日志

༄༅།།བོད་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླ ...

已有 53 次阅读2020-2-11 10:18 |系统分类:见闻


            ༄༅།།བོད་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་ཐོག་མ་སྲོག་ཉེན་ལས་ཐར་བ།
                                    ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། 

                     
                           འདི་ནི་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ཚ་རྒྱས་སྒོ་བསྟེན་སྨན་པས་བརྟག་དཔྱད་འབྲས་བུར་ལྟ་བཞིན་པ།

     2020ལོའི་ཟླ་2ཚེས་7ཉིན་གྱི་ཆུ་ཚོད་24བར། བོད་རང་སྐྱོང་ལྗོངས་ཀྱི་རིམ་རྩིས་སྙན་ཞུའི་ནང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་དཔེ་1ཡོད་པ་དང་། ནད་གཞི་ལྕི་བའི་ནད་དཔེ་དང་། གྲོངས་པའི་ནད་དཔེ། སྨན་ཁང་ནས་དོན་པའི་ནད་དཔེ་བཅས་བྱུང་མེད།
     མིག་སྔར། བོད་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་ཐོག་མ་ཀྲང་ཆེ་གེ་མོར་སྲོག་ཉེན་མེད་པ་དང་། དེ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་མཁན་32ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་ཀྱི་གནས་གཏན་འཁེལ་གྱི་ལོགས་སུ་འཇོག་སའི་ས་ཚིགས་སུ་ཉིན་14ལོགས་སུ་བཞག་ནས་གསོ་རིག་གི་ལྟ་ཞིབ་བྱས་པ་བརྒྱུད། ཚ་བ་རྒྱས་པ་དང་མི་བདེ་བའི་ནད་རྟགས་ཐོན་མེད་པས། གསོ་རིག་གི་ལྟ་ཞིབ་བྱེད་མཚམས་འཇོག་པའི་ཚད་གཞིར་སླེབས་ཏེ། ཟླ་2ཚེས་8ཉིན་ལོགས་སུ་བཞག་ནས་གསོ་རིག་གི་ལྟ་ཞིབ་བྱེད་མཚམས་དངོས་སུ་བཞག་པ་རེད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-18 08:49 , Processed in 0.026920 second(s), 20 queries .

返回顶部