日志

༄༅།།མཚོ་སྔོན་གྱིས་ཧུའུ་པའེ་རོགས་སྐྱོར་སྨ ...

已有 101 次阅读2020-3-28 07:56 |系统分类:见闻


           ༄༅།།མཚོ་སྔོན་གྱིས་ཧུའུ་པའེ་རོགས་སྐྱོར་སྨན་བཅོས་རུ་ཁག་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི1072དངོས་འབེབས་བྱས་པ།
                              ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཡོངས་སུ་རིམས་ནད་ཀྱི་གནས་ཚུལ་ཉེན་ཁ་ཆེ་བ་དང་ཛ་དྲག་ཆེ་བའི་སྐབས། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་སྨན་བཅོས་རུ་ཁག་ཁག2དང་སྨན་བཅོས་མི་སྣ239། རྒྱ་གྲམ་དམར་པོ་ཚོགས་པའི་སྐྱོབ་བཅོས་སྐྱེལ་འདྲེན་མི་སྣ10བཅས་མངགས་ནས། དུས་ཚོད་དམ་འཛིན་བྱས་ཏེ་རིམས་ནད་ལ་འགོག་བཅོས་བྱེད་པའི་ལས་སུ་ཞུགས། ཟླ3པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པའེ་སྨན་བཅོས་རོགས་སྐྱོར་རུ་ཁག་གཉིས་ཀ་སྔ་རྗེས་སུ་རྒྱལ་ཁའི་ངང་མཚོ་སྔོན་དུ་ཕྱིར་ལོག་པ་དང་དུས་མཚུངས་སུ།  ཐེངས་གཅིག་རང་བཞིན་གྱི་འཚམས་འདྲིའི་ལག་དངུལ་དང་། གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ། འཚོ་བའི་ཁ་གསབ་སོགས་ཐོབ་ཐང་འགན་ལེན་མ་དངུལ་སྒོར་ཁྲི1072.8དངོས་འབེབས་བྱས།།
      མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པའེ་རོགས་སྐྱོར་བྱེད་མཁན་སྨན་བཅོས་མི་སྣའི་ཐོབ་ཐང་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། རིམས་ནད་འགོག་བཅོས་གཡུལ་ས་ནས་འབད་པ་བྱེད་པའི་སྨན་བཅོས་མི་སྣའི་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པར་བྱ་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བྱེད་ཐབས་རབ་དང་རིམ་པ་སྤེལ་ཞིང་། གཅིག་ནས་མངགས་གཏོང་བྱས་པའི་དུས་ཚོད་ནང་མི་རེར་ཉིན་རེར་སྒོར600ཡི་ཚད་གཞི་ལྟར་གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ་སྤྲོད་དགོས་པ་དང་། གཉིས་ནས་མི་རེར་སྒོར2000ཀྱི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་འཚམས་འདྲིའི་ལག་དངུལ་དངོས་འབེབས་བྱེད་པ། གསུམ་ནས་མི་རེར་ཟླ་རེར་སྒོར5000ཡི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་དངོས་འབེབས་བྱེད་པ། བཞི་ནས་སྨན་བཅོས་རུ་ཁག་རེར་སྒོར་ཁྲི6གི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་ཀའི་འགྲོ་གྲོན་བཀོད་སྒྲིག་དངོས་འབེབས་བྱས་པ་བཅས་རེད།།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-6-6 06:11 , Processed in 0.049550 second(s), 20 queries .

返回顶部