日志

༄༅།།བོད་སྨན་རུ་ཁག་ཏོག་གསར་གློ་ཚད་གསོ་བཅོ ...

已有 79 次阅读2020-2-16 09:07 |系统分类:见闻


                               ༄༅།།བོད་སྨན་རུ་ཁག་ཏོག་གསར་གློ་ཚད་གསོ་བཅོས་བྱེད་པར་བསྐྱོད། 
                    ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སངས་སྐྱབས།        

                 
      དཀར་མཛེས་ཁུལ་བོད་སྨན་ཁང་གིས་རིམས་འགོག་སྨན་བཅོས་བྱ་བའི་ཚན་ཆུང་གཉིས་མངགས་ནས་ཁུལ་ནང་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བར་ཞུགས།ཁྱེད་རྣམ་པར་སྙིང་ཐག་པ་ནས་གུས་འདུད་ཞུ། ཁྱེད་རྣམ་པ་རྒྱལ་ཁའི་ངང་ཕྱིར་ཕེབས་པར་སྒུག་འདུག ནད་ཡམས་ནི་བཀའ་རྒྱ་ཡིན་ལ། འགོག་བཅོས་ནི་འགན་འཁྲི་ཡིན། རིམས་ནད་འགོག་བཅོས་ཀྱི་བྱ་བ་དེ་བཟང་པོར་བསྒྲུབ་ཆེད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་ཏང་ཨུ་ཡིས་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། བློ་ཐག་རྦད་ཆོད་སྒོས་ཟི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་བཀོད་སྒྲིག་ལྟར། ཧུར་ཐག་སྒོས་རྩྭ་སྨན་གྱི་ནུས་པ་ཐུན་མོང་མ་ཡིན་པ་འདོན་སྤེལ་གང་ལེགས་བྱས། ཟླ2པའི་ཚེས13ཉིན། དཀར་མཛེས་ཁུལ་འཕྲོད་སྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོར་བོད་སྨན་ཆེད་མཁས་གསོ་བཅོས་བྱ་བའི་ཚན་ཆུང་འཛུགས་པའི་བཀའ་བཀོད་གནང་བ་འབྱོར་རྗེས། ཁུལ་བོད་སྨན་ཁང་ཏང་ཨུ་ཡིས་མཚན་བརྒྱབ་སྟེ་ཁུལ་ནང་ཁུལ་དུ་རིམས་ནད་འགོག་བཅོས་བྱ་བའི་ཚན་ཆུང་མངགས་རྒྱུའི་གྲོས་འགོ་བཏོན་པ་དང་། གྲོས་འགོ་བཏོན་པ་དེ་ལ་རྒྱ་ཆེའི་སྨན་པ་རྣམས་ཀྱིས་མྱུར་དུ་དང་ལེན་བྱས་ནས། ཉིན་གཅིག་གི་ནང་དུ་མིང་ཐོ་འགོད་མཁན་མི་བརྒྱ་ལྷག་ཏུ་སླེབས། འཐབ་ཞུགས་ཡི་གེ་ལས་འགན་འཁྲི་དང་ཁག་ཁུར་མཚོན།

                 
      རྟའུ་རྫོང་འགོག་བཅོས་བོད་སྨན་ཆེད་མཁས་བྱ་བའི་ཚན་ཆུང་། གཉའ་རྒྱལ་མཚན། ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ། འབུམ་རམས་པ། རིག་འཛིན་རྒྱ་མཚོ། ཕྱི་བཅོས་ཚན་ཁག་གི་འགན་གཙོ། འབུམ་རམས་པ་གཞོན་པ། དར་རྩེ་མདོ་ལྟ་རྟོག་དཀྱིལ་སྙིང་འགོག་བཅོས་བོད་སྨན་ཆེད་མཁས་བྱ་བའི་ཚན་ཆུང་། ཨ་རྒྱལ། བོད་སྨན་ཚན་ཁག་དང་པོའི་འགན་གཙོ། འབུམ་རམས་པ། ཀླུ་རྒྱལ། སྨན་ཞབས་ཚན་ཁག་གི་འགན་གཙོ། དཀའ་བཅུའི་སྨན་ཞབས་སོགས་ལམ་ལ་ཆས་པའི་མཛད་སྒོའི་ཡུལ་དངོས། ལམ་ལ་ཆས་པའི་མཛད་སྒོའི་སྟེང་། ཁུལ་བོད་སྨན་ཁང་གི་འགོ་ཁྲིད་པས་སྨན་པ་རྣམས་ལ་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། དམ་བཅའ་དོན་དུ་འཁྱོལ་པ། འགན་ཁུར་ཕྲག་ཏུ་ལེན་པ། རང་ཉིད་ཀྱི་འགོག་སྲུང་ལ་དོ་སྣང་བྱས་ཏེ། རྒྱལ་ཁའི་ངང་ཕྱིར་ལོག་དགོས་པའི་འབོད་སྐུལ་བཏང་།

                 
      “སྨན་ཁང་ཏང་ཨུ་ཡི་བཀའ་མངགས་འབྲས་མེད་དུ་མི་གཏོང་བ་དང་། སྨན་ཁང་གི་ལས་བཟོ་བ་ཚང་མའི་མཛའ་བརྩེ་ཟབ་མོ་ཡིད་ལ་བཅིངས་ནས། ཁུལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་དཀའ་ཁག་ལས་བརྒལ་ཏེ། བློ་ཐག་རྦད་ཆོད་སྒོས་སྨན་བཅོས་འགན་ཁུར་འགྲུབ་པར་བྱེད་ངེས།” ཟླ2པའི་ཚེས14ཉིན་གྱི་དུས་ཚོད13སྟེང་། སྨན་བཅོས་བྱ་བའི་ཚན་ཆུང་གི་སྨན་པ་རྣམས་ཀྱིས་གཟབ་ནན་གྱི་དམ་བཅའ་འཇོག་པ་དང་ཏང་ནང་དུ་ཞུགས་པའི་ཐ་ཚིག་ཡང་བསྐྱར་བསྒྲགས་ཏེ། ཐོག་མའི་དམ་བཅའ་མི་བརྗེད་པ་དང་འགན་འཁྲི་ཕྲག་ཏུ་བླངས་ནས། དཀའ་སྡུག་ལ་མི་སྐྲག་པ་དང་། ནད་ཡམས་ལ་མི་སྐྲག་པར། ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་འགོག་བཅོས་ཁྲོད་ནས་སཀར་མཛེས་བོད་སྨན་ཁང་གི་ནུས་པ་འདོན་སྤེལ་གངལེགས་བྱེད་རྒྱུའི་ཆོད་སེམས་བསྟན། སྨན་བཅོས་རུ་ཁག་གིས་དམ་བཅའ་འཇོག་བཞིན་པ།

                 
      ལམ་ལ་མ་ཆས་པའི་སྔོན་དུ་སྨན་ཁང་ཕྱོགས་ནས་ཆེད་ལས་གསོ་སྦྱོང་བྱས། ལམ་ལ་མ་ཆས་པའི་སྔོན་དུ། དཀར་མཛེས་ཁུལ་བོད་སྨན་ཁང་གིས་སྨན་བཅོས་བྱ་བར་འབྲེལ་ཡོད་ཕྱོགས་ནས་གསོ་སྦྱོང་བྱས་པར་མ་ཟད། གོང་རིམ་ལས་ཁུངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་ཐད་ཀྱི་བྱ་བའི་བླངས་བྱ་ལག་བསྟར་ནན་མོ་བྱས་ཏེ། ཚན་ཁག་སོ་སོའི་བར་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་བྱེད་པ་དང་། ཕན་ནུས་ལྡན་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་བྱས་ནས། སྨན་བཅོས་མི་སྣས་རིམས་ནད་གསོ་བཅོས་བྱེད་པའི་ཞོར་དུ། ཁོ་ཚོའི་སེམས་ཁྲལ་མེད་པར་བཟོས།

                 
      ཁོ་ཚོ་ནི་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་ཡིན་ལ། ཁོ་ཚོ་ནི་ཁྱིམ་ན་ཕ་མ་དང་། རྗེས་ན་བུ་ཕྲུག་ཡོད་པའི་ཕ་མ་ཡིན་ལ། ཡིན་ནའང་དེ་རིང་ཁོ་ཚོ་ནི་ལྷ་རྗེ་རེད། བརྡ་སྦྱོར་འབྱོར་མ་ཐག ཁོ་ཚོར་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད་དེ། ནད་ཡམས་འགོག་བཅོས་ཀྱི་གཡུལ་སར་བསྐྱོད། སྨན་ཁང་གིས་རྟའུ་རྫོང་ལ་ཁྱེར་བའི་བོད་སྨན།

                 
                                        བོད་སྨན་ཆེད་མཁས་སྨན་བཅོས་ཚན་ཆུང་ལམ་ལ་ཆས།

                 
     སྨན་ཁང་གི་འགོ་གཙོ་དང་ལས་བཟོ་བ་ཚང་མས་ཁོ་ཚོར་སྐྱེལ་མ་བྱས་པ་དང་ཁོ་ཚོར་སྐུལ་ལྕགས་བཏང་བར་མ་ཟད། སྨན་པ་རྣམས་ཀྱིས་དཔའ་ངར་དེང་དུ་བླངས་ཏེ། ནད་པའི་བདེ་སྡུག་གི་ཆེད་དུ་རང་གི་ཡོད་ཚད་འབུལ་བའི་ལྷག་སེམས་ལ་གུས་བཀུར་ཞུས། སྨན་བཅོས་མི་སྣ་རྣམས་ཀྱིས་སྨན་ཁང་གི་བཅོལ་གདམས་དང་རེ་འདུན་ཁྱེར་ནས། ནད་ཡམས་འགོག་བཅོས་ཀྱི་འཐབ་ཡུལ་དངོས་སུ་སོང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་ཆེད་དུ་ཚེ་སྲོག་གི་བཙན་རྫོང་བརྟན་པོ་ཞིག་འཛུགས་རྒྱུའི་དམ་བཅའ་བཞག
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-7 15:19 , Processed in 0.048288 second(s), 20 queries .

返回顶部