日志

༄༅།།མཚོ་སྔོན་ནས་དེ་རིང་ཡང་ཏོག་གསར་གློ་ཚད ...

已有 71 次阅读2020-2-15 19:20 |系统分类:见闻


                      ༄༅།།མཚོ་སྔོན་ནས་དེ་རིང་ཡང་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཉིས་སངས་དྲག་བྱུང་སྟེ་སྨན་ཁང་ལས་བུད།
                                     ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རིག་འཛིན་ལྷ་མོས་བསྒྱུར། 

                        

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས15ཉིན་གྱི་ཕྱི་དྲོའི་ཆུ་ཚོད14ཡི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་ནད་པ་གཉིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་སངས་དྲག་བྱུང་སྟེ་སྨན་ཁང་ནས་བུད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་ཁག་ལྔ་བ་དེ་ཡིན། མཚོ་སྔོན་ཞིང་ཆེན་གྱི་ནད་རྟགས་གཏན་ཁེལ་བྱུང་བའི་ནད་པ18ནང་སྨན་ཁང་ནས་བུད་པའི་ནད་པ13ཡོད། སྨན་ཁང་ནས་བུད་ཟིན་པའི་ནད་པས་ཉུང་མཐར་ཡང་ཉིན14ཡི་རིང་ཟུར་བཀར་ལྟ་ཞིབ་བྱེད་དགོས་ལ་ཉེན་རེར་ཐེངས་གཉིས་ལ་ལུས་པོའི་དྲོད་ཚད་འཇལ་དགོས། 

     ཏོག་གསར་གློ་ཚད་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་པམ་ཞིང་ཆེན་མི་དམངས་སྨན་ཁང་གི་དབུགས་རྔུབ་དང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཀུའུ་ཡུས་ཧའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ1པོའི་ཚེས25ཉིན་ནས་ད་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཆེད་མཁས་པས་སྨན་ཁང་དུ་སྡོད་པའི་ནད་པར་སྔ་རྗེས་སུ་ལྷན་དཔྱད་ཐེངས20བྱས་པ་དང་ནད་པར་དོ་ཁུར་ཆེན་པོ་བྱས་ནས་སྨན་བཅོས་ཇུས་གཞི་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་ནད་པ18ལས13སངས་དྲག་ཏུ་སོང་སྟེ་སྨན་ཁང་ནས་བུད་ཡོད་ལ། ད་དུང་ནད་པ5ཡིས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག་ཞིང་ཆེན་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བླང་བྱ་ལྟར་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ད་ལྟའི་དུས་རིམ་གྱི་ཏོག་གསར་གློ་ཚད་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད་ཟེར།

     ཏོག་གསར་གློ་ཚད་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་པའམ་ཞིང་ཆེན་མི་དམངས་སྨན་ཁང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་སྨན་པ་དབྱང་ཀྲེང་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། དེ་རིང་སྨན་ཁང་ནས་བུད་པའི་ནད་པ་ཞིག་ནི་མཚོ་སྔོན་ཞིང་ཆེན་དུ་ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་ཐོག་མ་དེ་ཡིན་ཏེ། སྨན་ཁང་དུ་ཡོང་སྐབས་སུ་ནད་གཞི་ཚབས་ཆེན་ཡིན་ལ་སྐབས་ཤིག་ལ་ནད་གཞི་ཉེན་ཚབས་ཆེ་བའི་གནས་སུ་སླེབས། ཞིང་ཆེན་རིམ་པའི་ཆེད་མཁས་པས་ལྷན་དཔྱད་ཐེངས་མང་བྱས་པ་དང་། རྒྱལ་ཁབ་རིམ་པའི་ཆེད་མཁས་པ་དང་འབྲེལ་གཏུག་དམ་ཟབ་སྒོས་སྨན་བཅོས་ཇུས་གཞི་ལེགས་སྒྲིག་ཐེངས་མང་བྱས་ནས་ཉིན16རིང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ནད་པ་དེའི་གློ་བའི་ཚ་ནད་མངོན་གསལ་དོད་པོས་ཇེ་ལེགས་སུ་སོང་ཞིང་། དབུགས་རྔུབ་ཆས་ལ་བརྟེན་ནས་དབྱང་དབུགས་འཇིབ་པ་ནས་ངོ་ཐུམ་ལ་བརྟེན་ནས་དབྱང་དབུགས་འཇིབ་པ། དེ་ནས་སྣ་སྦུག་ལ་བརྟེན་ནས་དབྱང་དབུགས་འཇིབ་པ། དེ་རྗེས་དབྱང་དབུགས་འཇིབ་ཆས་ལ་བརྟེན་མི་དགོས་པར་དབྱང་དབུགས་འཇིབ་ཚད་རིམ་གྱིས་རྒྱུན་ལྡན་དུ་གྱུར་ལ། དམིགས་ཚད་གཞན་དག་ཀྱང་སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞི་དང་མཐུན་པ་ཡིན།

     ཏོག་གསར་གློ་ཚད་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་ཚོགས་ཆུང་གི་ཙུའུ་ཀྲང་ངམ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་ཡོན་ཀྲང་ཤིས་ཨའེ་ཆི་ཡིས་བཤད་རྒྱུར། ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་སྨན་བཅོས་སྐྱོབ་བཅོས་ལས་དོན་ལ་མཐོང་ཆེན་དང་སྨན་བཅོས་རུ་ཁག་ལེགས་ཤོས་རྩ་འཛུགས་བྱས་ཏེ། ཆེད་མཁས་ཚོགས་ཆུང་གིས་གཏན་འབེབས་བྱས་པའི་སྨན་བཅོས་ཇུས་གཞི་དོན་འཁྱོལ་ནན་ཏན་བྱས་ནས་ཉིན་ལྟར་ནད་གཞིར་གདེང་འཇོག་དང་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ཤིང་། སེམས་ཁམས་ཁྲིད་སྟོན་དང་འཚོ་བཅུད་རྒྱབ་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད་ནད་པར་སྨན་བཅོས་ལ་གཞོགས་འདེགས་བྱ་རྒྱུར་སྐུལ་འདེད་དང་། ནད་གཞི་ལས་རྣམ་པར་རྒྱལ་བར་བྱེད་པའི་ཡིད་ཆེས་དང་བློ་སྤོབས་ཇེ་ཆེར་བཏང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་ལྷག་པར་དུ་ཏོག་གསར་གློ་ཚད་ཀྱི་ནད་གཞི་ལྕི་མོའི་རིགས་སྐྱོབ་བཅོས་ཐད་ལ་ཉམས་མྱོང་བསགས་ཡོད། །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-7 15:33 , Processed in 0.050979 second(s), 20 queries .

返回顶部