日志

༄༅༅།།བོད་བརྒྱུད་ནང་བསྟན་གསར་རྙིང་གྲུབ་མཐ ...

已有 210 次阅读2020-3-1 10:30 |系统分类:文化


                             ༄༅༅།།བོད་བརྒྱུད་ནང་བསྟན་གསར་རྙིང་གྲུབ་མཐའ་རེས་མེད་ཀྱི་ཞལ་འདོན་བསྡུས་པ་ཁག་ཅིག་

                                                     ཕྱོགས་གཅིག་ཏུ་བསྒྲིགས་ནས་བཞུགས་སོ།

                          

                                                   

    ༄༅༅།།ཇོ་བོ་རིན་པོ་ཆེའི་གསོལ་འདེབས། གནས་མཆོག་པོ་ཏ་ལ་ཡི་ཕོ་བྲང་ནས།། སྤྱན་རས་གཟིགས་དབང་རྒྱལ་བ་རིན་པོ་ཆེ།། ཇོ་བོ་ལོ་ཀི་ཤོ་ར་ལ་སོགས་པའི།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། ཆོས་སྒྲ་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ།། སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན།། དེར་བཞུགས་དགེ་འདུན་འདུས་དང་སྐུ་གསུང་ཐུགས།། སྐུ་གདུང་མཆོད་རྟེན་རྣམས་ལ་གསོལ་བ་འདེབས།། ར་མོ་ཆེ་དང་ར་ས་འཕྲུལ་སྣང་ན།། བཞུགས་པའི་རྟེན་དུ་ཇོ་ཤཱཀ་རྣམ་པ་བརྒྱད།། རྗེ་བཙུན་ང་འདྲ་མ་དང་དཔལ་ལྷ་མོ།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་།། རྒྱུད་གྲྭ་སྟོད་སྨད་རྣམས་ཀྱི་གྲྭ་ཚང་སོགས།། ལྷ་སའི་གླིང་བཞིར་བཞུགས་པའི་དགེ་འདུན་ཚོགས།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། བྱུ་རུའི་ཚེ་དཔག་མེད་དང་གཡུ་སྒྲོན་མ།། དུང་གི་ཐུགས་རྗེ་ཆེན་པོ་ལ་སོགས་པ།། གཡུ་ར་ལྷ་རི་བསམ་ཡས་གཙུག་ལག་ཁང་།། དབུས་གཙང་རུ་བཞི་རེ་སྒྲེང་སྟག་ལུང་སོགས།། བཞུགས་པའི་སྐྱབས་གནས་རྣམས་ལ་ཕྱག་འཚལ་ལོ།། ད་ལྟ་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས།། འཆི་ཁར་མནར་གཅོད་བར་དོའི་འཇིགས་སྐྲག་སེལ།། ཕྱི་མ་ངན་སོང་སྡུག་བསྔལ་མི་མྱོང་བའི།། ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས།། ཅེས་སོ།།

    ༄༅༅།།སངས་རྒྱས་སྣང་བ་མཐའ་ཡས་གསོལ་འདེབས། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱི་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབས་པ་བཞིན༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ བགེགས་མེད་འགྲུབ་པར་བྱིན་གྱིས་བརླབས་དུ་གསོལ༔ ཏདྱཐཱཿཔཉྩནྡྲི་ཡ་ཨ་བོ་ངྷ་ནི་སྭཱ་ཧཱཿ ཞེས་སོ།།

    ༄༅༅།།འཕགས་པ་བཟང་པོ་སྤྱོད་པའི་ཡན་ལག་བདུན་པ་བཞུགས། རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙཱ་རྱ་པྲ་ཎི་དྷཱ་ན་རཱ་ཛཱ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན།། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།། ལུས་དང་ངག་ཡིད་དྭངས་བས་ཕྱག་བགྱིའོ།། བཟང་བོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ།། ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས།། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར།། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས།། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས།། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས།། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌།། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད།། མེ་ཏོག་དམ་པ་འཕྲེང་བ་དམ་པ་དང༌།། སིལ་སྙན་རྣམས་དང་ཕྱུག་པ་བདུག་མཆོག་དང༌།། མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌།། ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌།། བཀོད་པར་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ།། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།། བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས།། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི།། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི།། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌།། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ།། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།། རང་རྒྱལ་རྣམས་དག་སློབ་དག་མི་སློབ་དང༌།། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌།། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས།། བྱང་ཆུབ་རིམ་པར་སངས་རྒྱས་མ་ཆས་བསྙེས།། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ།། འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ།། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ།། འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར།། བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌།། བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི།། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌།། རྗེས་སུ་ཡི་རང་བསྐུལ་ཞིངགསོལ་བ་ཡི།། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། ཞེས་སོ།།

    ༄༅༅།།དམིགས་བརྩེ་མའི་འདོད་གསོལ་བཞུགས་སོ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།། ཞེས་སོ།།

    ༄༅༅།།བཀའ་འགྱུར་སྙིང་པོ་བཞུགས་སོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ན་མ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ༔ ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔  ཞེས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་ཀློག་པའི་ཕན་ཡོན་དང་མཉམ་མོ།།

    ༄༅༅།།ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཤ་ཏ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷེ༔ བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བསྡུས་པ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་དྷརྨ་ས་ཀ་ཧཱ༔ དྷརྨེ་ཤཱ་སེ་ནི་རི་སརྦ་ཀཱརྻ་ས་རི་ཏྲ་མེ་དྷརྨཱ༔ ཏདྱ་ཐཱ༔ ཧྲི་སུ་ཧྲི་སྨྲྀ་ཏི༔ ཛ་ཡ་བི་ཛ་ཡ༔ དྷཱིཿདྷ་ར་ཎི་པྲ་ཛྙཱ་སཱ་རེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཏོན་པ་དང་མཉམ་མོ༔ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ་རྫོགས་སོ།།

    ༄༅༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲིའི་སྙིང་བོ་ནི། རྒྱ་གར་སྐད་དུ༔ པཉྩ་བིཾ་ཤ་ཏི་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷ༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་པྲ་ཛྙཱེ་པྲ་ཛྙཱེ་མ་ཧཱ་པྲ་ཛྙཱེ་སརྦ་བྷ་རེ༔ པྲ་ཛྙཱ་སརྦ་ཛྙཱ་ན་དུན་ཏ་རེ་པྲ་ཛྙཱ་པྲེ་ཏ༔ སུ་ཀ་རེ་སུ་ཀ་རེ་སུ་ཀ་ར་སིདྡྷི༔ བུདྡྷ་བུདྡྷ༔ ཀམྤ་ཀམྤ༔ ས་ར་ས་ར༔ དྷ་ར་དྷ་ར༔ བ་ར་བ་ར༔ གརྫ་གརྫ༔ གརྫ་ཡ་ཏི་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་བཏོན་པ་དང་མཉམ་མོ༔ ཞེས་སོ།།

    ༄༅༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཨཱརྻ་ཨཥྚ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷ༔ བོད་སྐད་དུ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ཧྲཱིཿཤྲུ་ཏི་སྨྲྀ་ཏི་ཛ་ཡ་བི་ཛ་ཡེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བཏོན་པ་དང་མཉམ་མོ༔ ཞེས་སོ།།

    ༄༅༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཨཥྚ་ཨ་ཡུ་ཏཾ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་དྷཱ་ར་ཎི༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་གཟུངས༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ པྲ་ཛྙཱ་པཱ་ར་མི་ཏཱ་ཡེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བཏོན་པ་དང་མཉམ་མོ༔ ཞེས་སོ།།

    ༄༅༅།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི། རྒྱ་གར་སྐད་དུ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ནཱ་མ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ༔ ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ལན་གཅིག་བརྗོད་པས་བསྐལ་པ་འབུམ་ཕྲག་སྟོང་དུ་བསགས་པའི་སྒྲིབ་པ་ཡང་མ་ལུས་པ་ཟད་པར་འགྱུར་རོ༔ ཞེས་སོ།།

    ༄༅༅།།འཕགས་པ་སྡུད་པའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཨཱརྻ་པྲ་ཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་ག་ཐཱ་གརྦྷ༔ བོད་སྐད་དུ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་སྙིང་པོ༔ འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ༔ པཱ་ར་ག་ཏེ༔ པཱ་ར་ག་ཏེ༔ སཾ་ག་ཏེ༔ བྷོ་དྷི་ཡེ་སྭཱ་ཧཱ༔ འཕགས་པ་སྡུད་པ་བཏོན་པ་དང་མཉམ་མོ༔ ཞེས་སོ།།

   ༄༅༅།།བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཨཱརྻ་མཉྫུ་ཤྲཱི་ཏནྟྲ་གརྦྷ༔ བོད་སྐད་དུ༔ འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང༔ འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ༔ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཨ་ར་པ་ཙ་ན་ཡ་ཏེ་ན་མ༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་ཟླ་བ་གཅིག་གིས་གྲུབ་པ་རྫོགས་སོ༔ ཞེས་སོ།།

    ༄༅༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་ནི། རྒྱ་གར་སྐད་དུ༔ བྷ་ག་ཝ་ཏཱི་པྲ་ཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ༔ བོད་སྐད་དུ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ འདི་ལྟ་སྟེ༔ ཨ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་རྫོགས་སོ༔ ཞེས་སོ།།

    ༄༅༅།།བཀའ་འགྱུར་རོ་ཅོག་གི་གཟུངས་བསྡུས་པའི་སྙིང་པོ་སོགས་ནི། རྒྱ་གར་སྐད་དུ༔ ཨུ་པ་རི་ཤུདྡྷ་ནཱ་མ་དྷཱ་ར་ཎི༔ བོད་སྐད་དུ༔ ཡོན་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་གཟུངས༔ ན་མཿས་མནྟ་བྷ་དྲཱ་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ན་མོ་བྷ་ར་བྷ་ར་སཏྭཱ་ཡ་སྭཱ་ཧཱ༔ ལན་གསུམ་བརྗོད་ན་མཚམས་མེད་པ་ལྔའི་སྡིག་པ་འདག་པར་འགྱུར་རོ༔ བཀའ་འགྱུར་རོ་ཅོག་གི་གཟུངས་བསྡུས་པའི་སྙིང་པོ་རྫོགས་སོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་པས་སྲོག་བཅད་པའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མེ་ཏོག་དབང་གི་སྟོབས་ལ་ཕྱག་འཚལ་ལོ༔ མི་ཚངས་པར་སྤྱད་པའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་འོད་སྐྱབས་གནས་དམ་པ་དགྲ་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ མནའ་ཐོན་པའི་སྡིག་པ་འདག་སྟེ་ཚེ་འཕེལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་བརྟན་ཅིང་རབ་ཏུ་དུལ་བ་ཕ་རོལ་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཚུལ་ཁྲིམས་འཆལ་བའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་བརྩེགས་པ་བྱེ་བ་ཕྲག་བརྒྱའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ལ་ཕྱག་འཚལ་ལོ༔ བཀའ་འགྱུར་ཆེན་པོ་ཀློག་པའི་དགེ་བ་དང་མཉམ་མོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཚོང་ཁེ་སྤོགས་བྱས་པའི་སྡིག་པ་འདག་པར་འགྱུར་རོ༔ མདོར་ན་དམ་པའི་ཆོས་སྤངས་པ་དང་༔ དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་༔ ཕ་མ་ལ་མི་འཚམ་པའི་ལས་བགྱིས་པ་དང་༔ འདོད་ལོག་སྤྱད་པ་དང་༔ དད་ཟས་འཚལ་བ་དང་༔ གསུང་རབ་ཀྱི་གླུད་ཟོས་པ་སོགས༔ སྡིག་པའི་ལས་བགྱིས་པ་དེ་དག་ཐམས་ཅད་སངས་རྒྱས་སྟོང་གི་སྤྱན་སྔར་བཤགས་ཀྱང་སྡིག་པ་འདག་པར་གསུངས་ཏེ༔ གཟུངས་འདི་དང་སངས་རྒྱས་ཀྱི་མཚན་འདི་རྣམས་བྲིས་ཀློག་བྱས་པས་སྡིག་པ་ཐམས་ཅད་བཤགས་ནས༔ སྒྲིབ་པ་མ་ལུས་པ་འདག་པར་འགྱུར་རོ༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ལྷོ་ནུབ་རྔ་ཡབ་ཏུ་གཤེགས་ཁར་དུས་སྙིགས་མར་བོད་ཀྱི་མི་རྣམས་རིམ་གྲོར་བཀའ་འགྱུར་ཀློག་འདོན་ལ་མི་ཐོན་པ་རྣམས་ཀྱི་དོན་དུ་ཡི་གེར་བཀོད་ནས་ལྷོ་བྲག་གནམ་སྐས་ཅན་དུ་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྱིས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་བཏོན་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་པ་འདི་ལགས་སོ། མངྒ་ལཾ།།  

    ༄༅༅།།འབུམ་འགྱུར་གཟུངས་སྔགས་ནི། ༀ་གཎྜྷ་ར་བྷིནྡྷ་ར་སྭཱ་ཧཱཿ རཊྣ་ཤ་ཀྵོ་ན་ཏ་ཐཱ་ག་ཏ་ཡ་ཧྲི་ཏདྱ་ཨ་ནི་ག་ཏེ་ༀ་ཀུ་རུཾ་ཀུ་ནི་སྭཱ་ཧཱཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ཏདྱཐཱཿཔཉྩནྡྲི་ཡ་ཨ་བོ་ངྷ་ནི་སྭཱ་ཧཱཿ ཞེས་སོ།།

    ༄༅༅།།སངས་རྒྱས་ཀྱི་མཚན་ནི། ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས།།གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།།གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།།ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ།།ཏདྱ་ཐ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཞེས་སོ།།

    ༄༅༅།།སྟོན་པ་ཐུགས་རྗེ་ཅན་གྱི་མཚན་ནི། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། ཞེས་སོ།།

     ༄༅༅།། འོད་དཔག་མེད་གྱི་མཚན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། ཞེས་སོ།།

     ༄༅༅།། སྨན་བླའི་མཚན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། མཆོད་དོ།   སྐྱབས་སུ་མཆིའོ། ཞེས་སོ།།

     ༄༅༅།། སྤྱན་རས་གཟིགས་ཀྱི་མཚན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ།

༄༅༅།།ཐུགས་རྗེ་ཆེན་པོའི་མཚན་སྔགས་ནི། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་།།སྤྱན་སྟོང་བསྐལ་པ་བཟང་བོའི་སངས་རྒྱས་སྟོང་།།གང་ལ་གང་འདུལ་དེ་ལ་དེར་སྟོན་པའི།།བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སོ།།

     ༄༅༅།། ས་ཡི་སྙིང་པོའི་མཚན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། ཞེས་སོ།།

     ༄༅༅།། སངས་རྒྱས་ཤཱཀྱ་ཐུབ་པའི་གཟུངས་ནི།  ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ།  ཞེས་སོ།།

     ༄༅༅།། སངས་རྒྱས་འོད་དཔག་མེད་ཀྱི་གཟུངས་ནི། ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཞེས་སོ།།

     ༄༅༅།། ཚེ་གཟུངས་ནི། ༀ་ན་མོ་བྷ་ག་ཝ་ཏེེེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ༀ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།  ཞེས་སོ།།

     ༄༅༅།། ཚེ་བསྙེན་ནི། ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་སོ།།

     ༄༅༅།། སངས་རྒྱས་སྨན་བླའི་གཟུངས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ་ཡ། ས་མུདྒ་ཏེ་སྭཱ་ཧཱ། ཞེས་སོ།།

     ༄༅༅།། སངས་རྒྱས་སྨན་བླའི་གཟུངས་ཐུང་ནི། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ། རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ། ཞེས་སོ།།

     ༄༅༅།། མི་འཁྲུགས་པའི་བསྙེན་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ ནཉྩ་སྭཱ་ཧཱ། ཞེས་སོ།།

     ༄༅༅།། རྡོར་སེམས་ཀྱི་ཡི་གེ་བརྒྱ་པ་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་སོ།།

     ༄༅༅།། རྡོ་རྗེ་སེམས་དཔའི་སྙིང་པོ་ནི། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་སོ།།

     ༄༅༅།། སློབ་དཔོན་པདྨའི་བསྙེན་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་སོ།།

     ༄༅༅།།འཇམ་དཔལ་གྱི་བསྙེན་པ་ནི། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་སོ།།

     ༄༅༅།།སྤྱན་རས་གཟིགས་ཀྱི་སྙིང་པོ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་སོ།།

     ༄༅༅།།ཕྱག་རྡོར་བསྙེན་པ། ༀ་བཛྲ་པཱ་ཎི་ཧཱུྃ། ཞེས་སོ།།

     ༄༅༅༎སྒྲོལ་མ་ཉེར་གཅིག་གི་རྩ་སྔགས་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས།།ཞབས་ཀྱི་པདྨོ་ལ་བཏུད་དེ།།ཕོང་པ་ཀུན་ལས་སྒྲོལ་མཛད་མ།།སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།།ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭ་ཧཱ། ཞེས་སོ།།

     ༄༅༅།།སྒྲོལ་དཀར་ཚེ་གཟུངས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་ཧྲཱིཿཨཱཿཡུར་ཛྙཱ་ན་སརྦ་སིདྡྷི་ཧྲཱིཿབྷྲཱུྃ་ཨཱཿཎི་ཧཱུྃ་ཛ་སྭཱ་ཧཱ།

     ༄༅༅།།གདུགས་དཀར་བསྙེན་པ་ནི།བདེ་གཤེགས་ཐུགས་རྗེའི་གཙུག་ཏོར་ལས་འཁྲུངས་ཤིང་།།བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་བཅད་ནས།།བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པ།།བདེ་མཆོག་གདུགས་དཀར་ཅན་ལ་ཕྱག་འཚལ་ལོ།།ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཞེས་སོ།།

     ༄༅༅།།ཆོས་སྐུ་ཡུམ་ཆེན་མོའི་གཟུངས་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད།།སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།།ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་ཡེ་སྭཱ་ཧཱ། ཞེས་སོ།།

     ༄༅༅༎འོད་ཟེར་ཅན་མའི་བསྙེན་པ་ནི། ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ། ཞེས་སོ།།

     ༄༅༅༎སེངྒེ་སྒྲའི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཙི་ཏི་ཛྭ་ལ་ཀ་རོ་ཊི་བཱི་ར་ཡེ་སྭཱ་ཧཱ། ཞེས་སོ།།

     ༄༅༅༎དབྱངས་ཅན་མའི་བསྟོད་པ་བཞུགས་སོ། ཆུ་འཛིན་དཀར་པོ་གློག་ཕྲེང་དྲ་བ་ཅན།།མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན།།པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག།མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།།རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ།།ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ།།མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།།ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།།ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ།།དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།། ཨོཾ་སྭ་རཱ་སིད་དྷེ་ཧྲཱིཾ་ཧྲ། ཅེས་སྒྲ་དབྱངས་ལྷ་མོ་སྤྱན་དྲངས་ནས་བསྟོད་ཅིང་གསོལ་བ་གདབ་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།།

     ༄༅༅༎བཟླས་ཆོག་རྡོ་རྗེ་གོ་ཁྲབ་བཞུགས་སོ། མ་ཧཱ་གུ་རུ་པད་ཐོད་ཕྲེང་རྩལ།།ཆེ་མཆོག་མཐིང་ནག་རྡོ་རྗེ་གོ་ཁྲབ་དཔལ།།ནད་གདོན་བགེགས་རིགས་འཇོམས་པའི་སྟོབས་ཀྱི་ལྷར།།གསོལ་བ་འདེབས་སོ་སྲུང་ཞིང་བསྐྱབ་པར་མཛོད།། ཨོཾ་པད་ཤ་བ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔  ཞེས་སོ།།

     ༄༅༅།།རྟ་མགྲིན་གཟུངས་སྔགས་བཞུགས་སོ། ཐུའུ་བཀན་ཆོས་ཀྱི་ཉི་མའི་གསུངས།།དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི།།གསུང་གི་རང་བཞིན་མཐུ་སྟོབས་བདག།དབང་དྲག་ཁྲོས་པའི་གར་མཛད་པ།།པདྨ་དབང་ཅན་ཕྱག་འཚལ་ལོ།། ཨོཾ་ཧྲཱིཿཔདྨཱ་ནྟཀྲི་ཏ་བཛྲ་ཀྲོ་ངྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བཅོམ་ལྡན་རྟ་མཆོག་རོལ་བ་ཡི།།བདག་གི་སྒོ་གསུམ་ཕྱིན་གྱིས་རློབས།།ནད་དང་བར་ཆད་ཞི་བ་དང་།།མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།།དགེ་བ་འདི་ཡི་མྱུར་དུ་བདག།།རྟ་མཆོག་རོལ་བ་གྲུབ་གྱུར་ནས།།འགྲོ་བ་གཅིག་ཀྱང་མ་ལུས་པར།།དེ་ཡི་ས་ལ་འགོད་པར་ཤོག། ཅེས་སོ།།

     ༄༅༅།།མཁའ་འགྲོ་སེང་གདོང་མའི་བསྙེན་པ་བཞུགས་སོ། མཁའ་ལ་བསྐྱོད་པའི་གནས་མཆོག་དམ་པ་ན།།མངོན་ཤེ་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན།།སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་གཟིགས།།གནས་གསུམ་མཁའ་འགྲའི་ཚོགས་ལ་ཕྱག་འཚལ་ལོ།། ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊ། ཅེས་སོ།།

     ༄༅༅།།མཁའ་འགྲོ་སེང་གདོང་མའི་ཟློག་བསྒྱུར་བཞུགས་སོ། དཔལ་ལྡན་ལྷ་མོ་རྡོ་རྗེ་ནི།།དྲག་མོ་སེང་གེ་གདོང་བ་ཅན།།ཡེ་ཤེས་མེ་ཡི་འོད་ཟེར་འབར།།སེང་གེ་གགདོང་ཅན་ལྷ་མོར་འདུད།། ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊ། དཔལ་ལྡན་ལྷ་མོ་དྲག་མོ་སེང་གེ་གདོང་བ་ཅན།།ཁྱེད་ཀྱི་རིགས་སྔགས་ཟབ་མོ་འདི་བཟློས་པའི་མཐུ་ལ་བརྟེན་ནསབདགཅག་དཔོན་སློབ་འཁོར་བཅས་རྣམས་ལ་སྡང་པར་བྱེད་པའི་དགྲ་གནོད་པར་བྱེད་པའི་བགེགས་བར་དུ་གཅོད་པའི་རྐྱེན་མདོར་ན་བཀྲ་མི་ཤེས་པའི་ཕྱོགས་རིགས་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས།།དགྲ་བགེགས་བྱད་མ་ཐམས་ཅད་ཀྱི།།ལུས་ངག་ཐལ་བའི་རྡུལ་དུ་བརློགས།།རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས།། ཞེས་ལན་གསུམ་རེ་འདོན་པ་དང་ཚིག་རེའི་རྗེས་སུ་ཟློག་རེ་རྒྱོབ། མཁའ་ལ་བསྐྱོད་པའི་གནས་མཆོག་དམ་པ་ན།།མངོན་ཤེ་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན།།སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་གཟིགས།།གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག།དགེ་བ་འདི་ཡི་མྱུར་དུ་བདག།།སེང་གེ་གདོང་ཅན་གྲུབ་གྱུར་ནས།།འགྲོ་བ་གཅིག་ཀྱང་མ་ལུས་པར།།དེ་ཡི་ས་ལ་འགོད་པར་ཤོག།བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།།མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་།།མཐུན་པར་གྱུར་ཞིང་ཕུན་སུམ་ཚོགས་པ་ཡི།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།ཅེས་ས་པཎ་གྱིས་མཛད་པའོ།།

     ༄༅༅།།ལྷ་མོ་ལོ་གྱོན་མའི་གཟུངས་བཞུགས་སོ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི།།ཆོ་འཕྲུལ་རྣམ་པར་རོལ་བ་ལས་བྱུང་བ།།ལྷ་མོ་གང་གི་བསྒྲུབས་པའི་ནད་གདོན་བགེགས།།ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ།། ཨོཾ་བི་ཤ་ཙཱི་པརྞ་ཤ་ལྦ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧྭ། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།།ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

     ༄༅༅།།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ནི། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། དབྱངས་གསལ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཞེས་སོ།།

     ༄༅༅།།རྟེན་འབྲེལ་སྙིང་པོའི་གཟུངས་ནི། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་སོ།།

     ༄༅༅།།ཚུལ་ཁྲིམས་རྣམ་དག་གི་གཟུངས་ནི། ཨོཾ་ཨཱ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར་མ་ཧཱ་ཤུདྡྷ་ས་ཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སོ།།

     ༄༅༅།།ཕྱག་འཚལ་བའི་འགྱུར་སྔགས། ན་མོ་མཉྫུ་ཤྲི་ཡེ། ན་མོ་སུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ།

     ༄༅༅།།བསྐོར་བ་བྱེད་པའི་འགྱུར་སྔགས། ༀ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་ར་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་རཏྲཱེ་རཏྲཱེ་མ་ཧཱ་རཏྲཱེ་རཏྣ་བི་ཛ་ཡེ་སྭ་ཧཱ། ཞེས་སོ།།

     ༄༅༅།།ཡེ་ཤེས་སྐར་མདའི་སྙིང་པོ་ནི། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿ ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱྀ་ད་ཡ་ཛྭ་ལ་ན་ཧཱུྃ། ཞེས་པ་འབབ་ཆུའམ་མཚོ་འགྲམ་དུ་ལག་གཡས་པའི་ཁྱོར་བར་ཆུ་བླུགས་ལ་ཡེ་ཤེས་སྐར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ་ཆུ་ཁྱོར་བ་བདུན་སླར་ཆུར་བླུགས་ན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཡི་དྭགས་ཇི་སྙེད་ཡོད་པ་དེ་དག་གིས་ལྷའི་ཞལ་ཟས་ཀྱི་རོ་དང་བཏུང་བའི་རོ་མཆོག་དང་ལྡན་པ་ཐོབ་ཅིང་ཡི་དྭགས་རེ་རེ་ལའང་ཁ་ཟས་དང་བཏུང་བ་ཡུལ་མགྷ་དྷའི་བྲེ་བདུན་གྱིས་ཚིམ་པར་བྱས་པར་འགྱུར་ཞིང༌། ཆུ་དེ་འཐུང་བ་ཙམ་གྱིས་དེ་ཐམས་ཅད་ཡི་དྭགས་ཀྱི་སྐྱེ་གནས་ལས་ཐར་ཅིང་བདེ་འགྲོ་མཐོ་རིས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ།། སྐྱེས་པ་དང་བུད་མེད་བུ་དང་བུ་མོ་གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་ཡི་དྭགས་སམ་བྱའམ། ཆུ་གནས་ལ་སོགས་པ་གང་གིས་ཆུ་དེ་འཐུང་བ་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ།།

    ༄༅༅།།བླ་མཆོད་བསྡུས་པ། ཕུན་ཚོགས་བདེ་ལེགས་འབྱུང་གནས་དུས་གསུམ༌གྱི།། རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ།། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་ཚོགས་བཅས།། ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས།། ཆོས་རྣམས་རང་བཞིན་འགྲོ་འོང་ཀུན་བྲལ་ཡང༌།། སྣ་ཚོགས་གདུལ་བྱའི་བསམ་པ་ཇི་བཞིན་དུ།། ཅིར་ཡང་འཆར་བའི་མཁྱེན་བརྩེའི་འཕྲིན་ལས་ཀྱིས།། སྐྱབས་མགོན་དམ་པ་འཁོར་བཅས་གཤེགས་སུ་གསོལ།། ཨོཾ་རཏྣ་གུ་རུ་སརྦ་བུད་དྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མ་ཡ་ཛ་ཛཿཛཿཧཱུཾ་བཾ་ཧཾཿ པདྨ་ཀ་མ་ལ་ཡེསྟྭཾ།། ཅེས་སོ།།

    ༄༅༅།།བསྔོ་སྨོན་བསྡུས་པ། འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བ་ཡང།། དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི།། མཛད་པ་སྨོན་ལམ་མ་ལུས་བསྒྲུབ་པ་དང༌།། ལུང་རྟོགས་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ།། དེ་ཡི་མཐུ་ལས་ཚེ་རབས་ཀུན་ཏུ་བདག། ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང༌།། ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང༌།། རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག། ཞེས་པ་འདི་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའོ།། 

    ༄༅༅།།བཀྲ་ཤིས་བརྩེགས་པ་བསྡུས་པ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། ཕྱོགས་བཅུའི་བཀྲ་ཤིས་ལྷ་རྣམས་ལ།། བཀྲ་ཤིས་དོན་དུ་ཕྱག་འཚལ་ལོ།། རྟག་ཏུ་བཀྲ་ཤིས་དཔལ་འབར་ཤོག། ཅེས་སོ།།

    ༄༅༅།།སྒྲོལ་མ་བསྡུས་པ། ན་མོ་ཨཱརྱ་ཏཱ་རེ་ཡེ། ཨོཾཿབཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔལ་མོ།། ཏུཏྟཱ་རེ་ཡིས་འཇིགས་ཀུན་སེལ་མ།། ཏུ་རེས་དོན་རྣམས་ཐམས་ཅད་སྟེར་མ།། སྭཱ་ཧཱ་ཡི་གེ་བཅུ་ལ་རབ་འདུད།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།། འདི་ནི་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཉེ་ཐང་ངོར་བཞུགས་པའི་ཚེ།། ལེགས་པའི་ཤེས་རབ་གློ་བུར་དུ་བསྙུང་བ་ལ།། འབྲོམ་སྟོན་པས་པྲ་ཕབས་པར་དུས་གཅིག་ལ་སྒྲོལ་མ་ཁྲི་ཚར་བཏོན་ན་ནད་ལས་གྲོལ་ཞེས་བྱུང་བ་ན།། ཇོ་བོས་སྒྲོལ་མར་གསོལ་བ་བཏབ་པས།། སྒྲོལ་མས་འདི་གསུངས་པས་དགེ་མཚན་མངོན་སུམ་དུ་བྱུང་།། བྱིན་རླབས་ཆེ་ཞིང་མྱུར་བས།། འདི་ཚར་རེ་བརྗོད་ན་སྒྲོལ་མ་ཚར་རེ་བཏོན་པ་དང་མཉམ་པར་གསུངས་སོ། 

    ༄༅༅།།ཨོཾཿའཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ།། བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ།། ངན་སོང་སྒོ་བཀག་མ་ལ་ཕྱག་འཚལ་ལོ།། མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ།།རྟག་ཏུ་ཁྱོད་ཀྱིས་སྟོངས་པར་མཛོད།། ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ།། ཞེས་པ་འདི་ནི་ཇོ་བོ་གསེར་གླིང་དུ་བྱོན་དུས་གསུངས་སོ།།

    ༄༅༅།།སྒྲོལ་མའི་མཎྜལ་བཞི་བ་བསྡུས་པ། ཆོས་སྐུ་ཤེར་ཕྱིན་བཅོམ་ལྡན་ཀུན་བཟང་མོ།། ལོངས་སྤྱོད་ཡོངས་རྫོགས་བཛྲ་ཝ་ར་ཧི།། སྤྲུལ་བའི་རྣམ་རོལ་རྗེ་བཙུན་སྒྲོལ་མ་ཡུམ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། སངས་རྒྱས་གཉིས་པ་པདྨ་ཀ་ར་དང་།། གསང་སྔགས་མཛོད་འཛིན་ཌཱ་ཀྐི་འབུམ་གྱི་རྗེ།། བྱང་ཆུབ་སེམས་དཔའ་ལྷ་སྲས་རོལ་བ་རྩལ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་།། བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་རྩལ།། རྒྱལ་བསྟན་གསལ་མཛད་པདྨ་གར་གྱི་དབང་།།གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། གཞན་ཡང་ཟབ་གཏེར་སྨིན་གྲོལ་མཛོད་འཛིན་པ།། རྩ་རྒྱུད་བླ་མ་འཕགས་མ་མྱུར་མཛད་ལྷ།། རྩ་གསུམ་རྡོ་རྗེ་ཆོས་སྲུང་རྒྱ་མཚོ་ལ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། ངེས་པར་འབྱུང་བའི་བློ་རྒྱུད་ཞིང་ས་བརླན།། ལྷག་བསམ་དག་པའི་ལྗོན་འཁྲུངས་ཚར་དུ་མངར།། ཡེ་ཤེས་ཆེན་པོའི་འབྲས་བུ་གཡུར་ཟ་བའི།། དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ།། ཅེས་སོ།།

    ༄༅༅།།ཁ་མཆུ་ནག་པོ་ཞི་མདོ་བསྡུས་པ། བླ་མ་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས།། གྱོད་དང་ཁ་མཆུའི་མི་ཁ་ལ་སོགས་པའི།། བདག་ལ་ངན་བྱ་ཀུན་ཏུ་མི་འབྱུང་ཞིང་།། མཐོང་ཐོས་ཀུན་ལ་དགའ་བ་བསྐྱེད་པར་ཤོག། བདག་ལ་མཆོག་དམན་ཀུན་གྱིས་བསྙེན་ཞིང་བཀུར།། རབ་སྙན་གྲགས་པའི་བ་དན་ཕྱོགས་བཅུར་གཡོ།། གཞན་ཕན་རྣམ་དག་འཕྲིན་ལས་རབ་སྐྱེས་ཏེ།། ཆོས་སྲིད་དཔལ་འབྱོར་ལོངས་སྤྱོད་གོང་འཕེལ་ཤོག། ཅེས་སོ།།

    ༄༅༅།། བཀྲ་ཤིས་བརྩེགས་པ་བསྡུས་པ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།།ཕྱོགས་བཅུའི་བཀྲ་ཤིས་ལྷ་རྣམས་ལ།།བཀྲ་ཤིས་དོན་དུ་ཕྱག་འཚལ་ལོ།།རྟག་ཏུ་བཀྲ་ཤིས་དཔལ་འབར་ཤོག །ཞེས་དཔའ་བོ་ཆོས་དབྱིངས་རྡོ་རྗེས་མཛད་པའོ།། ཡང་ན་འཕགས་པ་བཀྲ་ཤིས་བརྩེགས་པ་ལས། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས།།སྐུ་ལ་མི་ནུབ་བཀྲ་ཤིས་རྒྱལ་མཚན་མཆོག།གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ།།ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ།།སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ།།ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབས་རྒྱས།།མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ།།ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག།ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་མངའ།།བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག།རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ།།དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཅེས་སོ།

    ༄༅༅།།ཕྱོགས་བཅུའི་མུན་སེལ་བསྡུས་པ། ཕྱོགས་བཅུའི་མུན་སེལ་ཕྱོགས་བཅུའི་འཇིག་རྟེན་ན།། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། བདག་ནི་ཕྱོགས་དེར་དོན་གཉེར་འགྲོ་བ་ན།། དོན་དེ་འགྲུབ་ནས་སླར་ཡང་བཟློག་པར་ཤོག། ཅི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས།། ཤཱཀྱ་གཞོན་ནུ་རབ་ཏུ་གསལ་བ་ལ།། ཕྱོགས་བཅུའི་མུན་སེལ་བཀྲ་ཤིས་མཛད་པ་བཞིན།། བདག་སོགས་འཁོར་བཅས་བཀྲ་ཤིས་དོན་གྲུབ་ཤོག། ཅེས་སོ།།

    ༄༅༅།།ཤེར་སྙིང་བདུད་ཟློག་བཞུགས། འདི་ལྟར་ན་མོ་བླ་མ་ལ་ཕྱག་འཚལ་ལོ།།སངས་རྒྱས་ལ་ཕྱག་འཚལ་ལོ།།ཆོས་ལ་ཕྱག་འཚལ་ལོ།།དགེ་འདུན་ལ་ཕྱག་འཚལ་ལོ།།ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།ཏདྱ་ཐཱཿཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱཿདེ་རྣམས་ལ་ཕྱག་འཚལ་བ་ལ་བརྟེན་ནས།།བདག་གི་བདེན་པའི་ཚིག་རྣམས་འགྲུབ་པར་གྱུར་ཅིག།ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས།།བདུད་སྡིག་ཏོ་ཅན་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས།།བདག་གིས་ཆོས་འཆད་ཉན་ཐོས་བསམ་སྒོམ་གསུམ་ལ་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བླ་མ་དང་འཕགས་པ་སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀའ་བདེན་པའི་སྟོབས་ཀྱིས་ཕྱིར་ཟློག་པར་གྱུར་ཅིག།མེད་པར་གྱུར་ཅིག།ཞི་བར་གྱུར་ཅིག།རབ་ཏུ་ཞི་བར་གྱུར་ཅིག།ཅེས་པའི་འཇུག་ཏུ། དགྲ་ཐམས་ཅད་བྱམས་པའི་སེམས་དང་ལྡན་ཞིང་།མི་མཐུན་ཕྱོགས་ངན་པ་ཐམས་ཅད་ཤནྟཾཀུར་ཡེ་སྭཱ་ཧཱ།བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།།མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་།།མཐུན་པར་གྱུར་ཅིང་ཕུན་གསུམ་ཚོགས་གྱུར་པས།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།‍‍‍‍‍‍‍‍ ཅེས་སོ།

    ༄༅༅།།གདུགས་དཀར་བསྡུས་པ་བཞུགས། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས།།མཐུ་སྟོབས་ཐོགས་པ་མི་མངའ་ཞིང་།།ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས།།བདག་གིས་གསོལ་བ་བཏབ་པ་བཞིན།།སངས་རྒྱས་བསྟན་པ་དར་བ་དང་།།སེམས་ཅན་ཐམས་ཅད་བདེ་གྱུར་ཅིག།རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།།ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ།།རྨི་ལམ་མཚན་མ་ངན་པ་བཟློག།རྟགས་དང་རྟེན་འབྲེལ་ངན་པ་བཟློག།དགྲ་འདྲེའི་བསམ་སྦྱོར་ངན་པ་བཟློག།ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག།ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག།ནད་རིགས་བཞི་བརྒྱ་རྩ་བཞི་བཟློག།བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག།དུས་མིན་འཆི་བ་རྣམ་བརྒྱད་བཟློག།ཡས་ཀྱི་བདུད་དུ་གཡོས་པ་བཟློག།མས་ཀྱི་སྲི་རུ་ལངས་པ་བཟློག།དཔྲལ་བའི་གཤེད་དུ་བརྐོས་པ་བཟློག།ཕ་མེས་དུར་སྲི་ལངས་པ་བཟློག།མི་ལ་ནད་དུ་གཏོང་བ་བཟློག།ཕྱུགས་ལ་གོད་ཁ་བྱེད་པ་བཟློག།གནམ་གྱི་དལ་ཁ་ཐེབས་པ་བཟློག།ས་ཡི་དུག་མདའ་གཡོས་པ་བཟློག།སྨེ་བ་སྤར་ཁ་ངན་པ་བཟློག།སྐེག་དང་ཕུང་སྲི་ལངས་པ་བཟློག་ཏུ་གསོལ༎ ཅེས་ཟློག་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པའོ།།

     ༄༅༅༎འཇམ་དཔལ་མཚན་བརྗོད་བསྡུས་པ། ༀ་ཨ་ར་པ་ཙ་ན་དྷཱིཿ ཞེས་གང་མང་འདོན། བརྩེ་ལྡན་ཁྱེད་ཀྱིས་མཁྱེན་རབ་འོད་ཟེར་གྱིས།། བདག་བློའི་གཏི་མུག་མུན་པ་རབ་གསལ་ནས།། བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།། བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།། ཞེས་སོ།།

     ༄༅༅།།ཡན་ལག་བདུན་པའི་གསོལ་འདེབས། གང་གི་ཐུགས་རྗེས་བདེ་བ་ཆེན་པོའི་དབྱིངས།། སྐུ་གསུམ་གོ་འཕང་མཆོག་ཀྱང་སྐད་ཅིག་ལ།། སྩོལ་མཛད་བླ་མ་རིན་ཆེན་ལྟ་བུའི་སྐུ།། རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ།། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི༌།། གང་འདུལ་ཅིར་ཡང་འཆར་བའི་ཐབས་མཁས་མཆོག། ངུར་སྨྲིག་འཛིན་པའི་གར་གྱི་རྣམ་རོལ་བ།། སྐྱབས་མགོན་དམ་པའི་ཞབས་ལ་ཕྱག་འཚལ་ལོ།། ཉེས་ཀུན་བག་ཆགས་བཅས་པ་དྲུངས་ཕྱུང་ཞིང༌།། དཔག་མེད་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར།། ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ།། རྗེ་བཙུན་བླ་མ་འི་ཞབས་ལ་ཕྱག་འཚལ་ལོ།། ལྷར་བཅས་སྟོན་པ་སངས་རྒྱས་ཀུན་གྱི་དངོས།། བརྒྱད་ཁྲི་བཞི་སྟོང་དམ་ཆོས་འབྱུང་བའི་གནས།། འཕགས་ཚོགས་ཀུན་ཀྱི་དབུས་ན་ལྷང་ངེ་བ།། དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། དུས་གསུམ་ཕྱོགས་བཅུར་བཞུགས་པའི་བླ་མ་དང༌།། རིན་ཆེན་མཆོག་གསུམ་ཕྱག་འོས་ཐམས་ཅད་ལ།། དད་ཅིང་མོས་པས་བསྟོད་དབྱངས་རྒྱ་མཚོར་བཅས།། ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཕྱག་འཚལ་ལོ།། ཞེས་སོ།།

     ༄༅༅།།གཅོད་ཀྱི་གོ་དོན་བསྡུས་པ། ཇི་སྐད་དུ། ལྷ་མེད་འདྲེ་མེད་ལྟ་བའི་གདིང༌།། ཡེངས་མེད་འཛིན་མེད་སྒོམ་པའི་གནད།། བླང་མེད་དོར་མེད་སྤྱོད་པའི་གནད།། རེ་མེད་དོགས་མེད་འབྲས་བུའི་གནད།། ཟེར་བ་ལྟར། གཅད་བྱ་གཅོད་བྱེད་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་གདལ་ན། ནང་སྙེམས་བྱེད་གདོན་གྱི་རྩ་བ་ཆོད་དེ་མཐར་ཐུག་དོན་གྱི་ཆོད་ཚད་མངོན་དུ་འགྱུར་བ་ཡིན་ནོ།།

     ༄༅༅།།གསོལ་འདེབས་བསམ་པ་མྱུར་འགྲུབ་མ་བཞུགས་སོ། ཨེ་མ་ཧོ༔ མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ།། སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ།། རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི།། མཁའ་འགྲོ་སྤྲིན་དཔུང་འཁྲིགས་ལ་གསོལ་བ་འདེབས།། བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།། ཅེས་སོ།།

    ༄༅༅།།ཧྲཱིཿཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་བོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔  ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་སོ།།

    ༄༅༅།།བར་ཆད་ལམ་སེལ་ཤིན་ཏུ་བསྡུས་པ་བཞུགས། ཨོཾ་ཨཱཿཧཱུཾཿཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས།། སྤྲུལ་སྐུ་པདྨ་འབྱུང་གནས་དྲག་པོ་རྩལ།། གསོལ་བ་འདེབས་སོ་ཐུགས་རྗེ་ཤུགས་ཕྱུངས་ལ།། ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ།། དུས་ངན་སྙིགས་མའི་འགྲོ་བ་སྡུག་བསྔལ་ཚེ།། ཁྱེད་ལས་རེ་ས་མེད་དོ་སྙིང་ཁུངས་ནས།། མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས།། འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་བཟློག༔ ཚེ་བསོད་སྤེལ་ལ་རླུང་རྟ་དར་རྒྱས་ཤོག། ཅེས་པའང་གཏེར་མིང་འཇའ་ལུས་རྡོ་རྗེས་སོ།།

    ༄༅༅།།བསམ་ལྷུན་བསྡུས་པ་ཐུགས་རྗེ་གློག་ཞགས་བཞུགས། ཨེ་མ་ཧོཿ དཀོན་མཆོག་རྩ་གསུམ་བདེ་གཤེགས་ཀུན་འདུས་དཔལ༔ སྙིགས་དུས་འགྲོ་བ་མགོན་མེད་སྐྱབས་ཅིག་པུ༔ ཐུགས་རྗེ་གློག་ལྟར་མྱུར་བའི་ཐོད་ཕྲེང་རྩལ༔ མ་ཧཱ་གུ་རུ་པདྨ་ཧེ་རུ་ག༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ དགྲ་གདོན་བགེགས་དང་བར་ཆད་བྱད་ཕུར་བཟློག༔ མ་རུང་རྒྱལ་སྲིན་འབྱུང་བོ་དམ་ལ་ཐོག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་བརློབས༔ ཞེས་གཏེར་བདག་འཇའ་ལུས་རྡོ་རྗེས་སོ།།

    ༄༅༅།།གསོལ་འདེབས་དུས་གསུམ་སངས་རྒྱས་བཞུགས། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོའི་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༌༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པ་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱིས་ཁ་ཏོན་དུ་གཅེས་པར་ཟུངས་ཤིག། ནད་གདོན་བར་ཆད་ཞི་བར་མཛད་པ་དང༌།། འཆི་མེད་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ།། ཅེས་སོ།།

    ༄༅༅།།ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།། འགལ་རྐྱེན་པར་ཆད་མི་འབྱུང་ཞིང༌།། མཐུན་རྐྱེན་བསམ་པ་འགྲུབ་པ་དང༌།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།། ཞེས་པ་འདི་ཡང་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་མཁའ་སྤྱོད་དཔལ་གྱི་ཙ་རི་ཏྲར་ཕེབས་སྐབས་ཨོ་རྒྱན་རིན་པོ་ཆེས་དངོས་སུ་ཞལ་གཟིགས་པའི་དུས་སུ་ཐོལ་བྱུང་དུ་གསུངས་པའི་གསོལ་འདེབས་བྱིན་རླབས་ཅན་ཏོ།། མངྒ་ལཾ།  

    ༄༅༅།།གསོལ་འདེབས་དངོས་གྲུབ་ཀུན་འབྱུང༌བཞུགས། སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌།། གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད།། བྱང་སེམས་ཉེ་བའི་སྲས་བརྒྱད་དང༌།། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ།། གསོལ་བ་འདེབས་སོ་བྱིན་གྱིས་རློབས།། ཕྱི་ནང་གསང་བའི་བར་ཆད་སོལ།། བསམ་པ་ཡིད་བཞིན་འགྲུབ་པ་དང༌།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། ཞེས་གསེར་འཕྱང་མེ་བྱ་སྨིན་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉི་ཤར་ལ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་རྡོལ་བའོ།། ཅེས་སོ།།

    ༄༅༅།།གསོལ་འདེབས་བསམ་པ་ལྷུན་གྲུབ་མ་བཞུགས། ཧཱུཾཿདཀོན་མཆོག་རྩ་གསུམ་བདེ་གཤེགས་ཀུན་འདུས་དཔལ།། མ་ལུས་འགྲོ་བའི་སྐྱབས་མགོན་པདྨ་འབྱུང།། གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ།། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།། ཞེས་སོ།།

    ༄༅༅།།རྗེ་བཙུན་པདྨ་ཐོད་ཕྲེང་རྩལ།། དྲག་པོ་ཡེ་ཤེས་རབ་འབར་ལ།། སྙིང་ནས་གུས་པའི་གསོལ་བ་འདེབས།། གེགས་ཞི་བསམ་དོན་མྱུར་འགྲུབ་མཛོད།། ཅེས་སོ།།

    ༄༅༅།།སྐྱབས་གནས་བསླུ་མེད་དཀོན་གཆོག་རིན་པོ་ཆེ།། ཐུགས་རྗེ་མངའ་བའི་ཨོ་རྒྱན་པདྨ་ལ།། བདག་གིས་ཇི་ལྟར་གསོལ་བ་བཏབ་པའི་མཐུས།། མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ།། ཞེས་སོ།།

    ༄༅༅།།བསྐང་གསོལ་བསྡུས་པ། ཨོཾཿཚོགས་མཆོད་ཡེ་ཤེས་བདུད་རྩི་བཞེས།། ཉམས་ཆགས་འགལ་འཁྲུལ་སྐོང་ཞིང་བཤགས།། དགྲ་བགེགས་ཀུན་གྲོལ་ཞལ་དུ་རོལ།། ལྷག་གཏོར་འདི་བཞེས་ལས་རྣམས་མཛོད།། ཞེས་འཇིགས་མེད་གླིང་པས་གསུངས་སོ།།

    ༄༅༅།།གུར་མགོན་བསྐང་བསྡུས། ཧཱུཾཿསྣང་སྲིད་རྣམ་དག་ངང་ལས་རང་ཤར་བ།། ཕྱི་ནང་གསང་བའི་འདོད་ཡོན་མ་ཚང་མེད།། ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་འདིས།། གུར་མགོན་མ་ཧཱ་ཆེན་པོའི་ཐུགས་དམ་བསྐང་།། འཁོར་ཚོགས་སྤྲུལ་བཅས་པའི་ཐུགས་དམ་བསྐང་།། ཐུགས་དམ་དགྱེས་བསྐང་ཉམས་ཆགས་འགལ་འཁྲུལ་བཤགས།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།། ཞེས་སོ།།

    ༄༅༅།།གུར་མགོན་གསོལ་མཆོད་བསྡུས་པ། ཧཱུཾཿབདག་གིས་ཚེ་རབས་ཀུན་ནས་བརྟེན་པའི་ལྷ།། ཆོས་སྐྱོང་གུར་མགོན་མ་ཧཱ་མཐུ་སྟོབས་ཅན།། འདོད་ཡོན་ལྔ་ལྡན་གསེར་སྐྱེམས་འདི་བཞེས་ལ།། བཅོལ་བའི་འཕྲིན་ལས་མ་ལུས་མཛད་དུ་གསོལ།། ཞེས་རོང་ཆེན་ལྷ་མིང་འཛིན་པས་ཐོལ་བྱུང་དུ་བྲིས་སོ།།   

    ༄༅༅།།གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྐང་གསོལ་བསྡུས་པ། ཧྲཱིདྲང་སྲོང་ཁྱབ་འཇུག་ཆེན་པོ་ར་ཧུ་ལ སྤྲུལ་བ་རྣམ་རྒྱལ་གདོང་མོ་མཆེད་བཞི་དང་༔ གཟའ་དང་རྒྱུ་སྐར་དྲག་པ་སྡེ་བརྒྱད་ཚོགས༔ གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། ཅེས་སོ།།

    ༄༅༅།།ཀྱཻམཆོག་གསུམ་ངོ་བོ་དཔལ་མགོན་བླ་མ་དང་ རྒྱུད་སྡེའི་རྒྱ་མཚོ་གནས་གསུམ་མཁའ་འགྲོའི་ཚོགས མ་མགོན་གཟའ་རྡོར་ཚེ་རིང་མཆེད་ལྔ་ལ༔ གསོལ་ལོ་མཆོད་དོ་བསམ་དོན་ལྷུན་འགྲུབ་མཛོད༔ ཞེས་སོ།།

    ༄༅༅།།མགོ་བའི་ལྷ་ལྔའི་གསོལ་མཆོད་བསྡུས་པ། ཀྱཻདགྲ་ལྷ་གཉན་པོ་སྤྱན་འདྲེན་ནོ ཕྲག་གོང་གཡས་ནས་གཤེགས་སུ་གསོལ སྤྲུལ་ནི་དགེ་བཤེས་མང་པོར་སྤྲུལ མཆོད་ནི་ཕྱེ་བུ་གཙང་མས་མཆོད༔ དེ་རིང་བདག་གི་གྲོགས་ལ་བྱོན དམག་དཔུང་བསྐྱེད་ལ་དགྲ་དཔུང་ཐུལ༔ ཞང་ལྷ་གཉན་པོ་སྤྱན་འདྲེན་ནོ ཕྲག་གོང་གཡོན་ནས་གཤེགས་སུ་གསོལ༔ སྤྲུལ་ནི་ཞང་བློན་མང་པོར་སྤྲུལ མཆོད་ནི་བསང་ལུག་གཙང་མས་མཆོད༔ དེ་རིང་བདག་གི་གྲོགས་ལ་བྱོན འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་བསྒྲུབས༔ སྲོག་ལྷ་འཛིན་པོ་སྤྱན་འདྲེན་ནོ༔སྙིང་གི་གནས་ནས་གཤེགས་སུ་གསོལ༔ སྤྲུལ་ནི་མི་དཀར་མང་པོར་སྤྲུལ༔ མཆོད་ནི་ར་སྐྱེས་ཁམ་པས་མཆོད༔ དེ་རིང་བདག་གི་གྲོགས་ལ་བྱོན༔ སྲོག་གི་བར་ཆད་སྲུང་དུ་གསོལ༔ མ་ལྷ་འཆེད་མོ་སྤྱན་འདེན་ནོ༔ མཆན་ཁུང་གཡོན་ནས་གཤེགས་སུ་གསོལ༔ སྤྲུལ་ནི་མ་སྲི་མང་པོར་སྤྲུལ༔ མཆོད་ནི་འགྲོན་དགྱེས་ལྡེམ་པས་མཆོད༔ དེ་རིང་བདག་གི་གྲོགས་ལ་བྱོན༔ ཟས་ནོར་ཆར་བ་འབབ་ཏུ་གསོལ༔ ཡུལ་ལྷ་མགོན་པོ་སྤྱན་འདྲེན་ནོ༔ སྤྱི་བོའི་གཙུག་ནས་གཤེགས་སུ་གསོལ༔ མཆོད་ནི་བསང་གཡག་དཀར་པོས་མཆོད༔ དེ་རིང་བདག་གི་གྲོགས་ལ་བྱོན༔ ཡིད་ལ་བསམ་པའི་དོན་རྣམས་བསྒྲུབས༔ མགོ་བའི་ལྷ་ལྔ་འཁོར་བཅས་ཀྱིས༔ བསང་མཆོད་དམ་པ་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ ཞེས་གཏེར་སྟོན་གུ་རུ་ཆོས་དབྱངས་ནས་གཏེར་ནས་བཏོན་པའོ།།

    ༄༅༅།།ཧཱུཾཿམགོ་བའི་ལྷ་ལྔ་སྐྱོབས་པའི་ལྷ་དགུ་དང་༔ རང་དང་ཕ་མའི་སློབ་དཔོན་བརྒྱུད་ཀྱི་ལྷ༔ མགོ་བའི་ལྷ་མགོན་གཉན་པོ་མ་ལུས་ལ༔ གསོལ་ལོ་མཆོད་དོ་མགོན་སྐྱབས་སྡོངས་གྲོགས་མཛོད༔ ཞེས་རྗེ་བླ་མ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་མཛད་པའོ།།

    ༄༅༅།།ལྷ་མོའི་བསྐང་བསྡུས། བྷྱོཿལྷུན་གྲུབ་བདེ་བ་ཆེན་པོའི་ངང་།། སྲིད་མོ་ཁྲོས་པའི་དྲག་ཤེད་ཅན།། ཁམས་གསུམ་དབང་སྡུད་རེ་མ་ཏི།། འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས།། པད་དཀར་འཆང་བ་རིམ་བྱོན་སོགས།། སྔོན་གྱི་ཐ་ཚིག་རྗེས་དགོངས་ལ།།བསྟན་དང་བསྟན་འཛིན་སྐྱོང་བ་དང་།། ཆོས་ལྡན་འཕྲིན་ལས་འགྲུབ་པར་མཛོད།། ཁྱད་པར་འབྲུམ་ཆེན་དཀར་ནག་དང་།།གེགས་ལྷོག་བག་གེ་འཁྲུགས་ཟོར་སོགས།། མི་ཕྱུག་ནད་རྣམས་མ་ལུས་པར།། ཞི་ཞིང་བཟློག་པའི་འཕྲིན་ལས་མཛོད།། ཞེས་རྗེ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོས་མཛད་པའོ།། 

    ༄༅༅།།རྨ་རྒྱལ་གསོལ་མཆོད་བསྡུས་པ། ཧྲཱིཿགངས་ཅན་ཤར་ཕྱོགས་རྨ་གཡང་གཏེར་ཀྱི་བདག། རྒྱལ་དབང་པདྨའི་བཀའ་གཉན་ཡུལ་སྐྱོང་གཙོ།། རྨ་རྒྱལ་སྦོམ་ར་བཀའ་འཁོར་དགྱེས་སྡེ་བཅས།། གསོལ་ལོ་མཆོད་དོ་རྨ་གཡང་འདོད་རྒུ་སྩོལ།། ཞེས་སོ།།

    ༄༅༅།།ཡུལ་ལྷའི་བསྐང་གསོལ། ཀྱཻཿཁྲི་ཀའི་ཡུལ་གནས་ལྷ་གཉན་མཐུ་བོ་ཆེ།། རྒྱ་ནག་ཤིང་མ་ཐུན་ཙི་ཞེས་གྲགས་ཁྱོད།། མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ།། བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་བསྒྲུབས།། ཡུལ་འདིའི་གཞི་བདག་གཉན་པོ་འཁོར་བཅས་ཀྱིས།། གཙང་མ་ཕུལ་བའི་བསང་མཆོད་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་བསམ་དོན་འགྲུབ་པ་དང་།། སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད།། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་།། འདོད་པའི་དངོས་གྲུབ་སྟེར་བར་མཛད་དུ་གསོལ།། ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས།། བདག་གི་བསམ་དོན་མ་ལུས་འགྲུབ་པར་མཛོད།། ཞེས་སོ།།

    ༄༅༅།།སྡེ་བརྒྱད་མཆོད་པ་བཞུགས། ཧཱུཾཿསྐུ་གསུམ་བརྒྱུད་གསུམ་བླ་མ་དང་།། ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་།། སྐྱབས་གནས་དཀོན་མཆོག་གསུམ་པོ་དང་།། མཁའ་འགྲོ་ཆོས་སྲུང་ནོར་ལྷ་སོགས།། མཆོད་ཡུལ་གོང་མ་ཐམས་ཅད་ལ།། མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ།། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།། ལྷ་ཡི་དབང་བོ་བརྒྱ་བྱིན་དང་།། ཀླུ་ཡི་དབང་བོ་དགའ་བོ་དང་།། ལྷ་མིན་དབང་བོ་ཐག་བཟང་རིས།། མི་འམ་ཅི་ལྗོན་རྟ་མགོ་ཅན།། གནོད་སྦྱིན་གང་བ་བཟང་པོ་དང་།། མཁའ་ལྡིང་གསེར་མིག་འཁྱིལ་བ་དང་།། ཆོས་སྐྱོང་མ་ཧཱ་ཀ་ལ་དང་།། དྲི་ཟ་ཟུར་ཕུད་ལྔ་ལ་སོགས།། ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ།། མཆོད་པ་དམ་པ་འདི་འབུལ་ལོ།། གསེར་སྐྱེམས་གཙང་མ་འདི་བཞེས་ལ།། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།།ཡབ་གཅིག་བདུད་རྗེ་ནག་པོ་དང་།།  བཙན་རྒྱལ་ཡམ་ཤུལ་དམར་པོ་དང་།། ཡུལ་ལྷ་ཕྱྭ་སངས་ཀླུ་སྲས་དང་།། སྲོག་བདག་རྒྱལ་པོ་སྙིང་འབྱིན་དང་།། ཆོས་སྐྱོང་གནོད་སྦྱིན་དམར་པོ་དང་།། ལྷ་མོ་འཇིགས་པའི་གློག་འབྱིན་དང་།། དགེ་བསྙེན་རྡོ་རྗེ་ལག་པ་དང་།། དཀར་མོ་ཉི་ཟླའི་ཐོད་ཕྲེང་སོགས།། ནང་གི་སྡེ་བརྒྱད་འཁོར་བཅས་ལ།། མཆོད་པ་དམ་པ་འདི་འབུལ་ལོ།། སེར་སྐྱེམས་གཙང་མ་འདི་བཞེས་ལ།། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།། བདུད་པོ་ཁ་ཐུན་རཀྵ་དང་།། གཤིན་རྗེ་གཤེད་པོ་དམར་པོ་དང་།། ཀླུ་བདུད་ནཱ་ག་རཱ་ཛ་དང་།། གནོད་སྦྱིན་བཤན་པ་གྲི་ཐོག་དང་།། མ་མོ་སྲིད་པའི་ཁྲམ་འདེབས་དང་།། བཙན་པོ་ཡུམ་ཤུལ་སྲོག་ལེན་དང་།། བདུད་པོ་རེ་ཏེ་མགོ་ཡག་དང་།། སྲོག་བདག་དུང་གི་ཐོར་ཚུགས་སོགས།། གསང་བའི་སྡེ་བརྒྱད་འཁོར་བཅས་ལ།། མཆོད་པ་དམ་པ་འདི་འབུལ་ལོ།། གསེར་སྐྱེམས་གཙང་མ་འདི་བཞེས་ལ།། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།། གཟའ་མཆོག་རྒྱལ་པོ་ར་ཧུ་ལ།། དཀར་མཆོག་ཁྲམ་ཤིང་ཁ་འཐོར་དང་།། བདུད་མཆོག་མ་ནུ་ཡ་དང་།། བཙན་མཆོག་གྲིབ་བཙན་མཐུ་བོ་དང་།། མ་མཆོག་ལྕེ་སྤྱང་མདུང་འཛིན་དང་།། ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང་།། མགོན་མཆོག་ནག་པོ་ལྟེ་དཀར་དང་།། རྒྱལ་མཆོག་ལི་བྱིན་ཧ་རཱ་སོགས།། མཆོག་གི་སྡེ་བརྒྱད་འཁོར་བཅས་ལ།། མཆོད་པ་དམ་པ་འདི་འབུལ་ལོ།། གསེར་སྐྱེམས་གཙང་མ་འདི་བཞེས་ལ།། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།། དཔུང་གཡས་དགྲ་ལྷར་སྤྲུལ་བ་དང་།། དཔུང་གཡོན་མ་མོར་སྤྲུལ་བ་དང་།། མཆུ་སོ་བདུད་དུ་སྤྲུལ་བ་དང་།། མགོ་བོ་སྲིན་པོར་སྤྲུལ་བ་དང་།། མཇུག་མ་དམུ་རུ་སྤྲུལ་བ་དང་།། ལག་གཡས་གཤིན་རྗེ་སྤྲུལ་བ་དང་།། ལག་གཡོན་ཀླུ་བཙན་སྤྲུལ་བ་དང་།། མིག་དང་སྙིང་དང་མཆེ་བ་གསུམ།། གཟའ་བདུད་ཉིད་དུ་སྤྲུལ་བ་དང་།། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས།། སྤྲུལ་བའི་སྡེ་བརྒྱད་འཁོར་བཅས་ལ།། མཆོད་པ་དམ་པ་འདི་འབུལ་ལོ།། གསེར་་སྐྱེམས་གཙང་མ་འདི་བཞེས་ལ།། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།། ས་བདག་ཧལ་ཁྱི་ནག་པོ་དང་།། ཀླུ་བདུད་གདོལ་བ་ནག་པོ་དང་།། ས་ཡི་ལྷ་མོ་བསྟན་མ་དང་།། ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་སོགས།། སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ།། མཆོད་པ་དམ་པ་འདི་འབུལ་ལོ།། གསེར་སྐྱེམས་གཙང་མ་འདི་བཞེས་ལ།། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།། ཅེས་སོ།།

    ༄༅༅།།སྡེ་བརྒྱད་མཆོད་བསྡུས། ཧཱུཾཿཕྱི་དང་ནང་དང་གསང་བ་དང་།། མཆོག་དང་སྤྲུལ་བའི་སྡེ་བརྒྱད་སོགས།། སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ།། མཆོད་པ་དམ་པ་འདི་འབུལ་ལོ།། གསེར་སྐྱེམས་གཙང་མ་འདི་བཞེས་ལ།། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།། ཞེས་གནུབས་ཆེན་སངས་རྒྱས་ཡེ་ཤེས་མཆོག་གིས་མཛད་པའོ།།  

    ༄༅༅།།གསོལ་མཆོད་བསྡུས་པ།། ཀྱཻཿབླ་མ་ཡི་དམ་ཆོས་སྐྱོང་མཁའ་འགྲོའི་ཚོགས།། ཕྱོགས་བཅུའི་རྒྱལ་བ་སྲས་དང་འཁོར་བཅས་རྣམས།། རབ་དཀར་ཆུ་འཛིན་གཡོ་བཞིན་གནས་འདིར་བྱོན།། ཀུན་བཟང་མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ།། མགོན་མེད་འགྲོ་བ་ཐམས་ཅད་མ་ལུས་པར།། ཐུགས་རྗེ་བྱིན་རླབས་དངོས་གྲུབ་མཛད་དུ་གསོལ།། རེ་ས་གཞན་ན་མེད་དོ་གཏན་གྱི་མགོན།། བདུད་བཞི་དགྲ་ལས་རྣམ་པར་རྒྱལ་བར་ཤོག། བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ།། དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་།། དཀོན་མཆོག་གསུམ་ལ་རྒྱུན་དུ་མཆོད་པ་དང་།། དཀོན་མཆོ་གསུམ་གྱི་འཕྲིན་ལས་འཇུག་པར་ཤོག། བདག་གིས་སྙིང་ནས་གསོལ་བ་བཏབས་པའི་མཐུས།། བདག་གི་ལུས་དང་གྲིབ་མ་མཉམ་འགྲོགས་དང་།། བདག་གི་བསམ་དོན་ཡིད་བཞིན་འགྲུབ་པར་ཤོག། བདག་གི་ཁ་ལུས་རླུང་རྟ་དར་ཤོག། བདག་གིས་ཁམས་གསུམ་དབང་དུ་བདུས་པར་ཤོག། བདག་གིས་ཕྱོགས་བཞིའི་དགྲ་བཞི་ལས་རྣམ་པར་རྒྱལ།།བདག་སོགས་འཁོར་བཅས་རྣམས་ལ་གནོད་པར་བྱེད་པའི་དགྲ་བགེགས་གཤེད་མ་ཐམས་ཅད་ཀྱི་སྙིང་ཁྲག་ཁོལ་ལ་མ་ལ་མ་ར་ཡ་ཕཊ།། ཞེས་རོང་ཆེན་ལྷ་མིང་འཛིན་པས་རང་སྣང་གང་དགར་བྲིས་སོ།   

    ༄༅༅།།རྒྱལ་དབང་ལྔ་བས་མཛད་པའི་རླུང་རྟ་བསྐྱེད་པ་བཞུགས། ཨོཾཿརྨད་བྱུང་ཐུགས་རྗེ་བྱིན་རླབས་ཆར་བཞིན་དུ།། སྩོད་མཛད་བླ་མ་ཡི་དམ་དཀོན་མཆོག་གསུམ།། དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་རྣམས་ཀྱིས།། རྣལ་འབྱོར་བདག་གི་རླུང་རྟ་ཡར་ལ་བསྐྱེད།། གང་གི་མཐུ་ལས་ནག་པོའི་དཔུང་འཇོམས་ཤིང་།། དཀར་པོའི་ཚོགས་བསྐྱེད་བསམ་དོན་ཡིད་བཞིན་དུ།།འགྲུབ་པའི་བ་དན་སྲིད་རྩེར་བསྒྲེངས་པ་ཡི།། རྣལ་འབྱོར་བདག་གི་རླུང་རྟ་ཡར་ལ་བསྐྱེད།། སྟག་ལྟར་འཕྱོར་བའི་རླུང་རྟ་ཡར་ལ་བསྐྱེད།།སེང་ལྟར་ངར་བའི་རླུང་རྟ་ཡར་ལ་བསྐྱེད།། འབྲུག་ལྟར་ལྡིར་བའི་རླུང་རྟ་ཡར་ལ་བསྐྱེད།། ཁྱུང་ལྟར་ལྡིང་པའི་རླུང་རྟ་ཡར་ལ་བསྐྱེད།། སྣ་ཚོགས་བསང་རྫས་བསྲེགས་པའི་དུད་སྤྲིན་འཁྲུགས།། རླུང་རྟའི་དར་ལྕོགས་སྲིད་རྩེར་བསྒྲེངས་པ་ཡི།། གནས་སྐབས་རླུང་རྟ་རྒུད་པའི་རྐྱེན་སེལ་ཏེ།། ལྷུན་པོའི་སྤོ་བཞིན་རླུང་རྟ་ཡར་ལ་བསྐྱེད།། སྟག་ལྟར་འཕྱོར་བའི་རླུང་རྟ་ཡར་ལ་བསྐྱེད།། སེང་ལྟར་ངར་བའི་རླུང་རྟ་ཡར་ལ་བསྐྱེད།། འབྲུག་ལྟར་ལྡིར་བའི་རླུང་རྟ་ཡར་ལ་བསྐྱེད།། ཁྱུང་ལྟར་ལྡིང་པའི་རླུང་རྟ་ཡར་ལ་བསྐྱེད།། རླུང་རྟ་ཡར་ལ་བསྐྱེད་པའི་རྣམ་དཀར་ལ།། བརྟེན་ནས་འགྲོ་འདུག་བསྐྱོད་ལམ་སྨྲ་བརྗོད་སོགས།། ཅི་བྱེད་ལམ་དུ་འགྲོ་བའི་འོད་སྣང་གིས།། ཡིད་འོང་པད་མའི་ཟས་འབྲུ་བཞད་པར་ཤོག། སྟག་སེང་ཁྱུང་འབྲུག་བཞི་དང་འགྲོགས་པ་ཡིས།། རླུང་རྟའི་དགེ་མཚན་ཕུལ་དུ་བྱུང་བ་དང་།། བདག་ཅག་ཉིན་མཚན་ཀུན་ཏུ་སྐྱོང་མཛད་ཅིང་།། མི་མཐུན་དགྲ་སྡེ་བརླག་པའི་འཕྲིན་ལས་མཛོད།། དེ་ལྟར་རླུང་རྟ་བསྐྱེད་པའི་དགེ་མཚན་ལ།། བརྟེན་ནས་བདག་གི་སྲོག་ལུས་དབང་ཐང་དང་།། ཁ་རྒྱས་རླུང་རྟ་ཡར་ངོས་ཟླ་བཞིན་དུ།། ཕན་བདེའི་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག། ཁྱད་པར་བདག་གི་ཚེ་དང་བསོད་ནམས་དང་།། དཔལ་འབྱོར་རླུང་རྟ་ཕྱོགས་བཅུར་དར་བ་དང་།། ཆོས་དང་སྲིད་ཀྱི་འདོད་པའི་བསམ་དོན་ཀུན།། ཚེགས་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག། ཀུན་འདུས་སརྦ་འདུ་འདུ་ཧོ།། ཞེས་རྒྱལ་དབང་ལྔ་བས་གསུངས་སོ།། 

    ༄༅༅༎གསོལ་འདེབས་བར་དོའི་འཕྲང་སྒྲོལ་བཞུགས། བདེ་ལྡན་ཞིང་མགོན་སྣང་བ་མཐའ་ཡས་དང་།། དབྱེར་མེད་སློབ་དཔོན་ཆེན་པོ་པདྨ་འབྱུང་།། རྒྱལ་བ་ཞི་ཁྲོ་འཁོར་དང་བཅས་པ་རྣམས།། ཐུགས་རྗེ་བརྩེ་བའི་བདག་ལ་དགོངས་སུ་གསོལ།། བདག་གི་ལུས་དང་ཉོན་མོངས་དབང་གྱུར་མཐུས།། མི་བཟང་སྲིད་པའི་བཙོན་དོང་འཇིགས་རུང་འདིར།། ཡང་དང་ཡང་དུ་སྐྱེས་ཤིང་དུཿཁས་མནར།། ད་ནི་སྲིད་ལས་སྒྲོལ་ཅིག་པདྨ་འབྱུང་།། རྙེད་དཀའ་དོན་ཆེའི་དལ་འབྱོར་རྟེན་ཐོབ་ཅིང་།། དོན་མེད་ཚེ་འདིའི་བྱ་བའི་མི་ཚེ་ཟད།། ན་དང་རྒ་བའི་སྡུག་བསྔལ་དྲག་པོས་བཅོམས།། གློ་བུར་འཆི་ཚེ་གཟིགས་ཤིག་པདྨ་འབྱུང་།། ལུས་དང་ལོངས་སྤྱོད་ཉེ་དུ་བློས་མི་ཐོང་།། ཕྱི་མ་བར་དོའི་འཇིགས་སྐྲག་བསམ་གྱིན་དངངས།། གཅིག་པུར་ཅི་བྱ་གཏོལ་མེད་གྱུར་བའི་ཚེ།།ཞལ་སྟོན་སེམས་དཔངས་བསྟོད་ཅིག་པདྨ་འབྱུང་།། འགྲོ་ལྡིང་སྟོབས་ཟད་མལ་དུ་རྡོ་བཞིན་ལྷུངས།། ཁ་ལྕེ་སྐམ་ཞིང་སྨྲ་དཀའ་རིག་རིག་ལྟ།། བཟོད་མེད་གཟེར་ཟུག་དྲག་པོས་དབུགས་འཕྲོག་ཚེ།། གསལ་འདེབས་མོས་སྟོབས་བསྐྱེད་ཅིག་པདྨ་འབྱུང་།། ཕྱི་ནང་འབྱུང་བ་ཐིམ་ཞིང་དཀར་དམར་སོགས།། འཇིགས་པའི་སྣང་བ་སྣ་ཚོགས་ཤར་བའི་ཚེ།།འ ཆི་བ་ཆོས་སྐུར་རང་ངོ་སྤྲོད་པའམ།། བཙན་ཐབས་འཕོ་བ་མཛོད་ཅིག་པདྨ་འབྱུང་།། རང་སྣང་ཆོས་ཉིད་ཞི་དང་ཁྲོ་བའི་སྐུ།། གནམ་ས་བར་སྣང་ཁྱོན་ཀུན་ཡོངས་གང་ཞིང་།། སྒྲ་འོད་ཟེར་གྱིས་འཇིགས་དངངས་སྐྲག་པའི་ཚེ།། རང་སྣང་ཐག་ཆོད་མཛོད་ཅིག་པདྨ་འབྱུང་།། ཚེ་འདིར་འབད་པའི་དོན་རྣམས་ཤུལ་དུ་ལུས།། ཕྱི་མར་ཕན་པའི་ལུས་ནི་ཅི་མ་བསགས།། མགོན་པོ་ཁྱེད་མིན་རེ་ས་གཞན་མེད་ཚེ།། ཁྱེད་ཀྱིས་ཐུགས་རྗེ་བསྐྱེད་ཅིག་པདྨ་འབྱུང་།། གར་ཕྱིན་མདུན་དུ་འཇིགས་པའི་གཡངས་ས་དང་།། རི་བྲག་ཉིལ་ཞིང་ཁ་ཆར་མུན་རླུང་འཚུབ།།མེ་འབར་ཆུ་འཁྲུགས་གཅན་གཟན་གྱིས་འཚེ་བའི།། འཇིགས་སྐྲག་ཀུན་ལས་སྐྱོབས་ཅིག་པདྨ་འབྱུང་།། གཤིན་རྗེ་ཕོ་ཉས་དབང་མེད་མགུལ་ནས་ཁྲིད།། ཆོས་རྒྱལ་འཇིགས་སུ་རུང་བའི་ཁྲིམས་ར་དེར།། དགེ་སྡིག་གང་མང་གྲངས་ཤན་དབྱེ་བའི་ཚེ།། དགེ་བའི་གྲངས་ཀ་སྤེལ་ཅིག་པདྨ་འབྱུང་།། སྔར་ལུས་བོར་ནས་ཕྱི་ལུས་མ་རྙེད་པར།། ཡིད་ལུས་རྟེན་བྲལ་ཡད་ཡུད་ཕྱད་ཕྱོད་དང་།། བཟློག་མེད་ལུས་དབང་བཙན་པས་འདས་པའི་ཚེ།། འཁོར་བའི་སྐྱེ་སྒོ་ཁོག་ཅིག་པདྨ་འབྱུང་།། བླ་མ་ལྷ་དང་གདམས་པ་སོགས་དྲན་མཐུས།། ཞལ་མཐོང་དབང་ཐོབ་ལུང་བསྟན་རང་རིག་རྟོགས།། དེ་ནས་མཁའ་སྤྱོད་བདེ་ལྡན་ཞིང་མཆོག་ཏུ།། རྫུ་འཕྲུལ་སྟོབས་ཀྱིས་དྲོངས་ཤིག་པདྨ་འབྱུང་།། ཕྱོགས་བཅུའི་ཞིང་དུ་ཁྱེད་ཀྱིས་ཡོངས་སྤྲུལ་བའི།། རྒྱལ་བ་སྲས་བཅས་འཆད་ཅིང་དམ་ཆོས་མཉན།། ས་ལམ་མྱུར་དུ་བསྒྲོལ་དེ་རང་དོན་མཆོག། ཆོས་སྐུ་ཐོབ་པར་མཛོད་ཅིག་པདྨ་འབྱུང་།། དེ་ལས་གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན།། བསྒྲུབ་ལ་རྒྱལ་ཀུན་མཛད་འཕྲིན་ཡོངས་བསྡོམས་པ།། མགོན་པོ་ཁྱེད་ཀྱིས་བསྟན་འགྲོའི་དོན་མཛད་ལྟར།། བདག་ལ་འབྱུང་བར་མཛོད་ཅིག་པདྨ་འབྱུང་།། ཞེས་པ་འདི་དད་ལྡན་སློབ་བུ་ཡིད་བཞིན་དབང་རྒྱལ་གྱིས་བསྐུལ་ངོར་རྫོགས་ཆེན་ཆོས་དབྱངས་སྟོབས་ལྡན་རྡོ་རྗེས་སྦྱར་བ་བྱིན་རླབས་ཤིན་ཏུ་ཆེའོ།།

     ༄༅༅།།ལྷ་མོའི་གསོལ་མཆོད་ཉུང་བསྡུས༔ ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ༔  གསང་སྔགས་ཟབ་མོའི་བྷ་ག་ཀུན་བཟང་མོ།། ཡང་གསང་དངོས་གྲུབ་མཆོག་གཏེར་མཚོ་རྒྱལ་མ།། ཀློང་ཡངས་ཟད་མེད་གཏེར་མཛོད་དབྱངས་ཅན་མ།། མ་རྒྱུད་མཁའ་འགྲོའི་ཚོགས་ལ་འདུད་དོ་མ།། ཁྱེད་ནི་བློ་གྲོས་རྟ་བདུན་རྒྱལ་བའི་མ།། མི་འཛད་ཚ་ཟེར་ཕྱོགས་བཅུར་འགྱེད་པའི་མ།། བདག་བློའི་གེ་སར་ཕྱོགས་བཅུར་བསྐྱེད་ཅིག་མ།། ཁོ་བོས་མ་བསྐང་ཉུང་ངུར་གསོལ་ལོ་མ།། ཞེས་དཔལ་ལྡན་ལྷ་མོ་ལ་ཇི་ལྟར་མཁོ་བའི་ཡོ་བྱད་དམ་རྫས་ཚངས་བར་བསགས་ལ་རྣལ་འབྱོར་པ་སྤྲོས་པ་ལ་དགའ་ན་དམ་པ་རིན་པོ་ཆེས་བྱས་པའི་ལས་བྱང་གི་དབྱངས་བཞིན་རོལ་མོ་བཅས་པས། བྷྱོ༔མ་གཡོས་བྱང་ཤར་མེ་རླུང་གཏིང་གི་རུང༌།། མ་བཀོད་ཁྲག་མཚོ་རྦ་རླབས་གཡོས་པའི་དབུས།། མ་བརྩེགས་ཐོད་མཁར་དགུ་རིམ་གཞལ་ཡས་ནས།། མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི།། མ་ལུས་བྲན་དང་གཡོག་འཁོར་བཅས་པ་རྣམས།། མ་ཐོགས་གནས་འདིར་མྱུར་དུ་གཤེགས་སུ་གསོལ།། མ་བྱས་ལྷུན་གྱིས་གྲུབ་པའི་གཞལ་ཡས་འདིར།། མ་ཆགས་ཉི་ཟླ་བམ་རོའི་གདན་ལ་བཞུགས།། མ་གྱུར་རྩེ་གཅིག་གུས་པས་ཕྱག་འཚལ་ལོ།། མ་ཉིད་ཐུགས་རྗེ་བརྩེ་བའི་བདག་ཉིད་མས།། མ་གཟིགས་ཡལ་བར་དོར་ན་སུ་ལ་རེ།། མ་འཁྲུགས་འདོད་ཁམས་དབང་ཕྱུག་འཁོར་བཅས་ཀྱིས།། མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེ་བར་མཛོད།། མ་གཡེལ་མ་གཡེལ་དཔལ་ལྡན་རེ་མ་ཏི།། མ་འཆུགས་རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག། མ་ལ་མཆོད་པ་འབུལ་བའི་ཡོ་བྱད་ནི།། མ་བསླད་མེ་ཏོག་བདུག་སྤོས་དྲི་ཞལ་རོལ།། མ་སྤངས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས།། མ་ཚང་མེད་པའི་སྨན་གཏོར་རཀྟ་འདིས།། མ་མོ་ནག་མོ་འཁོར་བཅས་ཐུགས་དམ་བསྐང༌།། མ་ཉམས་མཁའ་ལྡིང་ཟངས་མཆུ་གསེར་མིག་ལུག། མ་སྲེག་ཙ་ར་ཤ་ཆེན་གསུར་ཆེན་དྲི།། མ་སྦགས་ཤེལ་སྒོང་བདུད་རྩི་རྣམ་ལྔའི་ཚོགས།། མ་ཚོགས་འཁོར་དང་བཅས་པའི་ཐུགས་དམ་བསྐང༌།། མ་འགྲན་རྫུ་འཕྲུལ་ཤུགས་ཆེན་བོང་བུ་དྲིལ།། མ་རུངས་སེང་གེ་སྦྲུལ་གྱི་སྙན་ཆ་ཅན།། མ་བཟོས་མགོ་ཕྲེང་གཡང་གཞི་ནད་རྐྱལ་འདིས།། མ་སྲིང་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང༌།། མ་བསྒྲིགས་ཉི་ཟླའི་ལྟེ་རྒྱན་དབུ་རྒྱན་ཅན།། མ་རྩོལ་གླང་ཆེན་ཀོ་རློན་རེ་ལྡེའི་གོས།། མ་བསགས་ནོར་བུ་སྐྱུགས་པའི་ནེའུ་ལེ་འདིས།། མ་དང་སྲུང་མར་བཅས་པའི་ཐུགས་དམ་བསྐང༌།། མ་གྱུར་འགྲོ་བ་གཏོར་མར་སྦྱར་བ་དང༌།། མ་བཅོས་ཆང་དང་མཾ་ས་ཙིཏྟའི་ཁྲག། མ་ནོར་མཆོད་རྫས་རྒྱ་མཚོ་དུ་མ་འདིས།། མ་འཁོར་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང༌།། མ་འགྱང་མྱུར་དུ་བསྒྲུབ་པའི་རྣལ་འབྱོར་ལ།། མ་བསྒྲུབས་དངོས་གྲུབ་སྣ་ཚོགས་ཆར་ཕོབ་ཅིག། མ་ཐུབ་ཡིད་ལ་བརྣག་པའི་བསྟན་དགྲ་ཀུན།། མ་བཞག་ད་ལྟ་མྱུར་དུ་སོད་ལ་ཤོག། མ་ཆེན་སྲིན་མོ་ཁྲོས་པ་ལྷ་མོའི་སྐུ།། མ་འགགས་བྷྱོ་དང་ཨ་ར་ལི་ཡི་གསུང༌།། མ་འཛིན་མཐའ་བྲལ་ཕྱོགས་ཀློང་ཡངས་པའི་ཐུགས།། མ་ཡེངས་ལྷ་མོའི་སྐུ་གསུང་ཐུགས་ལ་བསྟོད།། ཧཱུཾཿམ་ཧཱ་གུ་རུའི་བསྟན་སྲུང་དགོངས་སུ་གསོལ།། མ་རིག་དབང་གིས་མཁའ་འགྲོའི་ཐུགས་དང་འགལ།། མ་བརྩོན་དུས་ཀྱི་མཆོད་པ་ཆགས་པ་དང༌།། མ་གསལ་ཏིང་འཛིན་གཡེལ་བ་མཐོལ་ལོ་བཤགས།། མ་བསྟེན་སྤྱོད་པ་ཚུལ་བཞིན་མ་རྟོག་དང༌།། མ་ཤེས་ལེ་ལོ་སོམ་ཉི་ཟོས་པའི་མཐུས།། མ་བཤགས་གསང་དང་སྦ་བར་གྱུར་བ་དང༌།། མ་ཚོར་བསྙེན་པ་གྲངས་ལས་ཆགས་པ་བཤགས།། མ་འབྱོར་དབང་གིས་མཆོད་པ་རྒྱུ་ཆུང་དང༌།། མ་གཙང་ཕུད་ཉམས་འགལ་འཁྲུལ་སྣང་ལ་སོགས།། མ་དག་ཉེས་པའི་ཚོགས་རྣམས་ཅི་མཆིས་པ།། མ་དམིགས་ཀློང་ཡངས་ངང་དུ་བཤགས་པར་བགྱི།། ཨེ་མཿམ་བཞིན་སྐྱོང་མཛད་མ་མོའི་བསྐང་བ་འདི།། མ་ནུས་འཁོས་ཆུང་བྱང་ཆུབ་རྒྱལ་མཚན་ཁོས།། མ་ནོར་དད་པས་ཉམས་སུ་ལེན་པ་ལ།། མ་དང་སྐྱེ་བོས་ཧར་རྒད་བྱེད་རྟེན་ཡིན།། མ་བཞུགས་འདས་པ་རྒྱལ་མཚན་སེང་གེ་སོགས།། མ་སོགས་མང་པོའི་བསྟན་བཅོས་བརྩམས་པར་རིག། མ་འགོར་འདིས་ཀྱང་སྐལ་བཟང་ཡིད་འཕྲོག་ནས།། མ་འོངས་རྣལ་འབྱོར་ཐུན་གྱི་དེ་བཞིན་མཛོད།། ཅེས་སྤྲང་པོའི་ཡང་མཐའ་རུ་གྱུར་བ་བྱང་ཆུབ་རྒྱལ་མཚན་གྱིས་ཡོས་ལོ་རྟ་ཟླའི་ཉི་ཤུ་དགུའི་རྨི་ལམ་དག་སྣང་འགའ་ཞིག་ལ་བརྟེན་ནས་སྦྱར་བའོ།། དགེའོ། 

    ༄༅༅།།ཚ་གསུར་བསྡུས་པ་བཞུགས་སོ། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་།། ནོར་ལྷ་དྲང་སྲོང་ཡུལ་ལྷ་གཞི་བདག་དང་།། རིགས་དྲུག་གདོན་བདེགས་ལན་ཆགས་གཉེར་བའི་ཚོགས།། ཁྱད་པར་ཉམ་ཐག་བར་དོའི་སེམས་ཅན་ལ།། ཟག་མེད་གསུར་མཆོད་ཕུལ་བའི་དགེ་འབྲས་ཀྱིས།། ཕ་མ་གཙོ་བྱས་འབྲེལ་ཐོགས་འགྲོ་བ་ཀུན།། ཉམ་ཐག་བར་དོར་འཁྱམས་པའི་སེམས་ཅན་རྣམས།། འཇིགས་སྐྲག་འཁྲུལ་སྣང་ངན་སོང་སྡུག་བསྔལ་ལས།། གྲོལ་ཏེ་དལ་འབྱོར་རྟེན་བཟང་ལེགས་ཐོབ་ནས།། ས་ལམ་རིམ་བགྲོད་རྫོགས་ཤིང་མྱུར་ཐོབ་ཤོག། ལན་གསུམ་གསུངས་པར་བྱའོ།། ཞེས་པ་འདི་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའོ།། 

   ༄༅༅།།རྡོ་རྗེ་གཅོད་པ་བསྡུས་པ་བཞུགས་སོ། བཅོམ་ལྡན་རྡོ་རྗེ་གཅོད་པའི་མཐུ་སྟོབས་ཀྱིས།།བདག་ལ་རྒྱལ་འགོང་དམ་སྲི་ཆོམ་རྐུན་དང་།།གཟའ་རྒོད་བཙན་དང་ཀླུ་གཉན་ས་བདག་དང།།གནོད་ཅིང་འཚེ་བའི་མི་དང་མི་མིན་དང་།།བན་བོན་སྔགས་ནག་སོགས་ཀྱི་ཕུར་ཁ་རྣམས།།བཅོམ་ལྡན་ཁྱོད་ནི་དྲན་པ་ཙམ་ཀྱིས་ཀྱང་།།དེ་དག་ཐམས་ཅད་མྱུར་དུ་བཟློག་པ་དང་།།མཐུན་རྐྱེན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ།།ཨོཾ་ན་མོ་བྷ་ག་ཝ་ཏེ།  པྲཛྙཱ་པ་ར་མི་ཏ་ཡེ། ཨོཾ་ན་ཏད་ཏི་ཏ། ཨི་ལི་ཤི། ཨི་ལི་ཤི། མི་ལི་ཤི། མི་ལི་ཤི། བྷི་ན་ཡན། ན་མོ་བྷ་ག་ཝ་ཏེ། པྲ་ཏི་པྲ་ཏི། ཨི་རི་ཏི། མི་རི་ཏི། མི་རི་ཏི། ཤུ་རི་ཏི། ཤུ་རི་ཏི། ཨུ་ཤུ་རི། ཨུ་ཤུ་རི། བྷུ་ཡུ་ཡེ། བྷུ་ཡུ་ཡེ་སྭཱ་ཧཱ། ཞེས་སོ།།

    ༄༅༅།།ཕྱོགས་བཅུའི་ལྷ་ཚོགས་འགུགས་པའི་ལྕགས་ཀྱུ་བཞུགས། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ། ཞེས་བསང་རྫས་སོགས་ཕུལ་ཏེ་ལྷ་ཆབ་གཙང་མ་ཐེངས་གསུམ་མཆོད་ནས་བྱིན་གྱིས་བརླབས་པ་དང་། མཆོད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་བླ་མ་དམ་པ། སངས་རྒྱས་བྱང་སེམས་དཔའ་བོ། མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་རྣམས་དགྱེས་པར་བྱེད་པའི་ཟག་མེད་བདུད་རྩིའི་བསང་མཆོད་རྒྱ་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་འདིས། བདག་ཅག་གིས་ཚེ་འཁོར་བ་ཐོག་མ་ནས་ད་ལྟའི་བར་དུ་བརྟེན་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་དཔལ་མགོན་དམ་པ་ཆོས་སྐྱོང་པའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་གྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག། ཞེས་ཆོས་དུང་དང་རོལ་མོ་སོགས་ཀྱིས་མདུན་བསུས་ནས། མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས།། དཔའ་བོ་མཁའ་འགྲོ།། ཆོས་སྐྱོང་སྲུང་མ།། ནོར་ལྷ་གཏེར་བདག། ཡུལ་ལྷ་གཞི་བདག། ཁྱད་པར་དུ་དུས་གསུམ་སངས་རྒྱས་ཀུན་འདས་ཀྱི་ངོ་བོ།། དམ་ཆོས་རྒྱུད་སྡེ་ཡོད་ཚད་ཀྱི་འབྱུང་ཁུངས།། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག། དྲིན་ཅན་རྩ་བའི་བླ་མ།། ཁྱབ་བདག་རྡོ་རྗེ་འཆང་ཆེན།། རིག་འཛིན་འཇིགས་མེད་གླིང་བ།། དད་པ་གར་ཡོད་ཀྱི་བླ་མ།། ཆོས་འབྲེལ་གར་ཐོགས་ཀྱི་བླ་མ།། སྐྱེ་བ་བརྒྱུད་པའི་བླ་མ།། ཚེ་རབས་ལས་ཀྱི་བླ་མ།། གསར་དགེ་རྙིང་གསུམ་གྱི་བླ་མ།། ཀ་དཔལ་རྫོགས་གསུམ་གྱི་བླ་མ།། ཨྱོན་པད་མ་འབྱུང་གནས།། འཛམ་གླིང་རྒྱན་དྲུག་མཆོག་གཉིས།། རྒྱ་གར་གྲུབ་ཆེན་བརྒྱད་ཅུ།། བོད་ཀྱི་མཁན་སློབ་ཆོས་གསུམ།། རྗེ་འབངས་ཉི་ཤུ་རྩ་ལྔ།། གཏེར་སྟོན་བརྒྱ་དང་རྩ་བརྒྱད།། ས་སྐྱ་གོང་མ་རྣམ་ལྔ།། བཀའ་བརྒྱུད་མར་མི་དྭགས་གསུམ།། ཆོས་རྒྱལ་མེས་དབོན་རྣམ་གསུམ།། ལོ་ཆེན་སྐ་ཅོག་ཞང་གསུམ།། རྒྱལ་བ་བློ་བཟང་གྲགས་པ།། རྒྱལ་དབང་སྐུ་ཕྲེང་རིམ་བྱོན།། པཎ་ཆེན་སྣང་བ་མཐའ་ཡས།། མཐའ་ཡས་སེམས་ཅན་གྱི་སྐྱབས་གནས།། འཁོར་བ་མཚོ་སྒྲོལ་གྱི་གྲུ་གཟིངས།། རིགས་དྲུག་ཡར་འདྲེན་གྱི་ལྕགས་ཀྱུ།། འདི་ཕྱི་བར་གསུམ་གྱི་སྐྱབས་གནས།། སྡུག་བསྔལ་མུན་སེལ་གྱི་ཉི་མ།། དངོས་གྲུབ་ཀུན་འབྱུང་གི་ནོར་བུ།། དྲིན་ཅན་རྩ་བ་དང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་མཆོད་ཨོཾ་ཨཱཿཧཱུཾ།། སངས་རྒྱས་མར་མེ་མཛད་པ།། རྣམ་འདྲེན་ཤཱཀྱའི་རྒྱལ་བོ།། རྒྱལ་ཚབ་བྱམས་པ་མགོན་པོ།། ཆོས་སྐུ་ཀུན་ཏུ་བཟང་བོ།། ལུང་སྐུ་རྡོ་རྗེ་སེམས་དཔའ།། སྤྲུལ་སྐུ་ཀློང་ཡངས་རིག་འཛིན།། མགོན་པོ་འོད་དཔག་མེད་པ།། བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས།། རྒྱལ་སྲས་རིགས་གསུམ་མགོན་པོ།། བྱང་སེམས་ཉེ་བའི་སྲས་བརྒྱད།། སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ།། མགོན་འགྱུར་མེད་རྩ་བ་གསུམ་པོ།། བཀའ་སྡོད་བསོད་ནམས་བསགས་པའི་ཞིང་ས།། ལས་ཅན་ཐར་བར་བགྲོད་པའི་གྲུ་གཟིངས།། ལས་ངན་སྡིག་སྒྲིབ་དག་པའི་བདུད་རྩི།། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞལ་དུ་མཆོད་ཨོཾ་ཨཱཿཧཱུཾ།། ཡི་དམ་སྒྲུབ་པ་བཀའ་བརྒྱད།། བཅོམ་ལྡན་གུ་རུ་དྲག་པོ།། དཔལ་མགོན་རྟ་མཆོག་རོལ་བ།། ཕུར་བ་བདུད་དཔུང་སྲི་གནོན།། ཡི་དམ་རྡོ་རྗེ་འཇིགས་བྱེད།། ཕ་རྒྱུད་གསང་བ་འདུས་པ།།མ་རྒྱུད་འཁོར་ལོ་བདེ་མཆོག།ལྷ་མོ་འོད་ཟེར་ཅན་མ།།སེང་གདོང་བདུད་འདུལ་དྲག་མོ།། རྗེ་བཙུན་འཕགས་མ་སྒྲོལ་མ།། ཁམས་གསུམ་དབང་དུ་བསྡུ་ནོ།། སྟོང་གསུམ་ཁ་ལོ་བསྒྱུར་ནོ།། སྒྲུབ་ན་སྒྲུབ་ཐག་ཉེ་ནོ།། བོས་ན་སྙིང་ཐག་ཉེ་ནོ།། ཡི་དམ་བྱེ་བའི་ལྷ་ཚོགས།།ཕྱོགས་བཞིའི་རིགས་ལྔའི་མཁའ་འགྲོ་མ་ཐམས་ཅད་ཀྱི་ཞལ་དུ་མཆོད་ཨོཾ་ཨཱཿཧཱུཾ། འདིར་ཡང་དགོས་གཏུག་ཏུ་རྒྱས་པར་འདོད་པས། ཨོཾཿསྲིད་ཞིའི་མཆོད་ཚོགས་ཀུན་གྱི་སྒོ། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་ཏུ་གུས་པས་ཕྱག་འཚལ་ནས།། ལྷ་བསང་མཆོད་སྤྲིན་རྒྱ་མཚོས་མཆོད།། གངས་ལྗོངས་ཞིང་གི་གནས་མཆོག་བསང་།། རྒྱལ་དབང་ཐམས་ཅད་མཁྱེན་པར་མཆོད།། བདེ་ལྡན་འོག་མིན་ཆོས་དབྱངས་བསང་།། ་ཆེན་སྣང་བ་མཐའ་ཡས་མཆོད།། ཟངས་མདོགས་དཔལ་རིའི་ཞིང་བཀོད་བསང་།། སློབ་དཔོན་པད་མ་འབྱུང་གནས་མཆོད།། དགའ་ལྡན་ཆོས་ཀྱི་ཕོ་བྲང་བསང་།། རྗེ་ཙོང་ཁ་བ་ཆེན་པོར་མཆོད།། རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བསང་།། འཛམ་གླིང་རྒྱན་དྲུག་མཆོག་གཉིས་མཆོད།། ཇོ་བོ་ཡིད་བཞིན་ནོར་བུར་བསང་།། དྲིན་ཅན་རྩ་བའི་བླ་མར་མཆོད།། ཡི་དམ་སངས་རྒྱས་བྱང་སེམས་བསང་།། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མཆོད།། གངས་ཅན་དགྲ་ལྷའི་རྒྱལ་པོ་བསང་།། སེང་ཆེན་ནོར་བུ་དགྲ་འདུལ་མཆོད།། ཁྲི་ཀའི་ཨ་མྱེས་ཡུལ་ལྷར་བསང་།། ཤན་པ་ཙི་ཐུང་འཁོར་བཅས་མཆོད།། རོང་བོ་ཨ་མྱེས་གུར་མགོན་བསང་།། དམ་ཅན་རྡོ་རྗེ་ལེགས་པར་མཆོད།། ཆོས་སྐྱོང་དཔལ་ལྡན་ལྷ་མོར་བསང་།། གཟའ་རྒོད་ཁྱབ་འཇུག་ཆེན་པོར་མཆོད།། གཉན་ཆེན་ཐང་ལྷ་སྨུག་པོར་བསང་།། གཉན་འཁོར་སུམ་བརྒྱ་དྲུག་ཅུར་མཆོད།། ལྷ་ཆེན་རྨ་རྒྱལ་སྦོམ་རར་བསང་།། རྨ་འཁོར་སྟོང་དང་ལྔ་བརྒྱར་མཆོད།། ལྷ་མོ་ཚེ་རིང་མཆེད་ལྔར་བསང་།། འཛམ་གླིང་བསྟན་མ་བཅུ་གཉིས་མཆོད།། སྲིད་པ་ཆགས་པའི་ལྷ་དགུར་བསང་།། རྗེ་ཡི་མགུར་ལྷ་བཅུ་གསུམ་མཆོད།། སྣང་སྲིད་སྡེ་བརྒྱད་འཁོར་བཅས་བསང་།། སྟོང་གསུམ་གཞི་བདག་ཐམས་ཅད་མཆོད།། བར་ཝོན་དུང་རི་དཀར་པོར་བསང་།། རྨ་སྲས་ནོར་བུ་དགྲ་འདུལ་མཆོད།། ཤར་ཕྱོགས་ཙོང་ཁའི་སྐྱེས་རི་བསང་།། གནས་རི་མགོན་པོ་བྲག་ནག་མཆོད།། རྐང་ཚའི་ཨ་མེས་རྫ་དམར་བསང་།། གནས་མཆོག་བྲག་དཀར་ཐེམ་ཆེན་མཆོད།། མཚོ་སྔོན་ཁྲི་ཤོར་རྒྱལ་མོར་བསང་།། མཚོ་སྙིང་མ་ཧཱ་དེ་ཝར་མཆོད།། རི་རྒྱལ་བློན་པོ་གསེར་ཆེན་བསང་།། བློན་མགར་སྟོང་བཙན་རྒྱལ་པོར་མཆོད།། དབུས་གཞུང་རྫ་རྒན་དཔལ་ཐུལ་བསང་།། དཔལ་ཁའི་ཨ་མེས་བ་ཡན་མཆོད།། གནས་ཆེན་བྲག་དཀར་སྤྲེལ་རྫོང་བསང་།། སངས་རྒྱས་སྟོང་གི་བླ་རི་མཆོད།། རེབ་གོང་བློན་ཆོས་རི་ཆེར་བསང་།། གསར་ལྗོངས་སེ་ཀུ་བྱ་ཁྱུང་མཆོད།། བོང་སྟག་ཨ་མྱེས་བྲག་སེར་བསང་།། ཤ་བྲང་རཱ་རྫོང་གཉན་པོ་མཆོད།། མང་རའི་བྲག་དཀར་མཆེད་གསུམ་བསང་།། འབའ་ཡི་མཐོན་པོ་བཅུ་གསུམ་མཆོད།། སྤྱན་རས་གཟིགས་ཀྱི་གནས་མཆོག་བསང་།། ཆོས་ལུང་ལྷ་རི་ཞལ་དཀར་མཆོད།། སྲས་མཆོག་ཀླུ་བདུད་བཙན་གསུམ་བསང་།། བཀའ་སྡོད་སྟག་ཤམ་ཅན་ལ་མཆོད།། སྲིན་པོ་ཨ་མྱེས་ཀླུ་འདུས་བསང་།། ཀླུ་ཕྲུག་དུང་སྐྱོང་དཀར་པོར་མཆོད།། བུ་ཆེན་རྩེ་རྒྱལ་རིང་མོར་བསང་།། སྐྱེས་མཆོག་ནོར་བུ་དགྲ་འདུལ་མཆོད།། རྭ་རྒྱ་བཀྲ་ཤིས་འབྱུང་གནས་བསང་།། དགེ་བསྙེན་ཨ་མྱེས་ཁྱུང་མགོན་མཆོད།། བསྟན་སྲུང་པད་མ་དྲག་རྩལ་བསང་།། གཏེར་སྲུང་ནོར་བུ་ཁྲབ་གོན་མཆོད།། བྲག་ཤུག་ལྷ་མོ་ཞལ་དཀར་བསང་།། ཆུ་སྔོན་ཨ་མྱེས་གཡའ་རི་མཆོད།། རྐ་སྟོད་སྨུག་པོ་སྤུན་གསུམ་བསང་།། རྐ་སྨད་རྒྱལ་པོ་སྐུ་ལྔར་མཆོད།། མཛོད་སྒོ་གསུམ་གྱི་བདག་པོར་བསང་།། མཛོད་བདག་ལྷ་རི་དྲེལ་དཀར་མཆོད།། གཏེར་སྒོ་གསུམ་གྱི་བདག་པོར་བསང་།། གཏེར་བདག་ཕ་ཝང་གྲུ་བཞིར་མཆོད།། དམར་མོ་ཨ་སྲས་སྤུན་གསུམ་བསང་།། ཉུག་ལྡང་ཕུན་སུམ་ཚོགས་པར་མཆོད།། དམེ་གླང་དབུས་རི་ཕྱུག་མོར་བསང་།། རྒྱ་བཟའི་ཨ་མྱེས་ཁྲབ་ཆེན་མཆོད།། མདོ་སྡེ་གཏེར་རི་མཐོན་པོར་བསང་།། རྨ་སྲས་ནོར་བུ་དབང་ཕྱུག་མཆོད།། རང་གི་ཕོ་ལྷ་དགྲ་ལྷར་བསང་།། ས་འདིའི་གནས་བདག་གཏེར་བདག་མཆོད།། བསང་མཆོད་དམ་པ་འདི་བཞེས་ལ།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། ཐུགས་རྗེ་ཆེན་པོས་མགོན་སྐྱབས་མཛོད།། ཆོས་སྐྱོང་སྲུང་མས་སྡོངས་གྲོགས་མཛོད།། མི་ལ་ནད་ཚ་མི་འབྱུང་ཞིང་།། ཕྱུགས་ལ་གོད་ཁ་མེད་པར་ཤོག། བཅོལ་བའི་འཕྲིན་ལས་མ་ལུས་པར།། མཐུན་རྐྱེན་བསམ་དོན་འགྲུབ་པར་ཤོག། ཞེས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་དཔོན་ཕྲུག་དཔལ་ལྡན་རྒྱལ་གྱིས་བཀྲ་ཤིས་ལྷ་དར་དང་བཅས་པས་ཡང་ནས་ཡང་དུ་བསྐུལ་ངོར་རང་གི་ཚ་བོ་འདིའི་ངོ་མ་ཆོད་པར་རོང་ཆེན་ལྷ་མིང་འཛིན་པས་ཕྱོགས་བཅུའི་ལྷ་ཚོགས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་རང་སྣང་གང་ཤར་དུ་བྲིས་སོ།། སརྦ་ཛ་ཡནྟུ།།

    ༄༅༅།།ཛམ་ལྷ་རིགས་ལྔའི་བསང་མཆོད་བསྡུས་པ།  ཀྱེེཿརི་རབ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན།། རིན་ཆེན་སྣ་བདུན་བརྩེགས་པའི་གཞལ་ཡས་ནས།། ཛམ་ལྷ་རིགས་ལྔ་ལྷ་མོ་ནོར་རྒྱུན་མ།། འཁོར་བཅས་འདིར་གཤེགས་བསང་དང་མཆོད་པ་བཞེས།། སྐུ་ཡི་ཛམ་ལྷ་དཀར་པོ་འབྲུག་ལ་ཆིབས།། མཁའ་འགྲོ་སྡེ་བཞི་འཁོར་དང་བཅས་པ་ལ།། གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང༌།། གསུང་གི་ཛམ་དམར་ཞལ་གསུམ་ཕྱག་དྲུག་པ།། ཀུ་རུ་ཀུལླེ་ཡུམ་དང་བཅས་པ་ལ།། འབྲུ་སྣ་ཟས་ཕུད་དྲི་བཟང་དུད་པས་བསང༌།། ཐུགས་ཀྱི་ཛམ་ནག་ཁྲོ་ཞིང་སྒེག་པའི་གཟུགས།། ནོར་ལྷ་མཆེད་བརྒྱད་འཁོར་དང་བཅས་པ་ལ།། དཀར་གསུམ་མངར་གསུམ་བསང་གི་མཆོད་པ་འབུལ།། ཡོན་ཏན་ཛམ་སེར་ཛཾ་བྷི་ནེའུ་ལེ་འཛིན།། ནོར་ལྷ་ཕོ་དགུ་མོ་དགུ་འཁོར་བཅས་ལ།། འབྲུ་སྣ་ཕྱེ་མར་བསང་གི་དུད་པས་བསང༌།། འཕྲིན་ལས་ཛམ་ཁྲ་ཕྱག་ན་ནེའུ་ལེ་འཛིན།། གནོད་སྦྱིན་བྱེ་བ་བདུན་འབུམ་འཁོར་བཅས་ལ།། འབྲུ་སྣ་དར་ཟབ་དྲི་བཟང་དུད་པས་བསང༌།།ནོར་གྱི་བདག་པོ་ལྷ་མོ་ནོར་རྒྱུན་མ།། གསེར་མདོག་མཆོད་སྦྱིན་འབྲས་ཀྱི་ཉེ་མ་འཛིན།། མཆེད་ལྔ་འཁོར་དང་བཅས་ལ་བསང་མཆོད་འབུལ།། ནོར་ལྷ་ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས།། ལོ་ལེགས་ཕྱུགས་རྣམས་འཕེལ་བའི་དངོས་གྲུབ་སྩོལ།། གོད་འདྲེ་གནོད་བྱེད་བཟློག་པའི་འཕྲིན་ལས་མཛོད།། ཅེས་རཱ་ག་ཨ་གསྱེས་སྦྱར་བའོ།   

    ༄༅༅།།ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་གཡང་འབོད་བཞུགས༔ ༁ྃ༔འཛད་མེད་རིན་ཆེན་གཏེར་ལ་དབང་༔ཨོ་རྒྱན་ནོར་ལྷའི་སྐུ་ལ་འདུད༔བདག་ཉིད་ཨོ་རྒྱན་ཆེན་པོའི་སྐུ་གསལ་ལ༔ཐུགས་རྗེ་འོད་ཀྱི་ཕྱྭ་དང་གཡང་འགུགས་བསམ༔ ཧྲཱི༔དུས་གསུམ་རྒྱལ་ཀུན་མཁྱེན་ནུས་བརྩེ་བའི་དངོས༔འཛད་མེད་རིན་ཆེན་གཏེར་ལ་མངའ་དབང་འབྱོར༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཐུགས་རྗེ་ཡི༔སྟོང་གསུམ་ཕྱཱ་གཡང་མ་ལུས་འདི་རུ་ཁུག༔ས་གསུམ་གནས་སུ་བསོད་ནམས་ལོངས་སྤྱོད་ལྡན༔ དཔལ་འབྱོར་བདེ་ལེགས་བཀྲ་ཤིས་ཇི་སྙེད་དང་༔སྲས་བཅས་རྒྱལ་བའི་བྱིན་རླབས་དངོས་གྲུབ་རྣམས༔ ཕྱཱ་གཡང་གཏེར་གྱི་རྣམ་པར་འདི་རུ་ཁུག༔ཚེ་རིང་རྣམ་དྲུག་མཐུན་པ་སྤུན་བཞི་དང་༔ བཙན་ཕྱུག་འཕན་གསུམ་མཁས་བཙུན་བཟང་པོ་སོགས༔བདེ་ལེགས་ཡོན་ཏན་དཔག་བསམ་རིན་ཆེན་བཞིན༔འབད་མེད་ལྷུན་གྲུབ་ཕྱྭ་གཡང་འདི་རུ་ཁུག༔གནས་སྐབས་ནོར་དང་མཐར་ཐུག་དམ་པའི་ཆོས༔ཕུང་པ་ཀུན་གྲོལ་རང་གཞན་དོན་གཉིས་འགྲུབ༔ཨོ་རྒྱན་ཆེན་པོའི་གསང་གསུམ་དབྱེར་མེད་གྱུར༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བའི་དཔལ་ཐོབ་ཤོག༔དེ་ལྟར་མཁའ་འགྲོ་ནོར་ལྷ་ཡི༔ཕྱཱ་གཡང་འགུགས་པའི་དཔལ་ཐོབ་འགྱུར༔ཐེ་ཚོམ་མེད་དོ་ཕྱི་རབས་བུ༔ནོར་བདག་གསུམ་གྱིས་ཐུབ་པར་བསྲུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔གཏད་རྒྱ༔ ཟབ་རྒྱ༔གསང་རྒྱ༔ ཅེས་རྒྱ་རོང་བ་སྐུ་སྐྱེས་དོན་འགྲུབ་དང་རྒྱ་ཤུལ་འབོམ་མའི་ངོར༔ཨོ་རྒྱན་འཕྲིན་ལས་གླིང་བས་སོ༔ བཀྲ་ཤིས༔ སརྦ་མངྒ་ལཾ།།

    ༄༅༅།།བསྐང་གསོལ་བསྡུས་པ། ༀ་ཨཱཿཧཱུཾཿབདེ་སྟོང་ཏིང་འཛིན་རོལ་བ་ལས་བྱུང་བས།། སྲིད་ཞིའི་མཆོད་ཚོགས་ནམ་མཁའ་མཛོད་ཀྱི་སྒོ། ཅི་ཡང་འཆར་བ་ཀུན་བཟང་མཆོད་པའི་སྤྲིན།། འཁོར་འདུས་དཔལ་ཡོན་མ་ཚང་མེད་པ་དང་།། ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས།། སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་།། ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་།། མ་དང་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་མ་བསྐང་།། གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་།། གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས་དམ་བསྐང་།། མཆོད་ཡོན་གོང་མ་རྣམས་ཀྱི་ཐུགས་དམ་བསྐང་།། སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐང་།། རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་།། ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང་།། ཐམས་ཅད་ཐུགས་དམ་གཉམ་པོ་དེ་སྐོང་ལ།། གཡར་དམ་སོར་ཆད་དངོས་གྲུབ་སྩལ་ཏུ་གསོལ།། ཞེས་སོ་།   

    ༅༅།།རབ་གནས་བསྡུས་པ་བཞུགས། རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར།། ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་བ།། སྒྲུབ་པ་བོ་ལ་བུ་ལྟར་གཟིགས་མཛད་ཀྱང་།། རྩ་བརྒྱུད་བླ་མ་རྣམས་ཀྱིས་བཀྲ་ཤིས་ཤོག། གསང་བ་འདུས་པ་བདེ་མཆོག་ཧེ་རུ་ཀ། དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ལ་སོགས་པ།། གྲངས་མེད་རྒྱུད་སྡེ་བཞི་ཡི་འཁོར་ལོའི་ཚོགས།། ཡི་དམ་ལྷ་ཚོགས་རྣས་ཀྱིས་བཀྲ་ཤིས་ཤོག། ཡེ་ཤེས་མགོན་པོ་ཆོས་ཀྱི་རྒྱལ་པོ་དང་།། དམག་ཟོར་རྒྱལ་མོ་རྒྱལ་ཆེན་རྣམ་ཐོས་སྲས།། ལྷ་ཆེན་གུར་དང་དཔལ་མགོན་ཞལ་བཞི་སོགས།། བཀའ་སྡོད་ཆོས་སྲུང་རྣམས་ཀྱིས་བཀྲ་ཤིས་ཤོག། བྱང་ཕྱོགས་སྐྱོང་པའི་རྒྱལ་ཆེན་རྣམ་ཐོས་སྲས།། ནོར་གྱི་བདག་པོ་ཨརྱ་ཛམ་པ་ལྷ།། དབུལ་བ་སེལ་བྱེད་ལྷ་མོ་ནོར་སྦྱིན་མ།། ནོར་ལྷ་གཏེར་བདག་རྣམས་ཀྱིས་བཀྲ་ཤིས་ཤོག། འབད་དང་རྩོལ་བ་མི་དགོས་པའི།། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་།། ཅི་འདོད་དངོས་གྲུབ་སྟེར་མཛད་པའི།། བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག། ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག། མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག།  ཞེས་ཤིས་ཚིག་དང་བཅས་སོ།།  

    ༄༅༅།།དཔལ་དུས་ཀྱི་འཁོར་ལོའི་སྨོན་ལམ་བཞུགས། གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གཞི།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། འཇམ་དཔལ་རྡོ་རྗེ་ངག་ལ་དབང་འབྱོར་ཞིང་།། བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིའི་གདམས།། བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན།། འཕགས་མཆོག་ཕྱག་ན་པད་མོར་གསོལ་བ་འདེབས།། བློ་བཟང་རྒྱལ་བའི་སྙན་བརྒྱུད་གདམས་པའི་མཛོད།། མཁས་གྲུབ་དམ་པའི་ཐུགས་བཅུད་བདུད་རྩིའི་རྒྱུན།། སྐལ་ལྡན་རྒྱ་མཚོའི་ཚོགས་ལ་སྩོལ་པ།། ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས།། ༀ་ཨཱ་གུ་རུ་བཛྲ་ངྷ་ར་ཝ་གིནྡྲི་སུ་མུ་ཏི་ཤཱ་ས་ན་ངྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སིངྔྷི་ཧཱུཾ་ཧཱུཾཿ སྟོང་གཟུགས་བདག་ཉིད་སྙིང་རྗེ་ཅན།། སྲིད་གསུམ་སྐྱེ་དང་འཇིག་པ་མེད།། ཤེས་དང་ཤེས་བྱ་གཅིག་པའི་སྐུ།། དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ།། ༀ་ཨཱཿཧཱུཾཿཧོ་ཧ་ཥ་མ་ལ་ཝ་ར་ཡཾ་ཧཱུཾ་ཕཊཿབདག་གཞན་རྣམ་དཀར་ཕུང་བོ་ཅི་མཆིས་པས།། བླ་མ་དུས་ཀྱི་འཁོར་ལོས་རྗེས་བཟུང་སྟེ།། རིག་ལྡན་ཞིང་མཆོག་ཤམ་བ་ལར་སྐྱེས་ནས།། སྟོང་གཟུགས་གོ་འཕང་རིང་མིན་མྱུར་ཐོབ་ཤོག། གང་སྣང་བླ་མས་གསང་གསུམ་རོལ་བར་འཆར།། གང་བྱས་བླ་མ་མཉེས་པའི་རྒྱུ་རུ་འགྲོ།། གང་བསམ་བླ་མའི་ཐུགས་རྗེ་མྱུར་དུ་འགྲུབ།། གང་དུ་སྐྱེས་ཀྱང་བླ་མའི་རྗེས་འཛིན་ཤོག། དགེ་བ་འདི་ཡིས་མྱུར་དུ་བདག། དུས་ཀྱི་འཁོར་ལོ་གྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པར།། དེ་ཡི་ས་ལ་འགོད་པར་ཤོག། སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།། འཁུ་བའི་གཟུགས་ཅན་གཟུགས་མེད་ནག་ཕྱོགས་སྡེ།། བསམ་སྦྱོར་ངན་པའི་འཇིགས་པ་མ་ལུས་པར་།། མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག། དཀོན་མཆོག་གསུམ་ལ་གསོལ་བ་བཏབས་པའི་མཐུས།། བདག་སོགས་གར་འགྲོ་གར་སོང་གར་འདུག་ཀྱང་།། ནད་རིགས་གདོན་བགེགས་བར་ཆད་ཞི་བ་དང་།། མཐུན་རྐྱེན་བསམ་དོན་མ་ལུས་འགྲུབ་པར་ཤོག། དུས་ཀྱི་འཁོར་ལོར་གསོལ་བ་བཏབས་པའི་མཐུས།། བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ།། དགེ་བའི་ལེགས་ཚོགས་མ་ལུས་ཅི་བསགས་པ།། བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ།། ཅེས་སོ། 

     ༀ་གཎྜྷ་ར་བྷིནྡྷ་ར་སྭཱ་ཧཱཿརཊྣ་ཤ་ཀྵོ་ན་ཏ་ཐཱ་ག་ཏ་ཡ་ཧྲི་ཏདྱ་ཨ་ནི་ག་ཏེ་ༀ་ཀུརུཾ་ཀུ་ནི་སྭཱ་ཧཱཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ཏདྱཐཱཿཔཉྩནྡྲི་ཡ་ཨ་བོ་ངྷ་ནི་སྭཱ་ཧཱཿ ཞེས་འབུམ་འགྱུར་སྔགས་སོགས་མཇུག་ཏུ་སྦྱར་ནས། བོད་བརྒྱུད་ནང་ཆོས་གསར་རྙིང་གྲུབ་མཐའ་རེས་མེད་ཀྱི་ཞལ་འདོན་བསྡུས་པ་ཁག་ཅིག་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཞུགས་སོ་ཞེས་བྱ་བ་འདི་བདག་དང་བདག་ལྟ་བའི་ཞལ་འདོན་སྒྲུབ་སྦྱོང་ལ་འབད་འབུངས་ཅུང་ཙམ་ཞན་པའི་སེམས་ཅན་ཀུན་གྱིས་ཧ་ཅང་སྟབས་བདེ་བར་ཅི་ནུས་བཟློས་བརྗོད་བྱ་བར་རྩེ་གཅིག་ཏུ་དམིགས་ནས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཀྱི་ཆབ་གསེར་གཞོང་དར་ཐང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ་སོར་བཅུའི་མེ་ཏོག་སྤྱི་བོར་བཀོད་ནས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་ལོའི་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ཉིན་ལ་སྒོ་གསུམ་དད་པས་ཕུལ་བ་འགྲོ་བ་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག། སརྦ་ཛ་ཡནྟུ།།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-7 16:01 , Processed in 0.114920 second(s), 20 queries .

返回顶部