日志

༄༅།།ད་ནས་བཟུང་རྔ་བ་ཁུལ་ལ་དབུལ་རྫོང་ཞེས་པ ...

已有 59 次阅读2020-2-18 10:44 |系统分类:见闻


                                  ༄༅།།ད་ནས་བཟུང་རྔ་བ་ཁུལ་ལ་དབུལ་རྫོང་ཞེས་པའི་མིང་འདི་མེད།
                            ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

                                  

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས14ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་དབྱིན་ལིས་གཙོ་འགན་བཞེས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས42པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་ལས་ཀར་བརྟག་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་ལ་སློབ་སྦྱོང་དང་དོན་འཁྱོལ་བྱས་ཤིང་། ཏོག་གསར་གློ་ཚད་ཀྱི་རིམས་འགོག་ལས་ཀ་དང་བཟོ་ལས་ཀྱི་ཐོན་སྐྱེད་སླར་གསོ། དབུལ་བྲལ་གནད་སྒྲོལ། གྲོང་གསེབ་དར་རྒྱས། དེ་མིན་འབྲེལ་ཡོད་ཀྱི་གཟེངས་བསྟོད་སོགས་ཀྱི་ལས་ཀ་བཀོད་སྒྲིག་བྱས།   

      གྲོས་ཚོགས་ལས་ཞུའུ་ཡུང་རྫོང་སོགས་རྫོང་ཁག31དབུལ་རྫོང་གི་གྲལ་ལས་ཐར་བར་ཆོག་མཆན་བཀོད་ཡོད་ལ། དེའི་ནང་དུ་རྔ་བ་ཁུལ་གྱི་ཁྲོ་ཆུ་རྫོང་དང་འཛམ་ཐང་རྫོང་། རྔ་བ་རྫོང་བཅས་འདུས་ཡོད།   

      རྒྱུས་ལོན་པ་ལྟར་ན། རྔ་བ་ཁུལ་གྱི་འབར་ཁམས་དང་ཝུན་ཁྲོན། ལིས་རྫོང་། མའོ་རྫོང་བཅས2018ལོའི་ཟླ7པའི་ཚེས31ཉིན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་དབུལ་རྫོང་ལས་ཐར་བའི་མིང་ཐོ་རུ་ཚུད་ཡོད། རྔ་བ་ཁུལ་གྱི་ཟུང་ཆུ་དང་གཟི་རྩ་སྡེ་དགུ། ཆུ་ཆེན། བཙན་ལྷ། མཛོད་དགེ། ཧུང་ཡོན་བཅས2019ལོའི་ཟླ4པའི་ཚེས28ཉིན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་དབུལ་རྫོང་ལས་ཐར་བའི་མིང་ཐོ་རུ་ཚུད་ཡོད་པས། རང་ཁུལ་གྱི་རྫོང་ཁག་(གྲོང་ཁྱེར)ཚང་མ་དབུལ་རྫོང་གི་གྲལ་ལས་ཐར་ཡོད་ལ། ད་ནས་བཟུང་རང་ཁུལ་ལ་དབུལ་རྫོང་ཞེས་པའི་མིང་བྱང་འདི་མེད་དོ། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-7 15:30 , Processed in 0.048958 second(s), 20 queries .

返回顶部