博客西藏在最高处过一种生活

日志

《甘南情歌》藏汉双语版(节选)

热度 1已有 611 次阅读2018-4-3 16:15 |个人分类:扎西才让诗歌选读|系统分类:读书| 甘南情歌, 藏汉双语, 扎西才让, 环更加


ཀན་ལྷོའི་བརྩེ་གཞས།

甘南情歌

བཀྲ་ཤིས་ཚེ་རིང་གིས་བརྩམས།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

/扎西才让  /环更加

 

1

凌晨放马,

露里牧羊。

阿姐央宗,

在我家乡。

 

རྟ་ནི་ཞོགས་པར་བསྟད་ནས་ཡོད།།

ལུག་ཁྱུ་སྤྲིན་དང་འདྲེས་ནས་ཡོད།།

སེམས་ཀྱི་ཨ་ཅེ་དབྱངས་འཛོམས་དེ།།

ཁོ་བོའི་ཡུལ་དུ་ལུས་ནས་ཡོད།།

 

5

有人看你,看身段,

只我找你,拿心换。

会相马的,看了脚力,

会相人的,见了你面。

 

གཟུགས་ལ་ཆགས་པ་སྐྱེས་པའི་གཤིས།།

སེམས་མཐུན་འཚོལ་བ་ཁོ་བོའི་གཤིས།།

རྟ་ཡི་བཟང་ངན་རྒྱུགས་ན་ཤེས།།

མི་ཡི་བཟང་ངན་འགྲོག་ན་ཤེས།།

 

9

高僧吃透了经典,

牧人看惯了天时。

我不知你的想法,

只好跟随了老马。

 

བཙུན་པས་གསུང་རབ་རྟོགས་པར་གྱུར།།

རྫི་བོས་གནམ་གཤིས་ཁོང་དུ་ཆུབ།།

ཁོ་བོས་ཁྱོད་ཐུགས་མ་རྟོགས་པས།།

གྲོགས་མཆོག་ཁྱོད་རྗེས་འབྲང་དགོས་བྱུང་།།

 

11

月晕后的西北风,

笑脸后的冰窟窿。

你若喜欢我,就抹下面具。

你若嫌弃我,就转身走人。

 

༡༡

སྲོད་ལ་ལྡང་བའི་ནུབ་རླུང་དེ།།

འཛུམ་ཞལ་གྲོལ་བའི་གྲོགས་ཏུ་གྱུར།།

དུང་བ་ཁོ་བོར་ཡོད་གྱུར་ན།།

རྫུས་མའི་གདོང་འབག་རིང་དུ་དོར།།

ཞེན་པ་ཁོ་བོར་ལོག་གྱུར་ན།།

ཕྱིར་འཁོར་མ་བྱེད་རིང་དུ་གྱེས།།

 

15

生奶做的茶,坏了。

生手放的羊,散了。

我是觅食的雄鹰,

找不到你藏身的洞了。

 

༡༥

འོ་ཇ་མངར་མོ་རུལ་བར་གྱུར།།

གཡང་དཀར་ལུག་ཁྱུ་རྫ་ལ་འཐོར།།

ཤ་གཟན་གློག་རྒོད་ཁོ་བོས་ནི།།

ཁྱོད་རང་གཞའ་སའི་སྐྱིབས་ཏེ་འཚོལ།།

 

16

雹子落到川里,

寒霜降到山湾。

见不到你的日子,

置我在爱的深渊。

 

༡༦

སེར་བ་གཤོང་སའི་ཁུག་ཏུ་བབས།།

སད་སེར་རི་བོའི་སྐེད་དུ་ཆགས།།

ཁྱོད་རང་མ་མཐོང་ཉི་མཚན་དུ།།

ཁོ་བོའི་བརྩེ་བ་རབ་ཏུ་འབར།།

 

20

细草呢,叫羊吃了,

长得一身茸毛。

贞操呢,叫你学了,

落得死活不从。

 

༢༠

རྩ་ཕྲན་ལུག་ཁྱུས་གསོས་སུ་གྱུར།།

ལུས་ལ་བལ་གྱིས་ཁེབས་ནས་ཡོད།།

ལུས་བསྲུང་མཐའ་འཁྱོལ་བསླབ་པ་ན།

ཤི་ཡང་རང་ལུས་གཙང་མར་གཅེས།།

 

22

善良的小鸟,

最怕鹞鹰的袭击。

多情的姑娘,

最怕浪子的蜜语。

 

༢༢

སྙིང་དུ་སྡུག་པའི་བྱའུ་ཆུང་དེ།།

འུག་པ་དགྲ་བོས་རྒོལ་བར་སྐྲག

བུ་མོའི་བརྩེ་བ་སླད་མེད་པས།།

ཁྲམ་པའི་གཏམ་གྱིས་བསླུ་བར་སྐྲག

 

23

雪山融水千百条,

汇到一河里。

你我同饮黄河水,

应是一条心。

 

༢༣

ཆུ་འགོ་གཅིག་ལ་ཆུ་སྣ་སྟོང་།།

འབབ་ས་གཙང་བོ་གཅིག་ཏུ་ངེས།།

ཆུ་དེ་རྨ་ཆུ་ཧུབ་གང་གིས།།

ངེད་གཉིས་སེམས་པ་གཅིག་ཏུ་འདྲེས།།

 

25

羚羊喜欢群居,

男人怎能无妻。

你嫁给我算了,

省得去独守日子。

 

༢༥

གཙོད་ཁྱུ་མཉམ་དུ་འཚོ་བར་དགའ།།

བཟའ་ཟླ་མེད་པའི་འཚོ་བ་སྐྱོ།།

ཁྱོད་རང་ཁེར་རྐྱང་སྡོད་པ་ལས།

ཁོ་བོའི་ཆུང་མར་བགྱིས་ན་ལགས།

 

26

木柱支起帐篷,

陪你过起日子。

缸里打酥油,

夜里搂着你。

 

༢༦

གདུང་མས་སྦྲ་ནག་གུར་དུ་ཕབ།།

ནང་དུ་ཁྱོད་རང་སྐྱིད་ལ་རོལ།།

ཉི་དཀར་ཟོམ་དུ་འོ་མ་ཕྱུགས།

མཚན་མོ་ཁྱོད་ལ་འཁྱུད་ནས་ཉལ།།

 

27

美人央宗啦,

终究陪了我。

翡翠一盘,

珊瑚一串。

 

༢༧

མཛེས་པའི་བུ་མོ་གཡངས་འཛོམས་ཀྱིས།།

ཁོ་བོར་འགྲོགས་པའི་དམ་བཅའ་ཕུལ།།

གཡུ་བྱུར་རྒྱན་གྱིས་བསུ་མ་ཡོད།

 

28

东边彩虹,是个阴雨天,

西边彩虹,是个艳阳天。

你在南边出现,

阿妈,快给我雕花宝鞍!

 

༢༨

ཤར་གྱི་འཇའ་ཚོན་ཆར་བའི་ལྟས།།

ནུབ་ཀྱི་འཇའ་ཚོན་ཐང་བའི་ལྟས།།

ཁྱོད་རང་ལྷོ་རུ་མཐོང་བྱུང་བས།།

རྟ་སྒ་བསྟད་ནས་ལམ་དུ་ཆས།།

 

30

少给牛羊一口草,

来年欠我一茬毛。

少给你一个眼色,

你三年不理我了。

 

༣༠

ཕྱུག་ལ་རྩྭ་ཁ་མ་བྱས་པས།།

ཕྱི་མར་ལེ་ལན་འཁོར་བར་ངེས།།

ཁྱོད་ལ་འཛུམ་མདངས་མ་བསྟན་པས།།

ལོ་གསུམ་ཁོ་བོར་ཁ་མ་གྲགས།།

 

34

帐篷外的一双马靴,

你有了别的人了。

昨晚上的甜言蜜语,

你直接把我哄了。

 

༣༤

སྒོ་ཁའི་འཇུར་རྟ་ཡུ་རིང་ཁྱོད།།

བདག་པོ་གཞན་ཞིག་ཡོད་ནས་གདའ།།

མདངས་དགུང་ཁ་ཡག་ཚིག་འཇམ་དེ།།

ཁོ་བོ་བསླུ་བའི་གཏམ་དུ་ཟད།།

 

36

看看那高低起伏的石山,

不因权贵的好恶而改变。

看看我俩七八年的爱情,

只几句玩笑就断了琴弦。

 

༣༦

མཐོ་དམའ་མི་སྙོམས་རི་བོའི་རྒྱུད།།

དབང་གྲགས་རྐྱེན་པས་ཆགས་པ་མིན།།

འུ་གཉིས་ལོ་བདུན་བརྩེ་བ་དེ།།

ཁ་ཚིག་བར་ནས་བརྗེད་པ་མེད།།

 

 

选自藏族青年优秀诗人作品集

བོད་རིགས་ན་གཞོན་ཕུལ་བྱུང་སྙན་ངག་པའི་སྙན་རྩོམ་ཕྱོགས་བསྒྲིགས།

《当美和爱情化为星辰》(扎西才让著,四川民族出版社)

བརྩེ་དུངས་མཁའ་དབྱིངས་ཀྱི་སྐར་འོད་དང་མཚུངས།》(བཀྲ་ཤིས་ཚེ་རིང་གིས་བརྩམས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

发表评论 评论 (2 个评论)

回复 丹正嘉的blog 2018-4-15 10:10
赞赞。
回复 yangxiaoxian 2018-4-25 17:36
丹正嘉的blog: 赞赞。
      

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-28 01:43 , Processed in 0.303967 second(s), 23 queries .

返回顶部