日志

༄༅།།གྲིབ་གཟུགས་ཀྱིས་སི་ཁྲོན་སྒུལ་བ། མཛེས ...

热度 1已有 61 次阅读2020-6-21 10:59 |系统分类:见闻


                          ༄༅།།གྲིབ་གཟུགས་ཀྱིས་སི་ཁྲོན་སྒུལ་བ། མཛེས་ཤིང་ལྟ་ན་སྡུག་པའི་རི་ཁྲོད་ཀྱི་སྤྲོ་སྣང་བོད་གྲོང་།
                                ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

      
 
                  
                                          རྒྱང་རིང་ནས་སྤྲོ་སྣང་བོད་གྲོང་ལ་ལྟ་བ།
      
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྲོ་སྣང་བོད་གྲོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་དུ་གནས་ཤིང་། རྫོང་མཁར་དང་བར་ཐག་སྤྱི་ལེ་12ཙམ་ཡོད།
     མཛེས་སྡུག་ལྡན་པའི་བཙན་རྫོང་དེ་ལྷིང་འཇགས་ངང་རི་མཐོའི་གྲོག་རོང་ཁྲོད་དུ་ཡིབ་པ་དང་མཐོ་དམའ་མི་སྙོམས་པའི་རི་བོ་ལྟར་དུ་འབྲེལ་ཞིང་། ཞོགས་སྨུག་ཁྲོད་ཀྱི་བོད་ཁང་དང་། བཙན་རྫོང་། བོད་གྲོང་ཧྲིལ་པོ་ནི་ཤོག་དྲིལ་གྱི་རི་མོ་དལ་ཀྱིས་བཀྲམ་པ་དང་གཉིས་སུ་མ་མཆིས། ཁྱད་ཆོས་ལྡན་པའི་བོད་བཟོའི་བཟོ་བཀོད་དེ་སྔོ་ཐིང་ཐིང་གི་ནགས་ཚལ་ཁྲོད་གནས་ཤིང་། ས་གཞི་ཆེན་པོར་མཉམ་འདྲེས་བྱུང་ནས་གནའ་བོའི་ཉམས་སྣང་ཁྲོད་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད།
     རི་མོ་འདིས་སྤྲོ་སྣང་གི་མི་ལའང་ཕན་པ་ངོ་མ་ཁྱེར་ཡོང་། སྤྲོ་སྣང་མཛེས་ལྗོངས་ཁུལ་དུ་མིག་སྔར་ཁྱོན་བསྡོམས་རིགས་ཁག་གི་ཁྱད་ཆོས་ལྡན་པའི་སྡོད་ཁང་85ཡོད་ཅིང་། ཉལ་ཁྲི་ནི་དེ་སྔོན་གྱི་མི་1000ཤོང་ཐུབ་པ་ནས་ད་ལྟ་མི་2500ཤོང་ཐུབ་པའི་བར་མང་དུ་ཕྱིན་ཡོད། འགྲུལ་པ་མང་དུ་ཕྱིན་པ་ལས་འཛད་སྤྱོད་ཁྱོན་ཡོངས་ནས་རིམ་སྤོར་བྱུང་བ་དང་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཚོང་རྫས་དེ་བས་བྲིན་ཁ་རྒྱུག་པོ་ཡོད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ཞག་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། འཚོ་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དེས་ཡུལ་སྐོར་བར་མྱོང་ཚོར་སྔར་ལས་སྐྱིད་པོ་ཞིག་སྦྱིན་ཡོད།
     གསར་འགོད་པ་ཁ་བྲལ་བའི་སྐབས་སུ་ཏག་ཏག་ཆར་བ་འབབ་པའི་དུས་དང་ཁེལ་སོང་། ཆར་བའི་ཁྲོད་ཀྱི་སྤྲོ་སྣང་བོད་གྲོང་དུ་སྨུག་སྤྲིན་འཁྲིགས་པ་དང་མཁའ་དབུགས་གཙང་མ་ཡོད། གཞིས་གྲོང་ཞིག་བརྒྱུད་དུས་ཆར་གདུགས་ཆེན་པོའི་འོག་ཡུལ་སྐོར་བས་ཆར་སྒྲ་ལ་ཉན་བཞིན་ཇ་འཐུང་བ་དང་ཁ་བརྡ་གློད་པས་ཇི་འདྲའི་སྐྱིད་སྣང་དོད་ལ་བག་ཕེབས་པོ་འདུག ས་ཆ་འདི་ལ་དངོས་གནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་སའི་མཛེས་སྡུག་ཡིད་འོང་གི་གནས་མཆོག་ཅེས་བརྗོད་ཆོག་པ་རེད།

                 
                                               རྒྱང་རིང་ནས་སྤྲོ་སྣངབོད་གྲོང་ལ་ལྟ་བ།

                 
                                               རྒྱང་རིང་ནས་སྤྲོ་སྣང་བོད་གྲོང་ལ་ལྟ་བ།

                 
                                                སྤྲོ་སྣང་བོད་གྲོང་གི་མཆོད་རྟེན་དཀར་པོ།
                                      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


发表评论 评论 (2 个评论)

回复 久美多吉 2020-6-26 20:50
བཀླགས་ཚར།
བཀའ་དྲིན་ཆེ་ཞུ།  
回复 ljh8520035 2020-6-29 08:15
久美多吉 2020-6-26 20:50
བཀླགས་ཚར།
བཀའ་དྲིན་ཆེ་ཞུ།  

ok

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-12 17:59 , Processed in 0.054411 second(s), 21 queries .

返回顶部