日志

༄༅།།ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་བོད་ལྗོངས་ཀ ...

已有 84 次阅读2020-5-26 11:11 |系统分类:见闻


            ༄༅།།ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་བོད་ལྗོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།
                                     ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀླུ་མོ་མཚོ་ཡིས་བསྒྱུར་ཞིང་རྩོམ་སྒྲིག་བྱས། 

                                        

                                        

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གཏམ་བཤད་གནང་སྐབས། རྒྱལ་ཁབ་ཀྱིས་“ལོ་ལྔའི་ཚན་བཅུ་བཞི་པའི་”རིང་མུ་མཐུད་བོད་ལྗོངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རོགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། 

     ཉི་མ་བཀྲ་ཤིས་ཀྱིས2019ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་མི་འབོར་དབུལ་པོ་ཁྲི62.8ཚང་མ་དབུལ་ཐར་བྱུང་བ་དང་རྫོང(ཆུས)དབུལ་པོ74ཡི་དབུལ་ཞྭ་ཕུད་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་དུས་ཡུན་ལོ་དྲུག་ཅུ་ལྷག་ཙམ་རིང་བོད་ལྗོངས་ལ་ལོ་ངོ་སྟོང་ཕྲག་གི་མཆོང་སྐྱོད་ཆེན་པོ་བྱུང་ཡོད་ལ། བོད་ལྗོངས་ཀྱིས་ལོ་ངོ་སྟོང་ཕྲག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་བ་མ་ཟད། ད་ལྟ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་དེ་བོད་རིགས་བུ་ཕྲུག་གི་ལོ་ངོ་སྟོང་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། འདིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གསུང་བཤད་གལ་ཆེན་གྱིས་བོད་ལྗོངས་སུ་གྲུབ་འབྲས་ཐོན་པའི་ལག་ལེན་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་གང་ལེགས་ཀྱིས་མཚོན་ཡོད་ཟེར། 

    ཉི་མ་བཀྲ་ཤིས་ཀྱིས་བཤད་རྒྱུར། དབུལ་ཐར་གྲུབ་འབྲས་ནི་ལས་སླ་བོར་བྱུང་བ་ཞིག་མིན་པས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་དེ་བས་ཁག་པོ་ཡོད། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་ཞན་པ། རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་ཞན་པ་བཅས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུར་དཀའ་ངལ་ཆེན་པོ་བཟོ་ངེས་ཡིན་པས། གངས་ལྗོངས་ཀྱི་བུ་ཕྲུག་དག་གིས་དཀའ་སྤྱད་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་བླ་ན་མེད་པའི་རྒྱལ་ཁོངས་སྲུང་སྐྱོང་ཡག་པོ་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལེགས་པོ་བྱེད་དགོས། 

     ཉི་མ་བཀྲ་ཤིས་ཀྱིས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་བ་དང་ལུང་གཞུང་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱ་རྒྱུ་དང་། སའི་གོ་ལའི་སྣེ་གསུམ་པ་དང་ཨེ་ཤེ་ཡའི་ཆུ་མཛོད་ནུས་པར་སྲུང་སྐྱོང་བྱ་རྒྱུ་གཙོ་ཐིག་དུ་བྱས་ནས་ཡར་ཀླུང་གཙང་པོའི་རྒྱུག་ཁུལ་གྱི་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་ཐིག་དུ་བྱས་ཏེ་འབབ་རྒྱུད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། རོང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་འགན་ལེན་མ་ལག་སྐྲུན་རྒྱུའི་གལ་ཆེའི་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་ཆུང་དུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད།། 

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-12 18:14 , Processed in 0.046721 second(s), 20 queries .

返回顶部