日志

༄༅།།བོད་ལྗོངས་ཀྱིས་ཆོས་ལུགས་ལས་རིགས་མི་ས ...

已有 189 次阅读2020-1-4 16:51 |系统分类:见闻


                  ༄༅།།བོད་ལྗོངས་ཀྱིས་ཆོས་ལུགས་ལས་རིགས་མི་སྣའི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ།
                                ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

                    
                   འདི་ནི་བོད་ལྗོངས་ཀྱིས་ཆོས་ལུགས་ལས་རིགས་མི་སྣའི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་བཞིན་པ་རེད།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་12པའི་ཚེས་31ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་རིགས་མི་སྣའི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣ་མཉམ་འཛོམས་ཀྱིས་ཕན་ཚུན་མཇལ་དར་འབུལ་བ་དང་ཕན་ཚུན་སྨོན་འདུན་ཞུ་བ། མཛའ་གྲོགས་ཀྱི་བརྩེ་བ་གླེང་བ་བཅས་ཀྱིས་མཉམ་དུ་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད། 
      འདས་ཟིན་པའི་2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བའི་ལོ་ཞིག་དང་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་བཅད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གནད་འགག་གི་ལོ་ཞིག་ཀྱང་རེད། ལོ་དེར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། གོ་སྐབས་དམ་འཛིན་དང་འབད་འབུངས་མདུན་སྐྱོད་བྱས་པས་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་སྐས་རིམ་གསར་པར་སླེབས་ཡོད། 
      “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་གཙོ་བོའི་མྱུར་ཚད་སྔོན་དཔག་དང་མཐུན་པ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གོ་རིམ་ལྡན་པའི་ངང་སྤེལ་བ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་པ། དབུལ་ཐར་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་འཕེལ་རྒྱས་ཆེན་པོ་བྱུང་བ། སྤྱི་ཚོགས་ཀྱི་སྒྲིག་རིམ་རྒྱུན་མཐུད་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ཡག་པོ་རྒྱུན་འཁྱོངས་ཐུབ་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། 
      བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡུས་ཡུན་ཀུའེ་ཡིས། ཆོས་ལུགས་ཁྱབ་ཁོངས་ཀྱི་ངོས་ནས་བརྗོད་ན། 2019ལོར་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བརྗེའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཤིང་། “ཚད་གཞི་བཞིར་བརྩི་བཀུར་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་བ་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འགྲེམས་སྟོན་དང་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་གཉེར་བ་རེད། ལག་ལེན་དངོས་ཀྱི་ཐོག་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ལྟའི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་བྱུང་བ། ཆོས་ལུགས་ལས་རིགས་ཚུད་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ར་སྤྲོད་གནང་ཡོད་པ་རེད་ཅེས་བསྟན་བྱུང་། 
      2020ལོ་ནི་བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུ་བའི་ལོ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྤྲུལ་སྐུ་བློ་བཟང་པ་འཕྲིན་ལས་ཆོས་བཟང་གིས་ཤིས་ཚིག་གསུང་སྐབས་ལོ་གསར་གྱི་སྨོན་འདུན་དང་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུས་པ་རེད། 

                     
                             འདི་ནི་སྤྲུལ་སྐུ་བློ་བཟང་པ་འཕྲིན་ལས་ཆོས་བཟང་གིས་གསུང་བཤད་གནང་བཞིན་པ་རེད།

      བློ་བཟང་པ་འཕྲིན་ལས་ཆོས་བཟང་གིས་ཆོས་ལུགས་ལས་རིགས་མི་སྣས་ཏང་ལ་དགའ་ཞེན་དང་རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ། ཏང་དང་སྲིད་གཞུང་དང་བློ་གཅིག་སེམས་གཅིག་དང་། བློ་སེམས་གཅིག་སྒྲིལ། བློ་སེམས་གཅིག་མཐུན་བཅས་ཡོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྔར་བས་སྐུལ་འདེད་བཏང་ནས།བོད་ལྗོངས་ཀྱི་དད་ལྡན་མང་ཚོགས་སྣེ་ཁྲིད་དེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བྱས་རྗེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-17 17:39 , Processed in 0.026787 second(s), 20 queries .

返回顶部