日志

༄༅།།བོད་ལྗོངས་ཀྱིས་རྣམ་གྲངས་གལ་ཆེན་བདེ་བ ...

已有 88 次阅读2020-2-11 10:28 |系统分类:见闻


                                     ༄༅།།བོད་ལྗོངས་ཀྱིས་རྣམ་གྲངས་གལ་ཆེན་བདེ་བླག་ངང་སྤེལ་བ།
                               ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། རྡོ་རྗེ།

                 

      “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གི་གཙོ་གནད་གཞུང་ལམ་མཐུད་སྐྲུན་རྣམ་གྲངས་20ཚང་མ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།
      ཉིན་ཤས་གོང་། གསར་འགོད་པར་2020ལོའི་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོར་བོད་ལྗོངས་ཀྱིས་རྣམ་གྲངས་གལ་ཆེན་བདེ་བླག་ངང་སྤེལ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གི་གཙོ་གནད་གཞུང་ལམ་མཐུད་སྐྲུན་རྣམ་གྲངས་20ཚང་མ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། གསར་སྐྲུན་བྱེད་རྩིས་ཡོད་པའི་རྣམ་གྲངས་ཁྲོད་ཀྱི་ཞེར་པ་ཟམ་པ་ཕུད་དེ་མིན་གྱི་རྣམ་གྲངས་23ཚང་མ་ལས་འགོ་བཙུགས་ཡོད།
      རིམ་མཐོའི་གཞུང་ལམ་ཐད་བར་ལའི་ཕུག་ལམ་བསྐྲུན་རྗེས་ཉིང་ལྷའི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཡོངས་སྦྲེལ་མཐུད་ཐུབ་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་G4218ལྷ་ས་ནས་གཞིས་རྩེ་གནམ་ཐང་དུམ་བུའི་མྱུར་བགྲོད་གཞུང་ལམ་གྱི་ལས་འགོའི་འཆར་གཞིར་མཆན་འགོད་བཀའ་ལན་སྤྲད་ནས་ཚོད་འཛིན་རང་བཞིན་གྱི་ལས་གྲྭར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་ལམ་ཐིག་ཧྲིལ་པོ་ལས་འགོ་འཛུགས་རྒྱུའི་གྲ་སྒྲིག་ཨང་བསར་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་ནས་སྐྱིད་གྲོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུས་འགོའི་ཇུས་འགོད་ལས་དོན་སྤེལ་འགོ་ཚུགས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་G6ནག་ཆུ་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ལ་ཞིབ་མཆན་འགོད་མགྱོགས་སུ་བཏང་བ་རེད།
      རྒྱལ་ལམ་དང་ཞིང་ཆེན་ལམ་བུ་དཀྱུས་མའི་ཐད་གྲུ་གུ་ལའི་ཕུག་ལམ་དང་སྔས་ལ་ཕུག་ལམ་དང་། རྒྱལ་ལམ་563ལམ་ཐིག་གི་ས་སྐྱ་ཟམ་པ་ནས་ས་སྐྱ་རྫོང་གྲོང་བར། རྒྱལ་ལམ་219ལམ་ཐིག་གི་ས་དགའ་ནས་ཁང་དམར་བར་དང་ཁང་དམར་ནས་མཚོ་སྨད་རྫོང་སྒོ་བསྡུས་ཤང་བར་སོགས་ཀྱི་རྣམ་གྲངས་བདེ་བླག་ངང་བསྐྲུན་ནས་རྒྱལ་ལམ་དང་ཞིང་ཆེན་རིམ་པའི་ལམ་ཤར་གཏོང་ཐུབ་ཚད་སྔར་བས་མཐོ་རུ་ཕྱིན་པ་རེད། རྒྱལ་ལམ་559ལམ་ཐིག་གི་སྤོ་བོ་ནས་མེ་ཏོག་བར་གྱི་གསར་སྐྲུན་བསྐྱར་སྐྲུན་ལས་གྲྭའི་སྣུམ་ནག་གཞུང་ལམ་སྦྲེལ་མཐུད་ཐུབ་སྟེ་ལྗོངས་ཡོངས་ཀྱི་རྫོང་74ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་ཡོད། རྒྱལ་ལམ་318ལམ་ཐིག་གི་འགྲམ་གྲོང་རྡལ་ནས་མཛའ་གྲོགས་ཟམ་པའི་བར་གྱི་དུམ་བུ་དང་། མཛའ་གྲོགས་ཟམ་པ་དང་། ར་སོག་ཟམ་པ་བསྐྱར་སྐྲུན་ལེགས་གྲུབ་བྱུང་ནས་འགྲམ་འགག་སྒོ་ནས་དུས་ཐོག་ཏུ་དངོས་ཟོག་སྐྱེལ་འདྲེན་དང་འགག་སྒོ་སྒྲོལ་བའི་ནུས་པ་སླར་གསོ་ཐུབ་རྒྱུར་འདེགས་སྐྱོར་ཐུབ་པ་རེད།
      འབྲི་ཆུའི་འཁྱིལ་མཚོའི་ཞིང་ཆེན་ལམ་201ལམ་ཐིག་སླར་གསོ་དང་བསྐྱར་སྐྲུན་ལས་གྲྭའི་མེ་ཏོག་ནས་རྫ་ཡུལ་བར་གྱི་གཞུང་ལམ་མདོ་ལུང་སྒང་ནས་སྤུར་གོང་ལའི་དུམ་བུ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད་པ་རེད།
      འཆར་འགོད་བཟོ་སྒྲིག་གི་ཐད《བོད་རང་སྐྱོང་ལྗོངས་རིམ་མཐོའི་གཞུང་ལམ་བཀོད་པའི་འཆར་འགོད(མ་ཟིན)》རྩོམ་སྒྲིག་ཟིན་ནས་རྒྱལ་ཁབ་གཞུང་ལམ་དྲ་བར་ལེགས་སྒྲིག་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་སྙན་སེང་ཞུས་པ་རེད། 《བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་བསླངས་གཟུགས་འགྲིམ་འགྲུལ་དྲ་བའི་འཆར་འགོད(2021ལོ་ནས་2050ལོ་བར)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད》རྩོམ་སྒྲིག་ལ་སྐུལ་འདེད་བདེ་བླག་བཏང་སྟེ《བོད་རང་སྐྱོང་ལྗོངས་གཞུང་ལམ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད(ཞིབ་དཔྱད་ལ་སྐྱེལ་བའི་མ་ཟིན)》དང《བོད་རང་སྐྱོང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གཞུང་ལམ་འཕེལ་རྒྱས་འཆར་འགོད(2019ལོ་ནས་2035བར)》རྩོམ་སྒྲིག་དང་འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་ཀྱི་ཚོད་ལྟའི་རྣམ་གྲངས་ཀྱི་སྙན་སེང་ལས་དོན་སྤེལ་འགོ་ཚུགས་པ་རེད།
      ཞེས་ོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-4 19:11 , Processed in 0.053548 second(s), 20 queries .

返回顶部