日志

༄༅།།ལྷ་སར་དཔྱིད་རྨོད་ཀྱི་རོལ་ཁ་ཕྱེ་བའི་མ ...

已有 53 次阅读2020-3-18 09:11 |系统分类:见闻


                                     ༄༅།།ལྷ་སར་དཔྱིད་རྨོད་ཀྱི་རོལ་ཁ་ཕྱེ་བའི་མཛད་སྒོ་ཚ་ཚ་འུར་འུར་རེད།
                            ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མི་གསལ།

                        
      ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་སྲོལ་རྒྱུན་དཔྱིད་རྨོད་གཉའ་སྦྲེལ་གྱི་མཛད་སྒོ་དེ་ཤེལ་རོང་གྲོང་ཚོའི་ཞིང་ས་ན་འཚོགས་པ་རེད།   
      ཤེལ་རོང་གྲོང་ཚོ་ནི་ཞིང་ལས་གཙོ་བོར་བྱེད་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་དང་འཆར་གཞི་བྱས་ན་དཔྱིད་འདེབས་རྒྱ་ཁྱོན་མུའུ་3000ཟིན་རྒྱུ་རེད། བོད་ནས་ཨང་2000དང་། ཧེ་མ་ལ་ཡ་ཨང་22སོགས་ནས་ཀྱི་སོན་བཟང་འདེབས་ཀྱི་ཡོད། ལོ་ན་49ལ་སླེབས་པའི་གྲོང་མི་དངོས་གྲུབ་ཚེ་རིང་གིས། འཕྲུལ་ཆས་བཀོལ་སྤྱོད་བྱས་པ་ལས་འདེབས་འཛུགས་བྱེད་པའི་དུས་ཚོད་གཟའ་འཁོར་གཉིས་ཐུང་དུ་ཕྱིན་པ་མ་ཟད། ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་དེའི་ཁར་སོན་བཟང་ཚང་མ་རྒྱལ་ཁབ་ཀྱིས་རིན་མེད་ངང་སྤྲད་པ་ཞིག་རེད། དེར་བརྟེན་ང་ཚོའི་འདེབས་འཛུགས་ལས་ཀར་སེམས་ཁྲལ་གང་ཡང་མིན་འདུག་ཅེས་བརྗོད་པ་རེད།   
      མཛད་སྒོ་འགོ་ཚུགས་སྐབས་གྲོང་ཚོའི་ནང་གི་བུ་མོ་ཚོས་འདྲུད་འཐེན་འཁོར་ལོས་རོལ་ཁ་ཕྱེ་བ་དང་བསྟུན་ནས་རེ་བའི་ཞིང་ས་ན་ལོ་ལེགས་ཀྱི་ས་བོན་ཐོག་མ་དེ་གཏོར་བ་རེད། གྲོང་མི་བློ་བཟང་ཆོས་སྒྲོན་གྱིས། ད་ཆ་རྨོ་འདེབས་དང་། ལུད་རྒྱག་པ། འདེབས་འཛུགས་བྱེད་པ། བརྔ་བསྡུ་བཅས་ཚང་མ་འཕྲུལ་ཆས་ཅན་དུ་གྱུར་ཡོད། འོན་ཀྱང་རྨོ་འདེབས་བྱེད་པའི་མཛད་སྒོའི་ཐོག་རྟེན་འབྲེལ་མཚོན་ཆེད་དུ་ཁོང་ཚོས་སྔར་བཞིན་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་གོམས་གཤིས་རྒྱུན་འཛིན་བྱེད་ཀྱི་ཡོད་ཅེས་དང་ཁོང་གིས། ང་ཚོས་རྨོ་འདེབས་ཀྱི་མཛད་སྒོ་དེ་བཀྲ་ཤིས་པའི་འགོ་ཚུགས་ཤིག་ཏུ་བརྩི་ཡི་ཡོད། སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ཞིང་ཁའི་འགྲམ་དུ་བསང་གཏོང་བ་དང་། གྲོང་མི་ཚོས་ཕྱེ་མར་བཀྱག་པ། མཉམ་དུ་སྒོར་གཞས་འཁྲབ་པ་བཅས་བྱེད་ཀྱི་ཡོད། གཙོ་བོ་ནི་ལོ་ལེགས་ཡོང་རེ་བྱེད་ཀྱི་ཡོད་ལ་མཛེས་སྡུག་ལྡན་པའི་འཚོ་བར་རྟེན་འབྲེལ་ཞུ་གི་ཡོད་ཅེས་བཤད་པ་རེད།
     དཔྱིད་དཔལ་གྱི་མཛུམ་ཞལ་དང་འགྲོགས་ནས་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཁག་གིས་དེ་ཉིན་ནས་བཟུང་སྔ་རྗེས་སུ་ས་ཞིང་འདེབས་འཛུགས་བྱེད་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་དུ་དཔྱིད་འདེབས་རྒྱ་ཁྱོན་མུའུ་ལྔ་འབུམ་བདུན་ཁྲི་ཉིས་སྟོང་བདུན་བརྒྱ་ལྷག་བྱ་རྩིས་ཡོད་པའི་ནང་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ་བཞི་འབུམ་ལྷག་ཟིན་རྒྱུ་ཡིན་པ་རེད།    
    གྲོང་ཁྱེར་ལྷ་སའི་རྫོང་ཁག་གཞན་དག་ཁག་ཅིག་གི་དཔྱིད་རྨོས་གཉའ་སྦྲེལ་གྱི་པར་རིས།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-7 15:40 , Processed in 0.059907 second(s), 20 queries .

返回顶部