དང་པོ་བདེ་ལེགས་རྒྱ་མཚོས་སྲིད་སྐྱོང་ལོ་ངོ་༢༠མཛད་པའི་ཚུལ།

བཞི།ངག་དབང་ཚུལ་ཁྲིམས་ཀྱིས་སྲིད་སྐྱོང་གནང་པ་དང་།  བལ་པོ་གོར་ཥས་བོད་ལ་བཙན་འཛུལ་བྱས་པའི་ཚུལ།

ལྔ།བསྟན་པ་མགོན་པོས་སྲིད་སྐྱོང་མཛད་པ་དང་།ཆིང་རྒྱལ་རབས་ཀྱིས་ཆུ་གླང་ལོ་ཝང་ཞུ་ཚུར་ཕུལ་གྱི་རྩ་ཚིག་དོན་ཚན་ཉེར་དགུ་འགྲེམ་བསྒྲགས་བྱས་པ ། 

བལ་པོས་བཙན་འཛུལ་ཐེངས་གཉིས་བྱས་པ་དང་བོད་དང་མན་ཇུ།རྒྱ་ནག་གི་མཉམ་འབྲེལ་དམག་དཔུང་གིས་བཙན་འཛུལ་ངོ་རྒོལ་གྱི་གཡུལ་ལས་རྒྱལ་བ། 

ཆུ་གླང་ལོ་ཝང་ཞུ་ཚུར་ཕུལ་གྱི་རྩ་ཚིག་དོན་ཚན་ཉེར་དགུ་འགྲེམ་བསྒྲགས་བྱས་པ།

༣ ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་སྐུ་གཤེགས་པ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པའི་ཡང་སྲིད་བྱོན་པ། 

༤ ཡ་རྩེ་རྒྱལ་ཕྲན་གྱི་མངའ་ཁོངས་བལ་པོར་ཤོར་བ།

དྲུགའཇིགས་མེད་རྒྱ་མཚོའི་སྲིད་སྐྱོང་དང་མཐའ་མཚམས་སུ་རྩོད་གཞི་བསྟུད་མར་བྱུང་བའི་སྐོར།

བདུན།རྒྱལ་ཚབ་ཚུལ་ཁྲིམས་རྒྱལ་མཚོ་དང་ཨམ་བན་བར་གྱི་འགལ་བ །

༡ བོད་སྡོད་ཨམ་བན་གྱིས་རྒྱལ་ཚབ་བཀག་སྐྱིལ་བྱས་པ། 

༢ རང་ཁོངས་ཀྱི་ལ་དྭགས་རྒྱ་གར་ལ་བཅད་སྤྲོད་བྱས་པ། 

༣ ཚུལ་ཁྲིམས་རྒྱ་མཚོས་ཏཱ་ལའི་བླ་མ་སྐུ་ཐོག་གཉིས་ཀྱི་ཡང་སྲིད་བརྩད་འཚོལ་དང་ཁྲི་འདོན་གྱི་ལས་དོན་གཙོ་སྐྱོང་གནང་པ།

བརྒྱད།ཚུལ་ཁྲིམས་རྒྱལ་མཚན་གྱིས་སྲིད་བསྐྱངས་ཤིང་ཆིང་རྒྱལ་རབས་ཀྱི་བོད་ཁུལ་དབང་སྒྱུར་གྱི་སྟོབས་ཤུགས་ཉམས་རྒུད་དུ་སོང་བ།

 ༡ བལ་པོ་དང་འདྲ་མཉམ་མིན་པའི་ཆིངས་ཡིག་བཞག་པ། 

༢ ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་ཀྱི་ཡང་སྲིད་བརྩད་འཚོལ་གནང་པ། 

༣ པཎ་ཆེན་སྐུ་ཕྲེང་བརྒྱད་པའི་ཁྲི་འདོན་མཛད་སྒོ་གཙོ་སྐྱོང་གནང་པ། 

༤ རྒྱལ་ཚབ་དང་འབྲས་སྤུངས་དགོན་པ་བར་ནང་འགལ་བྱུང་བ།

དགུ།བློ་བཟང་མཁྱེན་རབ་དབང་ཕྱུག་གི་སྲིད་སྐྱོང་སྐོར།

 ༡ སེ་ར་དགོན་པའི་དགེ་འདུན་པས་བཙོན་དུ་ཡོད་པའི་དགོན་པའི་མཁན་པོ་འཕྲོག་སྐྱོབ་བྱས་པ།  

༢ དགའ་ལྡན་དགོན་པའི་དགེ་འདུན་པས་བཀའ་བློན་ཕུན་ཚོགས་ཚེ་དབང་རྡོ་རྗེ་སྐུ་བཀྲོངས་པ།   

༣ ཕྱི་རྒྱལ་གྱི་སྟོབས་ཤུགས་བོད་དུ་སླེབས་པ།

བཅུ།ཉག་རོང་མགོན་པོ་རྣམ་རྒྱལ་གྱིས་ཁམས་ཁུལ་གཅིག་གྱུར་ཡོང་ཐབས་ཀྱི་ཕུགས་འདུན་་བཅངས་པས། ཆིང་རྒྱལ་རབས་ཀྱིས་ཐེངས་གང་མང་དྲག་གནོན་བྱས་ཀྱང་ཕམ་ཁ་ཁུར། མཐར་བཀའ་ཤག་སྲིད་གཞུང་དམག་དཔུང་གིས་ཞོད་འཇགས་བཏང་བ།

བཅུ་གཅིགཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོས་སྲིད་འགན་དངོས་སུ་བཞེས་པ་དང་།ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་ནས་བཅུ་གཉིས་པའི་བར་གྱི་སྐུ་ཚེ་རིང་པོ་མ་བཞུགས་པའི་ལོ་རྒྱུས།

བཅུ་གཉིས།བོད་རྒྱལ་ཆོས་ཀྱི་རྒྱལ་མཚན་གྱི་སྲིད་སྐྱོང་སྐོར།

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་ཡང་སྲིད་བརྩད་འཚོལ་གནང་པ། 

༢ ཕྱི་གླིང་མྱུལ་ཞིབ་རུ་ཁག་བོད་དུ་འོངས་ཀྱང་ བོད་རིགས་མི་དམངས་ཀྱིས་ངོ་རྒོལ་བཀག་སྡོམ་བྱས་པ།

བཅུ་གསུམ།འཕྲིན་ལས་རབ་རྒྱས་ཀྱི་སྲིད་སྐྱོང་དང་བོད་རིགས་སྤྱི་ཚོགས་ཀྱི་ཟིང་ཆ་ཆེ་བ།

 

ས་བཅད་བཅུ་བཞི་པ།  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་སྲིད་སྐྱོང་ལོ་ངོ༤༠མཛད་པའི་སྐོར། ཉེ་རབསསྤྱི་ལོ༡༨༩༥ལོ་ནས་སྤྱི་ལོ༡༩༥༡ལོ་བར

ལེའུ་དང་པོ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་དངོས་སུ་སྲིད་འགན་བཞེས་པའི་སྐོར།

གཅིགཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་དངོས་སུ་སྲིད་འགན་བཞེས་པ །

གཉིས།ཏཱ་ལའི་བླ་མ་ལྐོག་གསོད་བྱེད་རྩིས་ཀྱི་དོན་རྐྱེན །

གསུམ།ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཨུ་རུ་སུ་དང་འབྲེལ་གཏུགས་གནང་པའི་སྐོར།

བཞི།ཆིང་རྒྱལ་རབས་ཀྱིས་ཏཱ་ལའི་བླ་མའི་དབུ་གནས་ཐེངས་དང་པོ་མེད་པར་བཟོ་བ།

ལྔ།བློ་བཟང་རྒྱལ་མཚན་གྱིས་ཏཱ་ལའི་བླ་མའི་སྐུ་ཚབ་ཏུ་སྲིད་སྐྱོང་ལོ༥གནང་པའི་ཚུལ།

དྲུགཀྲའོ་ཨར་ཧྥུང་གིས་དྲག་ཤུགས་ལ་བརྟེན་ཏེ་ཁམས་ཁུལ་ལ་"སྡེ་དཔོན་འཐེན་ནས་གཞུང་དཔོན་བསྐོ་གཞག་བྱེད་པའི་"ལམ་ལུགས་ལག་བསྟར་བྱས་པའི་སྐོར།

བདུན།ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་ཀྲང་དབྱིན་ཐང་གིས་བོད་དུ་སྲིད་དབང་སྒྲིག་གཞིར་བཅོས་བསྒྱུར་བྱས་པའི་སྐོར།

༡ སྲིད་དབང་སྒྲིག་གཞི་བཅོས་བསྒྱུར་གྱི་ནང་དོན། 

༢ ཀྲང་དབྱིན་ཐང་གི་སྲིད་དབང་སྒྲིག་གཞི་བཅོས་བསྒྱུར་དང་ཀྲའོ་ཨར་ཧྥུང་གི་སྡེ་དཔོན་འཐེན་ནས་གཞུང་དཔོན་བསྐོ་གཞག་བར་གྱི་འབྲེལ་བ། 

༣ ཀྲང་དབྱིན་ཐང་གི་སྲིད་དབང་སྒྲིག་གཞི་བཅོས་བསྒྱུར་གྱིས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན།

བརྒྱད།ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོ་མཆོག་པེ་ཅིན་དུ་ཕེབས་ནས་ཆིང་གོང་མ་ཀོང་ཞུ་དང་མཇལ་འཛོམས་གནང་བའི་སྐོར།

དགུ།ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བྲོས་ཤིང་ཆིང་རྒྱལ་རབས་ཀྱིས་སླར་ཡང་ཏཱ་ལའི་བླ་མའི་དབུ་གནས་མེད་པར་བཟོས་པ།

བཅུ།ཆིང་རྒྱལ་རབས་ཀྱིས་བོད་དུ་དམག་མངགས་ཏེ་བོད་དམག་གིས་གོ་ལག་ཕྲོགས་ནས་ཕྱིར་འབུད་བྱས་པའི་ཚུལ།

བཅུ་གཅིགབོད་དང་སོག་པོའི་བར་བཞག་པའིབོད་སོག་མནའ་འབྲེལ་གྱི་ཆིངས་ཡིག

བཅུ་གཉིས།རྒྱ་ནག་དང་དབྱིན་ཇི། བོད་དག་གི་སིམ་ལའི་གྲོས་ཚོགས།

བཅུ་གསུམ།ངག་དབང་བསྟན་པའི་རྒྱལ་མཚན་གྱིས་རྒྱལ་ཚབ་ཀྱི་ཐུགས་འགན་བཞེས་པའི་ཚུལ།

བཅུ་བཞི།པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་རྒྱ་ནག་ཡུལ་དུ་ལོ་ངོ་བཅོ་ལྔ་འཁྱར་བའི་ཚུལ།

བཅོ་ལྔ།བཀའ་ཤག་སྲིད་གཞུང་དམག་དཔུང་གིས་བོད་ཤར་ངོས་སུ་དཔུང་འཇུག་བྱས་པ་དང་།ཆབ་མདོའི་དམག་མཚམས་འཇོག་པའི་ཆོད་དོནསྐོར།

བཅུ་དྲུགབཀའ་ཤག་སྲིད་གཞུང་དཔུང་དམག་གིས་མཚོ་སྔོན་གྱི་སྐྱེ་རྒུ་མདོ་བཙན་བཟུང་བྱས་པའི་ཚུལ།

བཅུ་བདུན།མཚོ་སྔོནཙོང་ཁ་དུ་ཞིང་ཆེན་རིམ་པར་གཏན་ཕབ་པའི་ཚུལ།

བཅུ་བརྒྱད།སྐལ་བཟང་ཚེ་རིང་གིས"ཁམས་པས་ཁམས་ཡུལ་སྐྱོང་དགོས་པའི"མི་རིགས་རང་སྐྱོང་གི་འདོད་ཚུལ་བཏོན་པའི་ཚུལ།

 

ལེའུ་གཉིས་པ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སྲིད་སྐྱོང་དུས་བཀའ་ཤག་སྲིད་གཞུང་གི་བོད་ཡུལ་སྐྱོང་པའི་བསམ་བློ་དང་དགོངས་འདུན་གསར་པའི་སྐོར།

གཅིགཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་མཆོག་གིས་བོད་ཁུལ་ཡོངས་རྫོགས་རང་ཚུགས་རང་བདག་དང་འབད་འབུངས་ལྷུར་ལེན་བྱེད་དགོས་པའི་འབོད་སྐུལ་གནང་བའི་ཚུལ།

གཉིས།བོད་ལྗོངས་སྤྱི་འབངས་འཐུས་ཚོགས་བཙུགས་ནས་དམངས་གཙོའི་ཆབ་སྲིད་དར་སྤེལ་བཏང་པ།

གསུམ།མངའ་ཞབས་སེར་སྐྱ་མང་ཚོགས་ལ་ཆོས་ལ་དད་གུས་དང་།ཧུར་བརྩོན་རྒྱལ་སྐྱོང་།འབད་འབུངས་ཧུར་ལེན་བྱེད་དགོས་པའི་བསླབ་བྱ་གནང་བའི་ཚུལ།

བཞི།དཔོན་པོའི་དཔོན་ཁྲིམས་གཏན་ལ་ཕབ་པ་དང་།  མནར་གཅོད་ཀྱི་ཆད་པ་མེད་པ་བཏང་བའི་ཚུལ། 

ལྔ།ཞིང་འབྲོག་དང་བཟོ་ཚོང་དཔལ་འབྱོར་གོང་འཕེལ་གཏོང་བའི་སྲིད་ཇུས་གཏན་ལ་ཕབ་པའི་སྐོར།

དྲུགགྲུབ་མཐའ་ཁག་འདྲ་མཉམ་དུ་འཛིན་ནས་ཆོས་ལུགས་རིག་གནས་དར་སྤེལ་སྲུང་སྐྱོང་མཛད་པའི་སྐོར།

བདུན།ནུབ་ཕྱོགས་ཀྱི་དམངས་གཙོའི་ཆབ་སྲིད་ནང་འདྲེན་བྱས་ཏེ་ལམ་ལུགས་རྙིང་པར་བསྒྱུར་བཅོས་གནང་པའི་སྐོར།

བརྒྱད།གསར་སྲོལ་གྱི་དམག་དཔུང་བཙུགས་ནས་དམག་དོན་སྦྱོང་བརྡར་ལ་ཤུགས་གནོན་བརྒྱབ་པ།

དགུདངུལ་ལོར་དང་སྦྲག་རྟགས་འགྲེམས་སྤེལ་དང་།དེང་རབས་ཅན་གྱི་སྦྲག་ཁང་།ཏར་འཕྲིན།ཁ་པར་འཕྲིན་གཏོང་སོགས་ཀྱི་བྱ་གཞག་གཉེར་གནང་མཛད་པ །

བཅུ།བཟོ་གཏེར་ཁེ་ལས་འཛུགས་གཉེར་མཛད་པ །

བཅུ་གཅིགསྨན་རྩིས་སློབ་གྲྭ་གསར་འཛུགས་གནང་བ །

བཅུ་གཉིས།ཕུལ་བྱུང་གཞོན་ནུ་བདམས་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་མངགས་པ།

བཅུ་གསུམ།ཁྲལ་སྡུད་ལམ་ལུགས་གསར་པ་བཙུགས་པ། 

བཅུ་བཞི།སློབ་དོན་ཅུས་གསར་འཛུགས་བྱས་པ་དང་སློབ་གྲྭ་སྣ་ཚོགས་བཙུགས་པ །

བཅོ་ལྔ།སྲིད་བློན་སྲིད་འཛིན་གྱི་དཔོན་གནས་མཐོ་ཤོས་ཀྱི་ལམ་ལུགས་གསར་ཏུ་བཙུགས་པ །

བཅུ་དྲུག།སྲིད་གཞུང་གི་གཞུང་ལས་ཚན་ཁག་ཁ་སྣོན་མཛད་དེ་བཀའ་ཤག་སྒྲིག་གཞིའི་འཐུས་སྒོ་ཇེ་ཚང་དུ་བཏང་བ།

བཅུ་བདུན།དགོན་སྡེའི་དགེ་འདུན་པའི་འདུལ་ཁྲིམས་ལྷོད་གཡེང་དུ་ཆགས་ཡོད་པར་དོ་དམ་དང་བན་སྡེའི་ཁྲོད་རུལ་སུངས་ཀྱི་སྣང་ཚུལ་ལ་དག་ཐེར་གནང་བ།

བཅུ་བརྒྱད།ཏཱ་ལའི་བླ་མ་མཆོག་གིསབོད་འབངས་སྤྱི་ལ་སྤྲིངས་པའི་ལྗགས་ཡིགསྐོར།

བཅུ་དགུ།ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་སྐུ་མྱ་ངན་ལས་འདས་པའི་སྐོར།

 

ལེའུ་གསུམ་པ། རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་མཆོག་གིས་སྲིད་སྐྱོང་ལོ་ངོ་བདུན་མཛད་པའི་སྐོར།

གཅིགརྭ་སྒྲེང་མཆོག་གིས་སྲིད་ཚབ་འགན་བཞེས་ཀྱི་བརྒྱུད་རིམ །

གཉིས།རྒྱལ་དམངས་སྲིད་གཞུང་གིས་ཧོང་རྨུ་སུང་བོད་དུ་མངགས་ནས་བོད་རྒྱ་བར་གྱི་འབྲེལ་བ་གྲོས་མོལ་གནང་བའི་ཚུལ།

གསུམ།སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་གྱི་དོན་རྐྱེན།

བཞི།ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་དོན་རྐྱེན་དང་དབང་འཛིན་པ་ནང་ཁུལ་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་མར་བྱུང་བའི་སྐོར།

ལྔ།ཀྲུང་གོའི་བཟོ་ཞིང་དམར་དམག་བོད་ཁུལ་བརྒྱུད་དེ་རྒྱང་སྐྱོད་སྐབས་བོད་རིགས་མི་དམངས་ལ་བཞག་པའི་བག་ཆགས། 

༡ དམར་དམག་གི་བོད་ཁུལ་གྱི་མི་རིགས་སྲིད་ཇུས། 

༢ དམར་དམག་གིས་བོད་ཁུལ་དུ་བཙུགས་པའི་གནས་སྐབས་དམག་སྲིད་ལས་ཁུངས། 

༣ དམར་དམག་གིས་བོད་ཁུལ་དུ་གུང་ཁྲན་ཏང་རྩ་འཛུགས་དང་མང་ཚོགས་རྩ་འཛུགས་བཙུགས་པ། 

༤ དམར་དམག་རྒྱང་སྐྱོད་ཀྱིས་བོད་རིགས་མི་དམངས་ལ་ཐེབས་པའི་ཤུགས་རྐྱེན།

དྲུགཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་བརྩད་འཚོལ་གྱི་སྐོར།

བདུན།སྤྱི་ལོ༡༩༣༨ལོའི་ཁམས་ཡུལ་དཀར་མཛེས་ཀྱི་དོན་རྐྱེན།

བརྒྱད།ཀྲུང་ཧྭ་རྒྱལ་དམངས་སྲིད་གཞུང་གིས་ཁམས་ཡུལ་དུ་ནུབ་ཁམས་ཞིང་ཆེན་བཙུགས་པའི་སྐོར།

ནུབ་ཁམས་ས་ཁུལ་གྱི་ལོ་རྒྱུས་འཕེལ་རིམ། 

༢ ནུབ་ཁམས་ཞིང་ཆེན་འཛུགས་སྐབས་ཀྱི་ས་ཆའི་རྒྱ་ཁྱོན་དང་ས་ཁུལ་དབྱེ་ལུགས། མི་འབོར་བཅས་ཀྱི་སྐོར།

 

ལེའུ་བཞི་པ། སྟག་བྲག་ཐུབ་བསྟན་བསྟན་པའི་རྒྱལ་མཚན་གྱིས་སྲིད་སྐྱོང་ལོ་ངོ༡༠མཛད་པའི་སྐོར།

གཅིགསྲིད་ཚབ་རྭ་སྒྲེང་གིས་རང་འགུལ་ནས་འགན་གནས་དགོངས་ཞུ་ཞུས་པའི་སྐོར།

གཉིས།རྒྱལ་དམངས་སྲིད་གཞུང་གིས་ཀྲུང་གོ་དང་ཧིན་རྡུའི་བར་གྱི་གཞུང་ལམ་བཟོ་རྩིས་བྱས་ཀྱང་བཀའ་ཤག་སྲིད་གཞུང་གིས་ངོ་རྒོལ་བྱས་པས་མ་གྲུབ།

གསུམ།རྒྱལ་དམངས་སྲིད་གཞུང་གིས་བོད་ལྗོངས་སུ་ཉུལ་ཞིབ་པ་བཏང་ནས་བོད་དུ་དཔུང་འཇུག་བྱེད་རྩིས་བྱས་པའི་སྐོར།

བཞི།བཀའ་ཤག་སྲིད་གཞུང་དང་པཎ་ཆེན་བླ་བྲང་འཐུས་མི་གཉིས་ཀྲུང་ཧཱ་རྒྱལ་དམངས་སྲིད་གཞུང་གི་རྒྱལ་དམངས་ཚོགས་འདུར་གདན་ཞུ་ཐེངས་གཉིས་ཞུས་པ །

ལྔ།བཀའ་ཤག་སྲིད་གཞུང་གིས་ཚོང་དོན་རྟོག་ཞིབ་ཚོགས་པ་ཡོ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་དྲུག་ལ་འཚམས་འདྲིར་བཏང་བ །

དྲུགཔཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་བརྩད་འཚོལ་དང་ཁྲི་འདོན་ཞུ་བར་གེགས་ཆད་བྱུང་བའི་སྐོར།

བདུན།ཕུན་ཚོགས་དབང་རྒྱལ་གྱིས་བོད་ཁུལ་དུ་གསང་བའི་ངང་ཀྲུང་གོ་གུང་ཁྲན་ཏང་ས་འོག་རྩ་འཛུགས་བཙུགས་པའི་སྐོར།

བརྒྱད།སྤྱི་ལོ༡༩༤༧ལོའི་སྲིད་ཚབ་ཟུར་པ་རྭ་སྒྲེང་འཇམ་དཔལ་ཡེ་ཤེས་ཀྱི་དོན་རྐྱེན།

དགུསྤྱི་ལོ༡༩༤༩ལོའི་རྒྱ་རིགས་ཕྱིར་འབུད་ཀྱི་ལྷ་སའི་དོན་རྐྱེན །

བཅུ།བཀའ་ཤག་སྲིད་གཞུང་དང་ཀྲུང་ཧྭ་རྒྱལ་དམངས་སྲིད་གཞུང་བར་གྱི་འབྲེལ་བའི་སྐོར། 

པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་གི་མཁན་པོས་འོས་སྦྱོར་བྱས་པའི་མིའི་མདུན་དུ་འཕྲིན་ཡིག་བསྐུར་བ།

༢ བོད་རྒྱ་རིགས་གཉིས་ཀྱི་ཁྲག་རྒྱུད་འདྲེས་པའི་བུད་མེད་ལིའུ་མའན་ཆིན་སྒེར་ངོས་ནས་ལྷ་སར་ཡོང་སྟེ་ཉམས་ཚོད་རྟོག་ཞིབ་བྱས་པ།

༣ གཞུང་ཕྱོགས་ཀྱི་འཐུས་ཚབ་ཧོང་རྨུ་སུང་དང་ཝུ་ཁྲུང་ཤིན་རྣམ་གཉིས་བོད་དུ་ཕེབས་པ། 

༤ བཀའ་ཤག་གིས་རྟེན་འབྲེལ་ཚོགས་པ་ནན་ཅིན་དུ་མངགས་གཏོང་བྱས་པ། 

༥ ཅང་ཅེ་ཧྲེས་རྒྱལ་ནང་གྲངས་ཉུང་མི་རིགས་ཁག་གིས་རང་ཚུགས་རང་བདག་བྱེད་ཆོག་པའི་དགོངས་འཆར་བཏོན་པ།

 

ལེའུ་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་བོད་ལ་དཔུང་འཇུག་བྱེད་པའི་བཀའ་རྒྱ་བཏང་པའི་སྐོར།

གཅིགབཀའ་ཤག་གིས་དམག་དཔུང་རྒྱ་སྐྱེད་བཏང་ནས་གུང་ཁྲན་ཏང་གི་དཔུང་དམག་བོད་དུ་ཡོང་བར་འགོག་རྒོལ་བྱེད་པའི་གྲབས་གཤོམ་སྒྲིགས་པ།

གཉིས།བཀའ་ཤག་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་མའོ་ཙེ་ཏུང་ལ་འཕྲིན་ཡིག་སྤྲིངས་ཏེ་བོད་དུ་དཔུང་འཇུག་མི་བྱེད་རྒྱུའི་འདུན་པ་བཏོན་པ །

གསུམ།ཀྲུང་གོ་དང་དབྱིན་ཇི།ཨ་མེ་རི་ཀ།རྒྱ་གར།བལ་པོ་ལ་སོགས་རྒྱལ་ཁབ་ཁག་ལ་རོགས་སྐྱོར་ཞུ་གནང་གི་ཚོགས་པ་གཏོང་རྩིས་བྱས་ཀྱང་ལག་ལེན་བསྟར་མ་ཐུབ་པ།

བཞི།ཀྲུང་གོར་གྲོས་མོལ་སྐུ་ཚབ་ཚོགས་པ་བཏང་རུང་རྒྱ་གར་ཏུ་འགོག་རྐྱེན་ཕྲད་དེ་ལུས་སོང་བ།

ལྔ།ཆབ་མདོའི་གཡུལ་འགྱེད་སྐབས་བོད་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་དམག་ཕམ་སྟེ་མགོ་བཏགས་དགོས་པའི་སྐོར།

དྲུགཤིན་ཅང་གི་དམག་དཔུང་བོད་དུ་དཔུང་འཇུག་བྱས་པའི་སྐོར།

བདུན།བཀའ་ཤག་གིས་ལས་སྒྲུབ་མི་སྣ་ཆེད་གཏོང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་རང་བཙན་བྱེད་དགོས་པའི་རེ་འབོད་ཡི་གེ་ཕུལ་བ །

བརྒྱད།ཆབ་མདོའི་གཡུལ་འགྱེད་ཁྲོད་བོད་དམག་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན།

དགུསྟག་བྲག་ངག་དབང་གསུང་རབ་སྲིད་ཚབ་ཀྱི་དགོངས་ཞུ་གནང་དགོས་དོན་གྱི་སྐོར།

བཅུ།ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་སྲིད་འགན་བཞེས་པའི་སྐོར།

བཅུ་གཅིགབཀའ་ཤག་གིས་སྔ་ཕྱིར་ཞི་གྲོས་ཚོགས་པ་ཐེངས་གཉིས་ཧོང་ཀང་དང་ཆབ་མདོར་མངགས་གཏོང་བྱས་པ།

བཅུ་གཉིས།ཏཱ་ལའི་བླ་མ་མཆོག་དང་བཀའ་ཤག་སྲིད་གཞུང་ཕྱི་ལ་བྲོས་བྱོལ་དང་ཡང་ན་ཕྱིར་ལོག་བྱེད་མིན་ཐད་རྩོད་གླེང་ཛ་དྲག་ཅན་གྱི་གྲོ་མོའི་ཚོགས་འདུ །

བཅུ་གསུམ།བོད་མིས་བསམ་པའི་རང་བཙན་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་ཀུན་གྱིས་ཁས་ལེན་པའི་རང་བཙན་རྒྱལ་ཁབ་ཅེས་པའི་ཐ་སྙད་ལ་གོ་བ་ལེན་སྟངས་འགལ་འཛོལ་ཡོད་པའི་སྐོར། 

བཅུ་བཞི།བཀའ་ཤག་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་བརབོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་དོན་ཚན་བཅུ་བདུནབཞག་པའི་ཆིངས་ཡིག་གི་ནང་དོན།

བཅོ་ལྔ།རྒྱལ་ཚབ་སྟག་བྲག་ཐུབ་བསྟན་བསྟན་པ་རྒྱལ་མཚན་གྱི་སྲིད་སྐྱོང་མཛད་རྗེས།

༡ ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཆབ་སྲིད་བསྒྱུར་བཅོས་བྱེད་སྲོལ་རྒྱུད་འཛིན་བྱས་ཏེ་སྲིད་འཛིན་ལམ་ཕྱོགས་གསར་པ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་པ། 

༢ བུ་ལོན་རྙིང་པའི་མ་སྐྱེད་དང་བུན་སྐྱེད་དོམ་ལེན་མེད་པ་བཟོས་པ་དང་།བུན་བདག་གིས་བུ་ལོན་གསབ་འཇལ་མཁན་གྱི་ས་ཞིང་དང་ཁང་ཁྱིམ།སྒོ་ཕྱུགས་སོགས་འཕྲོག་ལེན་བྱེད་པར་བཀག་སྡོམ་བྱས་པ། 

༣  དགེ་འདུན་པ་དང་བླ་སྤྲུལ།བླ་བྲང་སོགས་ཀྱིས་ཚོང་ལས་ཉོ་ཚོང་གཉེར་མི་ཆོག་པ་བཟོས་པ་དང་།བླ་ཆེན་དག་གིས་དྲི་མེད་ཚུལ་ལྡན་གྱི་ཀུན་སྤྱོད་མཐའ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ། 

༤ མཁྲེགས་སྲུང་པར་མཆིད་ཤགས་བྱེད་ཕོད་པ་བྱས་ནས་སྲིད་གཞུང་གི་དབང་གྲགས་ལ་སྲུང་སྐྱོང་བྱས་པ་དང་།ལམ་སྲོལ་བཞིན་བྱ་སྤྱོད་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་པ།

 ༥ རྒྱུན་སྲོལ་གྱི་རིག་གནས་སྲུང་སྐྱོང་དང་ཤུལ་འཛིན་བྱེད་རྒྱུར་མཐོང་ཆེན་མཛད་པ།

 ༦ བསླབ་པ་རྒན་གཞོན་དང་ལོ་ན་རྒན་གཞོན།དེ་བཞིན་སྐས་རིམ་བཞིན་གོ་གནས་སྤར་བའི་ལམ་སྲོལ་རྩིས་མེད་བཏང་ནས་འཇོན་ཐང་དང་ཆུ་ཚད་ལ་གཞིགས་ནས་མི་སྣ་བཀོལ་སྤྱོད་བྱེད་པའི་ལམ་སྲོལ་དར་སྤེལ་མཛད་པ། 

གཞུང་དྲང་ཐོག་མ་རང་ཉིད་ནས་འགོ་བརྩམས་ཏེ་མིག་དཔེ་བཟང་པོའི་ནུས་པ་བཏོན་གནང་མཛད་པ།

བཅུ་དྲུགབོད་རིགས་ལོ་རྒྱུས་ཀྱི་འགྱུར་མཚམས་ཆེན་པོ །

བཅུ་བདུན།དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་རྒྱལ་ཚབ་རིམ་བྱོན་གྱི་རེའུ་མིགསྤྱི་ལོ་༡༧༢༡ལོ་ནས་སྤྱི་ལོ་༡༩༥༡ལོའི་བར

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-17 03:54 , Processed in 0.297096 second(s), 21 queries .

返回顶部