日志

༄༅།།ཝང་ཅན་ཅུན་དང་ལིའུ་ཉིང་གཉིས་ཀྱིས་ཞིང་ ...

已有 90 次阅读2020-2-24 09:39 |系统分类:见闻


             ༄༅།།ཝང་ཅན་ཅུན་དང་ལིའུ་ཉིང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླར་བོད་ཀྱི་ལོ་སར་གྱི་རྟེན་འབྲེལ་ཞུ་ཡིག་བསྐུར།
                                          ཡོང་ཁུངས། གངས་ལྗོངས་མེ་ལོང་། རྩོམ་པ་པོ། མི་གསལ།


                      


སྙིང་ཉེ་བའི་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ།

      བོད་ལྕགས་བྱི་ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར་བོད་རིགས་སྤུན་ཟླ་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་ཡིན།

      འདས་ཟིན་པའི2019ལོར།རང་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས།“འདུ་ཤེས་བཞི་”ཇེ་ཆེ་དང“རང་རྟོན་བཞི་”ཇེ་བརྟན་དུ་བཏང་ལ། “སྲུང་སྐྱོང་གཉིས”དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་བོད་རིགས་སྤུན་ཟླས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་མཉམ་དུ་མཐུན་སྒྲིལ་འཆམ་མཐུན་དང་། སེམས་མཐུན་ཤུགས་སྒྲིལ། དཀའ་སྤྱད་འབད་འཐབ་བཅས་བྱས་ལ། བོད་རིགས་རང་སྐྱོང་ཁུལ་དྲུག་པོ་ཡོངས་རྫོགས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བསྐྲུན་ནས། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་། སྤྱི་ཚོགས་རྒྱུན་མཐུད་ངང་གཏན་འཇགས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཆོས་ལུགས་དུས་རབས་དང་བསྟུན་པ། དབུལ་ནག“གཙང་སེལ”། སྐྱེ་ཁམས་དམིགས་བསལ་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

      2020ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ནས་འགྲུབ་པར་བྱེད་པའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླས་མི་རིགས་དང་ལས་རིགས་སོ་སོ་དང་མཉམ་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག བོད་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་དཔལ་འབྱོར་གོང་སྤེལ་ལ་ཐུན་མོང་གིས་སྐུལ་འདེད་གཏོང་བ་དང་། བོད་ཁུལ་གྱི་སྤྱི་ཚོགས་ཡར་ཐོན་དང་རིག་གནས་དར་རྒྱས་ལ་ཐུན་མོང་གིས་སྐུལ་སྤེལ་བྱེད་པ། བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ལ་ཐུན་མོང་གིས་ཡར་སྐུལ་བྱེད་པ། བོད་ཁུལ་གྱི་ཆབ་སྲིད་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་ལ་ཐུན་མོང་གིས་སྲུང་སྐྱོང་བྱས་ནས།“དམིགས་གཅིག་མཐོ་གཉིས”ཧུར་ཐག་གིས་སྤེལ་བ་དང“དཔེ་སྟོན་ཞིང་ཆེན་ལྔ”བསྐྲུན་པར་སེམས་ཤུགས་མཉམ་དུ་འདོན་རྒྱུ་ནི་རེ་བ་ཡིན།

      མིག་སྔར་རང་ཞིང་དུ་ནད་ངོས་བཟུང་བའི་ནད་པ་དང་ནད་རྟགས་འདྲ་བའི་ནད་པ་གཅིག་ཀྱང་གསར་དུ་འཕར་མེད་ལ། ཚེ་ལས་འདས་པའི་ནད་པ་མེད་ཅིང་། ནད་དུག་འགོས་པའི་སྨན་བཅོས་མི་སྣ་གཅིག་ཀྱང་མེད་པར། སྔོན་འགོག་ཚོད་འཛིན་བྱ་བ་བརྟན་ཞིང་བཟང་ལ། ཐོན་སྐྱེད་དང་ལས་ཀ་སླར་གསོའི་གནས་བབ་ལེགས་པོ་བྱུང་ཡོད། འོན་ཀྱང་ཞིང་ཆེན་ཕྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྔར་བཞིན་དཀའ་ལས་ཆེ་བས། ང་ཚོས་དོགས་ཟོན་ལྷོད་མི་རུང་བར་སྔར་བཞིན་སྔོན་འགོག་ཚོད་འཛིན་ལ་མཐོང་ཆེན་བྱེད་དགོས། བོད་རིགས་སྤུན་ཟླས་དམིགས་བསལ་གྱི་ལོ་འདིར་བདེ་ཐང་ངང་ལོ་སར་རོལ་བ་དང་དཔལ་ཡོན་ལྡན་པར་དུས་ཆེན་རོལ་བ། ཁ་པར་ལས་ལོ་སར་གྱི་མཚམས་འདྲི་ཞུས་ཏེ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཐབ་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལས་རྣམ་པར་རྒྱལ་བར་བྱ་རྒྱུ་ནི་རེ་བ་ཡིན།

      ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ་ལ་ལོ་སར་སྤྲོ་ཞིང་སྐུ་ལུས་བདེ་བའི་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུས་པ་ཡིན།

 

                                                      ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཅུན་དང་། 

                                                         མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིའུ་ཉིང་གིས། 

                                                                    2020ལོའི་ཟླ2པའི་ཚེས23ཉིན་ལ། 


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-3-28 22:11 , Processed in 0.045591 second(s), 20 queries .

返回顶部