日志

༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོག ...

已有 101 次阅读2020-1-17 07:49 |系统分类:见闻


༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
                         ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཀླུ་འབུམ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

                                  

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད། ཚོགས་ཞུགས་འཐུས་མི391ཡོད་དགོས་པ་དང་། དངོས་ཞུགས་འཐུས་མི368ཡོད་པས་ཁྲིམས་ཀྱིས་གཏན་འཁེལ་བའི་མི་གྲངས་དང་མཐུན།

      ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀའོ་ཧྭ་ཡིས་གྲོས་ཚོགས་ལ་འགོ་འཛིན་གནང་།

      ལག་བསྟར་ཀྲུའུ་ཞི་ཝང་ཞའོ་དང་། ཀའོ་ཧྭ། ཀྲང་ཝུན་ཁའེ། ཝུན་ཀའོ་ཏུང་། ཝུའུ་ཏེ་ཅུན། ཝུའུ་ཡུས་ཀྲང་། ཝང་ཀྲེན་ཁྲང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

      ཝང་ཅན་ཅུན་དང་། ལིག་ཉིང་། རྡོ་རྗེ་རབ་བརྟན། མགོན་པོ་བཀྲ་ཤིས། ཀྲང་ཞི་མིང་། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚུང་ལེ། མཱ་ཅི་ཞའོ། ཆུས་ཞིན་ཡུང་། ཡན་པའེ་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད་པ་རེད།

      གྲོས་ཚོགས་ཀྱིས་སྔ་གཞུག་ཏུ་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་ཕུལ་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིང་གོ་ཡིས་ཕུལ་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་བཤེར་ཁང་གི་འགོ་བ་མིན་ཡུང་ཧྲན་གྱིས་ཕུལ་བའི་ཞིང་ཆེན་མི་དམངས་ཞིབ་བཤེར་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

      ཀྲང་ཀོང་རུང་གིས་སྙན་ཞུ་ནང2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་ལོ་ཡིན་ལ། ས་གནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ40འཁོར་བར་དྲན་གསོ་ཞུ་བའི་ལོ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ནན་ཏན་གྱིས་ལག་ལེན་དུ་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཡོད། ཁྲིམས་འཛུགས་ཀྱི་སྤུས་ཚད་མངོན་གསལ་དོད་པོའི་སྒོ་ནས་ཁྱད་ཆོས་ལྡན་ཞིང་ཞིབ་ཚགས་ལྡན་པ་མངོན་འགྱུར་བྱས་པ་དང་། ལྟ་སྐུལ་བྱེད་སྟངས་གསར་གཏོད་བྱས་ནས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ་དང་། ཁྲིམས་བཀོད་འགན་འཁྲི་ལྟར་བསྐོ་འཐེན་ཐག་གཅོད་ལེགས་པོ་བྱས་ཤིང་། འཐུས་མིའི་ཁེ་དབང་ལ་བརྩི་འཇོག་དང་འཐུས་མིའི་ནུས་པ་འདོན་སྤེལ། རྒྱུན་མཐུད་དང་དངོས་སྒྲུབ་དོན་གཉེར་བྱས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་རེད། 2020ལོར་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་བ་དང་། གཟབ་ནན་གྱིས་“དམངས་འཐུས་ཚོགས་ཆེེན་གྱི་ལས་དོན་དོན་འཁྱོལ་བྱེད་པའི་ལོ”ཞེས་པའི་བྱེད་སྒོ་སྤེལ་ཏེ། ལམ་ལུགས་ཀྱི་དགེ་མཚན་བཅོས་སྐྱོང་དང་ཕན་ནུས་དངོས་འབེབས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་གསུངས་པ་མ་ཟད། “ཏང་ལ་བློ་དཀར་བའི་ཆབ་སྲིད་ལས་ཁུངས་”དང་། “ཕྱོགས་ཡོངས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་དབང་ཆའི་ལས་ཁུངས། ”“དམིགས་འབེན་ལག་བསྟར་བྱེད་པའི་འཐུས་ཚབ་ལས་ཁུངས། ”“དངོས་སྒྲུབ་འགན་འཁུར་གྱི་དཔེ་སྟོན་ལས་ཁུངས་”བཅས་འཛུགས་སྐྲུན་ལ་སྟོབས་ཤུགས་ཆེན་པོ་ཕུལ་ནས། བསྒྱུར་བཅོས་གསར་གཏོད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། “ལྔ་བཞིའི་འཐབ་ཇུས་”ལག་བསྟར་གཏིང་ཟབ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྔར་བས་ལེགས་སྐྱེས་གསར་པ་འབུལ་དགོས་པར་གསུངས། 

      ཁྲེན་མིང་གོ་ཡིས་སྙན་སྒྲོན་ནང2019ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་ཆེད་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་ཏེ“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་ཁྲིམས་འཛིན་འགན་ལེན་ལ་ནུས་པ་ལྡན་པར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི120768བདག་སྤྲོད་བྱས་པ་དང་། གྱོད་གཞི110507ཐག་གཅོད་བྱས་པ་དེ་དུས་མཚུངས་ལས25.09%དང26.43%གྱིས་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་གྱོད་གཞི2488བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས1.19%ཡིས་མར་ཆག་པ་དང་། གྱོད་གཞི2192ཐག་གཅོད་བྱས་པ་དེ་དུས་མཚུངས་ལས5.94%ཡིས་འཕར་ཡོད། 2020ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་ཐོག་བསྐྱོད་པ་དང་། “ལེགས་གཅིག་མཐོ་གཉིས་”ཀྱི་འཐབ་ཇུས་ལག་བསྟར་ཁྲིམས་ལྟར་འགན་ལེན་བྱེད་པ། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་དང་། ཁྲིམས་འཛིན་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྲ་བརྟན་གྱི་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་ནས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་འགན་ནུས་ཀྱི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་ཡིན་པར་གསུངས། 

      མོང་ཡུང་ཧྲན་གྱིས་སྙན་ཞུའི་ནང2019ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ནན་ཏན་གྱིས་དོན་འཁྱོལ་བྱས་ནས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཞིབ་དཔྱོད་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱས་པ་དང་། ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྔར་བས་རང་འགུལ་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ། འདྲ་མཉམ་དྲང་བདེན་གྱི་རིན་ཐང་འཚོལ་སྙེག་རྒྱུན་འཁྱོངས་བྱས་ཏེ། “ཞིབ་དཔྱོད་ཆེན་པོ་བཞི”ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ཞིང་། དམངས་ཆེད་ཞིབ་དཔྱོད་ལས་དོན་ཡག་པོ་བསྒྲུབས་ནས་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་བསྐངས་པ། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་དང་ཞིབ་དཔྱོད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྒྱུར་བཅོས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་ནན་གྱིས་ཏང་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་བྱང་ཚད་མཐོ་བའི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱས་པ་ཡིན་པར་གསུངས་ལ། 2020ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། “ལེགས་གཅིག་མཐོ་གཉིས་”ཀྱི་འཐབ་ཇུས་ལག་བསྟར་ལ་ཞབས་འདེགས་དང་འགན་ལེན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། བཅའ་ཁྲིམས་ལྟ་སྐུལ་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། སྲ་བརྟན་གྱི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས་པར་གསུངས། །

       ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-24 03:45 , Processed in 0.028510 second(s), 20 queries .

返回顶部