日志

༄༅།།སྙིང་སྟོབས་ཆེན་པོས་འགན་འཁྲི་ཕྲག་ཏུ་ཁ ...

已有 141 次阅读2020-1-17 08:22 |系统分类:见闻


   ༄༅།།སྙིང་སྟོབས་ཆེན་པོས་འགན་འཁྲི་ཕྲག་ཏུ་ཁུར་ཏེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྔར་བས་
               འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ལྷག་པ་འབུལ་དགོས།
                    ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། བསོད་ནམས་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།  བསོད་ནམས་རྒྱལ། 

                                                                                                                                
                  ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བ་གཟབ་རྒྱས་ངང་འཚོགས་འགོ་བརྩམས།

                        ཝང་ཅན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་ལིག་ཉིང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་།


      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས། ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར8དང་བཅིངས་འགྲོལ་དམག་བཅས་ཀྱི་འཐུས་མི་ཚོགས་པ9ཡི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་ཚོགས་འདུར་ཞུགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་མེད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཅིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་ཆེན་ཐུན་མོང་ཐོག་ཇུས་འགོད་བྱས་པ་རེད།

      ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་འཐུས་མི391ཞུགས་དགོས་པ་དང་། དངོས་སུ་འཐུས་མི369ཞུགས་ཡོད་པ་དེ་ཁྲིམས་ལུགས་ཀྱི་གཏན་ཁེལ་མི་གྲངས་དང་མཐུན་ཡོད།

      སྔ་དྲོའི་ཆུ་ཚོད9པར་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་འགོ་ཚུགས་པ་རེད།

      ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་གྱིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་རེད།

      ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཀོང་རུང་དང་། མ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུང་། ཝུའུ་ཧའེ་ཁུང་། ལིག་ཐུང་ཏེ།  ཅ་ཡུན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

      ཚོགས་ཆེན་ལ་བསྡོམས་པས་གྲོས་རིམ་ཁག་གསུམ་ཡོད་པ་སྟེ། གཅིག་ནི་ཧྲིན་ཀྲང་ལིག་ཉིང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བར་ཉན་རྒྱུ་དང་། གཉིས་ནི་མཚོ་སྔོན་ཞིང་ཆེན་གྱི2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་མ་ཟིན་གྱི་སྙན་ཞུར་ཞིབ་བཤེར་བྱ་རྒྱུ། གསུམ་ནི་མཚོ་སྔོན་ཞིང་ཆེན་གྱི2019ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2020ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ལ་ཞིབ་བཤེར་བྱ་རྒྱུ་བཅས་ཡིན

      སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ལིག་ཉིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ་བ་རེད། སྙན་ཞུར་བསྡོམས་པས་ཁག་བཞི་ཡོད་པ་སྟེ། གཅིག་ནི2019ལོའི་བྱ་བ་ལ་ཕྱིར་དྲན་བྱེད་པ་དང་། གཉིས་ནི2020ལོའི་བྱ་བའི་སྤྱིའི་བླང་བྱ་འདོན་པ། གསུམ་ནི2020ལོའི་གཙོ་གནད་བྱ་བའི་ལས་འགན་གཏན་འཁེལ་བྱེད་པ། བཞི་ནི་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་བཅས་ཡིན།

      ལིག་ཉིང་གིས་འདས་ཟིན་པའི་ལོ་གཅིག་ནི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཕྱིའི་ཁོར་ཡུག་སྣ་མང་རྙོག་འཛིང་ཆེ་བ་དང་ཉེན་ཁའི་འགྲན་སློང་མངོན་གསལ་གྱིས་ཇེ་མང་དང་གནོན་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བའི་གནས་བབ་ཛ་དྲག་ལ་ཁ་གཏད་ནས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག་ང་ཚོས་དུས་རབས་གསར་བའི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”པའི་བརྗོད་དོན་སློབ་གསོར་བརྟེན་ནས་བསམ་བློ་སྦྱོང་བརྡར་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་“བརྟན་ལྷིང་དྲུག་”གི་ལས་དོན་ནན་ཏན་ངང་ཡག་པོར་སྒྲུབ་པ་དང་། ཁྱོན་ཡོངས་ནས་“ཏན་ཏན་ཏིག་ཏིག་བཞིའི་”བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་བཏང་ཞིང་། བསྒྱུར་བཅོས་སྒོ་འབྱེད་བྱེད་རིང་དུ་བསྒྱུར་བཅོས་ལ་བརྟེན་ནས་སྐུལ་འདེད་བྱེད་པ་དང་། འགྲན་སློང་གི་ཁྲོད་བརྟན་བརླིང་གིས་འགྱུར་ལྡོག་ལ་ཁ་གཏད་པ་མ་ཟད། ཉེན་ཁ་སེལ་བའི་ཁྲོད་འཕེལ་རྒྱས་ཀྱིས་བརྟན་བརླིང་སྲ་བརྟན་དུ་བཏང་བས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་གཞི་རྩའི་ཐོག་ལེགས་གྲུབ་བྱུང་ལ། “ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་མངོན་འགྱུར་བྱེད་ཚད་སྔོན་དཔག་དང་མཐུན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད། དམངས་འཚོའི་དོན་དངོས་ཁས་ལེན་བྱས་པ་ཚང་མ་མངོན་འགྱུར་བྱུང་ཡོད། དབུལ་ཕོངས་དབུལ་ནག་གི་མི་འབོར་དུས་བཅད་ལྟར་དབུལ་ཐར་བྱས་པ་དང་། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བདེ་བླག་ངང་འཚོགས་ཤིང་། ཁེ་ལས་སྟོབས་ལྡན་ལྔ་བརྒྱའི་མཐོ་རིམ་གྲོས་ཚོགས་ཀྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ལ། དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་གསར་པའི་རྣམ་པ་འཚོལ་ཞིབ་བྱས་ཡོད། “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོང་དང་ཕན་ནུས་ཆེ་རུ་བཏང་ཞིང་། མ་མཐའི་གོ་རྟོགས་ཀྱིས་ཉེན་ཁ་ཆེན་པོ་འབྱུང་བར་སྔོན་འགོག་ཚོད་འཛིན་དང་། འགྲོ་གྲོན་སྲི་ཚགས་དང་ཡིད་རྟོན་ངན་འཇོམས་བཅས་ཀྱི་ཕན་ནུས་མངོན་གསལ་བསྐྲུན་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ནུས་ཤུགས་གཅིག་ཏུ་སྒྲིལ་ཡོད་ཅེས་གསུངས།

     ལོ་གཅིག་གི་རིང་ལ་ང་ཚོས་ཐོག་མའི་བསམ་འདུན་ལ་བརྟེན་ནས་ལས་འགན་སྒྲུབ་པ་དང་འབད་འབུངས་ཡར་བརྩོན་གྱི་ལེའུ་གསར་བའི་འགོ་བརྩམས་ཡོད། སྔོན་དཔག་ལྟར་ན་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང6.5%ཡས་མས་འཕར་བ་དང་། ཞིང་ལས་དང་གཞི་ཁྱོན་ཅན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་སོ་སོར་4.6%དང7%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་དང་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སོ་སོར5%དང5.4%འཕར་ལ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ3.4%འཕར་ཡོད། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་ལེགས་པོར་སྒྲུབ་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ལ། ཕན་ནུས་ལྡན་པའི་སྒོ་ནས་དགོས་མཁོ་རྒྱ་སྐྱེད་བཏང་ཞིང་། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་པ། བསྒྱུར་བཅོས་གཏིང་ཟབ་དང་སྒོ་འབྱེད་རྒྱ་བསྐྱེད་རྒྱུན་འཁྱོངས་བྱས་པ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་གང་ལེགས་བྱས་པ།  སྲིད་གཞུང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཤུགས་སྣོན་བཅས་བྱས་ཡོད།

      ལིག་ཉིང་གིས་གསུངས་དོན། ལོ་གཅིག་རིང་གི་ལས་དོན་ལ་བརྟེན་ནས་ང་ཚོས་སྲིད་གཞུང་གི་ལས་དོན་ལེགས་པོར་བསྒྲུབས་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་དང་། “འདུ་ཤེས་བཞི”བརྟན་པོར་བཙུགས་ནས་བློ་བརྟན་འགྱུར་མེད་ཀྱིས“ཡིད་རྟོན་བཞི”ཇེ་བརྟན་དུ་བཏང་སྟེ“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས་པ་དང་། ངེས་པར་དུ་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་གནང་དགོས་ཤིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་དགོས་པ་དང་། ཧུར་བརྩོན་དང་རང་འགུལ་ངང་ལས་དོན་ལེགས་པོར་སྒྲུབ་པ། ངེས་པར་དུ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང”པ་དེ་ཡུན་རིང་གི་སློབ་སྟོན་དུ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས་ཤིང་། མུ་མཐུད་དུ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་གཏོད་སྲོལ་འབྱེད་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འབུངས། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཐོག་མའི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པའི་ངེས་ཤེས་སྐྱེས་ཡོད།

      ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་ལེན་མཐར་ཕྱིན་མཐའ་གཅིག་ཏུ་བྱེད་པ། “འདུ་ཤེས་བཞི”བརྟན་པོར་བཙུགས་ནས་བློ་བརྟན་འགྱུར་མེད་ཀྱིས“ཡིད་རྟོན་བཞི”ཇེ་བརྟན་དུ་བཏང་སྟེ“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས། བརྟན་བརླིང་ཁྲོད་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་སྤྱིའི་ལམ་ཕྱོགས་དང་འཕེལ་རྒྱས་གསར་བའི་འདུ་ཤེས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་གཙོ་གནད་དུ་འཛིན་པ། བཅོས་བསྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་འཛིན་པ་བཅས་རྒྱུན་འཁྱོངས་བྱེད་དགོས། འགག་སྒྲོལ་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར“བརྟན་ལྷིང་དྲུག”གི་ལས་དོན་ཡག་པོར་བསྒྲུབ་དགོས་པ་དང“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་ནས་སྟོབས་ཤུགས་ཆེར་སྐྱེད་ཀྱིས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏོང་བ་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཏེ། “དཔལ་འབྱོར་གྱི་རྣམ་པ་བཞིའི”སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། སྔོ་ལྗང་འཕེལ་རྒྱས་ཀྱི་རྣམ་པ་རིམ་སྤར་མཐོར་འདེགས་བྱེད་པ། འཕར་སྣོན་བརྟན་འཇགས་དང་བསྒྱུར་བཅོས་སྐུལ་སྤེལ། གྲུབ་ཚུལ་ལེགས་སྒྲིག   དམངས་འཚོར་གཟིགས་སྐྱོང་། ཉེན་ཁ་སྔོན་འགོག   བརྟན་བརླིང་འགན་སྲུང་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས། སྲིད་གཞུང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་སྤེལ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བར་ཁག་ཐེག་བྱེད་དགོས།

      ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། གཅིག ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང6%ནས6.5%འཕར་རྒྱུ། འདེགས་སྐྱོར་རིགས་ཀྱི་འཕེལ་རྒྱས་དམིགས་ཚད་ཁྲོད་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང7%འཕར་རྒྱུ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་བསྡོམས་འབོར7%འཕར་རྒྱུ། ཐོན་ལས་དང་པོའི་འཕར་བའི་རིན་ཐང4.6%འཕར་རྒྱུ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང6.5%འཕར་རྒྱུ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཉམ་དུ་འཕར་རྒྱུ་བཅས་ཡིན། གཉིས། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཀ་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད85%ཡན་དང་། གྲོང་ཁྱེར་གཙོ་བོར82%ཡན་བརྟན་འཇགས་ཡོང་རྒྱུ་དང་། ཙོང་ཆུའི་ཞིང་ཆེན་ཕྱིའི་བཞུར་རྒྱུད་ཀྱི་ཆུའི་སྤུས་ཚདⅣདང་རིམ་པ་Ⅲཡི་ཆུའི་སྤུས་ཚད་ཀྱི་བསྡུར་ཚད50%ཡན་ལ་སླེབས་རྒྱུ། དུས་མཚུངས་སུ་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་ས་ངོས་ཀྱི་ཆུའི་སྤུས་ཀ་ལེགས་པའི་ཚད90%ཡན་ཟིན་རྒྱུ་དང་། གཙང་བོ་ཆེན་པོ་གསུམ་གྱི་ཆུ་སྤུས་ལེགས་པའི་ཚད100%ལ་སླེབས་རྒྱུ། མཚོ་སྔོན་པོ་དང་ཚ་རྔ་འགག་སོགས་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ལེགས་པོ་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ། ནུས་གྲོན་ཐན་ཉུང་དང་བཙོག་ཆུ་འཕུད་ཚད་རྒྱལ་ཁབ་ཀྱི་གཏན་འཁེལ་གྱི་དམིགས་ཚད་ནང་ཚོད་འཛིན་བྱ་རྒྱུ་བཅས་ཡིན། གསུམ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མཐོ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། ལས་ཞུགས་ལ་སྐུལ་འདེད་དང་ཟོང་གོང་བརྟན་འཇགས་ལ་ཤུགས་སྣོན་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི6གསར་དུ་འཕར་སྣོན་འབྱུང་རྒྱུ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་བྱེད་ཚད་མི་ཐེངས་ཁྲི105ལ་སླེབས་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%མན་ལ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ་བཅས་ཡིན། བཞི། ནུས་ཁུངས་གཙང་མའི་གློག་འདོན་ཚད90%ཡན་ལ་སླེབས་རྒྱུ་དང་། རྫས་ལུད་དང་ཞིང་སྨན་ཉུང་འཕྲི་དང་ཕན་འབྲས་ཆེ་རུ་གཏོང་བའི་ཚོད་ལྟའི་གཞི་ཁྱོན་མུའུ་ཁྲི300ལ་སླེབས་དགོས་པ་དང་། མཛེས་སྡུག་གི་གྲོང་ཁྱེར་དང་གྲོང་རྡལ10དང་མཐོ་སྒང་གི་མཛེས་སྡུག་གྲོང་སྡེ300འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི60%ཡི་རྫོང(གྲོང་ཁྱེར་དང་ཆུས)རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དུ་བསྐྲུན་ནས། རབ་མཛེས་མཚོ་སྔོན་གྱི་ཁྱད་ཆོས་སྔར་ལས་གསལ་པོར་བཏོད་དགོས།

       ལིག་ཉིང་གིས་ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་འགྲུབ་བྱེད་པར་ཕྱོགས་དྲུག་ནས་དམ་འཛིན་ལེགས་པོ་བྱ་དགོས་པར་བསྟན་ཡོད་དེ། གཅིག་ནི་འདུ་ཤེས་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། “དཔེ་སྟོན་ཞིང་ཆེན་ལྔ་”དང་“དཔལ་འབྱོར་གྱི་རྣམ་པ་བཞི་”དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་ལག་ལེན་ཏུ་བརྩིས་ཏེ།“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་ཤུགས་ཀྱིས་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རིམ་སྤོར་བྱེད་དགོས། གཉིས་ནི་དགོས་མཁོ་དང་སྒྲུབ་ཐུབ་པ་གཉིས་ཀར་དོ་སྣང་བྱེད་དགོས། བརྟན་བརླིང་ཁྲོད་འཕེལ་རྒྱས་གཏོང་བའི་བྱ་བའི་སྤྱིའི་ཐབས་ལམ་ཁོང་དུ་ཆུད་པར་བྱས་ཏེ། གནོན་ཤུགས་དང་ལྷན་དུ་རང་ནུས་གང་ཡོད་ཀྱིས་མདུན་སྐྱོད་བྱེད་པ་དང་། ཧུར་བརྩོན་གྱིས་སྔར་ལས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་དགོས། གསུམ་ནི་འཕེལ་རྒྱས་དང་སྲུང་སྐྱོང་གཅིག་གྱུར་བྱེད་དགོས། འཕེལ་རྒྱས་ཀྱི་གཙོ་གནད་དང་སྲུང་སྐྱོང་གི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། རང་བྱུང་གི་སྐྱེ་ཁམས་ཐེག་ནུས་དང་མིའི་རིགས་ཀྱི་སྤྱི་ཚོགས་དོ་དམ་སྡེ་ཚན། རང་བྱུང་གི་སྐྱེ་ཁམས་ཐེག་ནུས་དང་མིའི་རིགས་ཀྱི་འཕེལ་རྒྱས་ཐོན་སྐྱེད་ནུས་ཤུགས་ཀྱི“མཉམ་སྡེབ་གཉིས་”མངོན་འགྱུར་བྱེད་དགོས། བཞི་ནི་ཆོས་ཉིད་དང་སྔོན་དཔག་ཁོང་དུ་ཆུད་པར་བྱེད་དགོས། “བརྟན་བརླིང་དྲུག་”གི་ལས་དོན་དམ་འཛིན་གང་ལེགས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱིཡིག་བརྒྱད་མའི་བྱེད་ཕྱོགསཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། དགོས་མཁོར་བསྟུན་ནས་དགོས་མཁོར་དོ་སྣང་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཁ་གཏད་ནས་བརྟན་འཇགས་ཀྱི་སྔོན་དཔག་ཆགས་པར་བྱེད་དགོས། ལྔ་ནི་གསར་གཏོད་དང་དོན་འཁྱོལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། གསར་གཏོད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། གསར་གཏོད་ཀྱི་ནུས་པ་དང་དངོས་འབེབས་ལས་ཕྱོད་མཐོར་འདེགས་སུ་བཏང་སྟེ། སྒྲིག་སྲོལ་དང་ལམ་སྲོལ་གྱི་དགག་རྐྱེན་སེལ་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བར་གསོན་ཤུགས་བསྣོན་དགོས། དྲུག་ནི་གོ་སྐབས་དང་ཉེན་ཁ་ལ་ཁ་གཏད་འཇལ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་པར་ཧུར་ཐག་བྱས་ཏེ་ཕྱིས་གྱོང་སྔ་དྲན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གོ་སྐབས་དང་གནས་བབ། ནུས་ཤུགས་ལ་བརྟེན་ནས་བརྟན་བརླིང་གི་སྐབས་སུ་ཉེན་ཁ་དང་སེམས་ཁྲལ་མི་བརྗེད་པར། མཐོ་སར་ལངས་ནས་དམའ་སར་བརྟན་སྲུང་བཅས་བྱས་ཏེ། མ་མཐའི་གོ་རྟོགས་བརྟན་སྲུང་བྱེད་པའི་ཁྲོད་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

      ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་བླང་བྱ་མཐོ་ཞིང་ལས་འགན་ལྕི་བ། འགྲན་སློང་མང་བ་བཅས་ཡིན་པས་ཕྱོགས་བཅུའི་ཐད་ནས་གཙོ་གནད་ལས་དོན་ལ་དམ་འཛིན་བྱེད་དགོས་ཏེ། གཅིག་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པ་དང་། གཉིས་ནི་བློ་ཐག་རྦད་ཆོད་ཀྱིས་འགག་སྒྲོལ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་དགོས། གསུམ་ནི་“དཔེ་སྟོན་ཞིང་ཆེན་ལྔ་”འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས། བཞི་ནི་“དཔལ་འབྱོར་གྱི་རྣམ་པ་བཞིའི་”སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རགས་སྲ་བརྟན་དུ་གཏོང་དགོས། དྲུག་ནི་རྨ་ཆུ་དང་འབྲི་ཆུའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཞུགས་དགོས།བདུན་ནི་དཔལ་འབྱོར་བརྟན་བརླིང་ངང་འཕར་བར་ཤུགས་ཡོད་སྒོས་རྒྱུན་འཁྱོངས་བྱེད་དགོས། བརྒྱད་ནི་ནུས་ཤུགས་ཡོད་རྒུས་བཅོས་བསྒྱུར་སྒོ་འབྱེད་ཀྱི་གསར་སྐྲུན་ལ་སྐུལ་སྤེལ་བྱེད་དགོས། དགུ་ནི་ཕྱོགས་ཡོངས་ནས”ལོ་ལྔའི་ཚན་བཅུ་གསུམ་པའི“འཆར་འགོད་ལེགས་འགྲུབ་བྱེད་དགོས། བཅུ་ནི་མུ་མཐུད་དུ་དམངས་འཚོའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས།

      ལིག་ཉིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་དང་།  སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ཏེ། མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས། ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་ཨང་དང་པོར་བཞག་སྟེ། གཞི་རྩའི་ཆ་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་བྱ་བའི་སྤྱོད་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། སྲིད་གཙང་སྤྱོད་བཟང་ལ་ཤུགས་བསྣན་ནས“འཚོ་བ་བཀྲེན་པོ་བྱེད་པའི”འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཡང་དག་པའི་འོག་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་ཏེ། དཀའ་སྤྱད་འབད་འབུངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། སྔར་བས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འབུལ་དགོས།

      གཞན་ཀྲུའུ་ཞི་སྟེགས་བུའི་ཐོག་རྡོ་རྗེ་རབ་བརྟན་དང་། རིན་ཆེན་རྒྱལ། པད་མ། ཝང་ཞའོ། མགོན་པོ་བཀྲ་ཤིས། ཀྲང་ཞི་མིང་། ལིས་ཅེ་ཞང་། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི། མ་ཅུས་ཞའོ། ཆུས་ཞིན་ཡུང་། ཡན་པའེ། ཁོང་ཡུང་། ཝང་ལིས་མིང་། དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲོའུ་ཁྲིན། གཟིམ་ཁང་། ཀྲང་ཝུན་ཁའེ། མཱ་ཧེ་ཡུན། ཝང་ཞོན། ཏུའུ་ཏིག་ཀྲི། མཱ་ཀྲི་ཝེ། དབྱང་ཁའོ་ཞང་། ཁྲིན་མིང་གོ མོང་ཡུང་ཧྲན་སོགས་བཞུགས་ཡོད།

      བློ་མཐུན་རྒན་པ་སྟག་འབུམ་ཐར་དང་། སུའུ་ཉིན། དབང་མོ་བཅས་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

      ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཨུ་ཡོན་ཚང་མ་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



 8

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-18 08:15 , Processed in 0.029006 second(s), 20 queries .

返回顶部