日志

༄༅།།མཚོ་སྔོན་པོས་དཔྱིད་ཀྱི་དཔལ་མོ་བསུས་པ ...

已有 122 次阅读2020-4-5 08:13 |系统分类:见闻


                                                ༄༅།།མཚོ་སྔོན་པོས་དཔྱིད་ཀྱི་དཔལ་མོ་བསུས་པ།
                          ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རིག་འཛིན་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
                 
                     
                                  

                                  


                                  

                              མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་པར་རིས་མཁོ་འདོན་བྱས།


           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན ཟླ3པའི་ཚེས23ནས་ཚེས26ཉིན་བར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་མཚོ་སྔོན་པོའི་ས་ཁོངས་ཀྱི་གནས་སྤོས་ཆུ་བྱ་དང་དགོ་བའི་ཁྱུ་ཚོགས་ལ་ལྟ་ཞིབ་ཚད་ལེན་དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་བཅས་ཀྱི་ལས་དོན་སྤེལ། ཉིན4ཡི་རིང་གཅིག་བསྡུས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད2020ལོའི་དཔྱིད་དུས་ཀྱི་སྐོར་ཞིབ་ལྟ་ཞིབ་ཚད་ལེན་གྱི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་།  

      གྲངས་གཞི་ལས་མངོན་པ་ལྟར་ན། ཐེངས་འདིའི་སྐོར་ཞིབ་ཁྲོད་ཆུ་བྱའི་རིགས25དང་གྲངས7100ལྷག་ལ་ལྟ་ཞིབ་ཚད་ལེན་ཐུབ་ལ། དེའི་ནང་མཚོ་སྔོན་པོའི་དབྱར་དུས་བྱ་རྒོད་མགོ་ཁྲ་དང་། ཆུ་སྐྱར་མགོ་སེར། ཉ་སྐྱར། སྤྱིར་བཏང་སོ་བྱ2900ལྷག་ཡོད་པར་མ་ཟད། ངང་སེར་དང་། ཁྱུང་མགོ་ངང་པ། ངང་དཀར་སོགས་བྱ་རིགས4200ལྷག་ལ་ལྟ་ཞིབ་ཚད་ལེན་ཐུབ་ཡོད། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་སོ་བྱས་སོ་བྱ་གླིང་ཕྲན་དུ་ཚང་བཟོས་པ་དང་། རྒོད་མགོ་ཁྲ་དང་། ཆུ་སྐྱར་མགོ་སེར། ཉ་སྐྱར་བཅས་མཚོ་མཐའི་ཆུ་འགྲམ་གྱི་འདམ་ར་དང་ཚྭ་མེད་མཚེའུའི་ཁྲོད་དུ་ཟས་རིགས་དང་འཚོ་བཅུད་ཁ་གསབ་བྱེད་ཀྱིན་ཡོད།  

      དུས་མཚུངས་སུ། ད་དུང་དགོ་བ2900ལྷག་ལ་ལྟ་ཞིབ་ཚད་ལེན་བྱས་ཐུབ་ཡོད་དེ། མིག་སྔར་ནི་དགོ་བའི་འཁྲུག་སྦྱོར་གྱི་དུས་སུ་ཁེལ་ཡོད་པས། བར་ཐག་དང་འོད་ཐིག དགོ་བའི་སྲུང་མདོག་གི་ཤུགས་རྐྱེན་གྱིས་ཕོ་མོ་དབྱེ་བ་འབྱེད་ཁག་པོ་ཡོད། རྫོང་ཁོངས་ཀྱིས་བགར་ན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཁོངས་སུ་དགོ་བ200ལྷག་ཡོད་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཁོངས་སུ་དགོ་བ1100ལྷག་དང་། རྐང་ཚ་རྫོང་ཁུངས་སུ་དགོ་བ1500ལྷག་ཡོད་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཁོངས་སུ་དགོ་བ100ལྷག་བཅས་ཁྱབ་ཡོད། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་ལྟར་ན། སྲུང་སྐྱོང་ཁུལ་ནང་དུ་དགོ་བ900ལྷག་དང་། སྲུང་སྐྱོང་ཁུལ་ཕྱི་རོལ་ཏུ་དགོ་བ2000ལྷག་ཁྱབ་ཡོད། ན་ནིང་གི་དུས་མཚུངས་དང་བསྡུར་ན། མཚོ་སྔོན་པོའི་སྲོག་ཆགས་རིགས་ཁྲོད་དགོ་བའི་གྲངས་འབོར་ཅུང་མང་དུ་ཕྱིན་ཞིང་ཁྱུ་ཚོགས་བརྟན་བརླིང་ངང་ཇེ་མང་དུ་འགྲོ་བཞིན་ཡོད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-6-6 06:05 , Processed in 0.050416 second(s), 20 queries .

返回顶部