日志

༄༅།།2019ལོའི་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུ ...

已有 338 次阅读2020-1-1 16:15 |系统分类:见闻


                                    ༄༅།།2019ལོའི་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ཚ་ཤོས་བཅུ།
                           ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར། རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

                                                               

      ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་བགྲོ་གླེང་སྐབས་དང་པོར་རྟེན་འབྲེལ་ཞུ་ཡིག་གནང་བ། 

      ཟླ8པའི་ཚེས19ཉིན། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་སྒྲུབ་པའི་རྒྱལ་ཁབ་སྤྱི་གླིང་བགྲོ་གླེང་སྐབས་དང་པོ་ཟི་ལིང་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་གནང་། ཟླ8པའི་ཚེས20ཉིན། ་རྒྱལ་ཁབ་སྤྱི་གླིང་བགྲོ་གླེང་སྐབས་དང་པོ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། ཚོགས་ཐོག་ཏུ་རྒྱལ་ཁབ་སྤྱི་གླིང་བགྲོ་གླེང་གི《ཟི་ལིང་གི་ཐུན་མོང་ངོས་འཛིན》ཞེས་པར་གྲོས་མཆན་བྱུང་།

       ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་བསྡུས་པ། 

      ཟླ7པའི་ཚེས22ཉིན་ནས་ཚེས23ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་བསྡུས། གྲོས་ཚོགས་ལས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་ཐབས་ཇུས་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ་དང་། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གསར་བ་འཛུགས་སྐྲུན་བྱེད་པ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གསར་བའི་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་བཀོད་སྒྲིག་བྱས། 

      ཟླ12པའི་ཚེས25ཉིན་ནས་ཚེས27ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་བསྡུས། གྲོས་ཚོགས་ལས་ད་ལོའི་བྱ་བར་སྤྱི་བསྡོམས་བྱས་པ་དང་། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། ད་རུང་སང་ལོའི་བྱ་བར་བཀོད་སྒྲིག་བྱས། 

       ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པའི་བྱ་འགུལ་པེ་ཅིན་ནས་བསྡུས་པ། 

      ཟླ11པའི་ཚེས26ཉིན།  “དུས་རབས་གསར་བའི་ཀྲུང་གོ.རབ་མཛེས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་འཛམ་གླིང་ལ་ཆས་པ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པའི་བྱ་འགུལ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་འོས་སྦྱོར་བྱ་འགུལ་ལས། ཁྱོན་ཡོངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། སྔར་ལས་ལྷག་པར་བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་མཚོ་སྔོན་གྱི་རྒྱལ་སྤྱིའི་མཚན་སྙན་མཐོར་འདེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ140ལྷག་གི་ཀྲུང་གོ་རུ་སྡོད་པའི་ཕྱི་འབྲེལ་བློན་ཆེན་དང་ཀྲུང་གོ་རུ་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་འཐུས་མི། བཟོ་ཚོང་ལས་རིགས་ཀྱི་འཐུས་མི། དེ་མིན་ཀྲུང་ཕྱིའི་ཆེད་ལས་མཁས་པ་དང་སྨྱན་བྱད་སྡེ་ཁག་གི་གསར་འགོད་པ་སོགས་མི500ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཡོད། 

      2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་གྲགས་ཅན500ཡི་མཐོ་རིམ་གྲོས་ཚོགས་ཟི་ལིང་ནས་བསྡུས་པ། 

      ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར། 2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་གྲགས་ཅན500ཡི་མཐོ་རིམ་གྲོས་ཚོགས་ཟི་ལིང་ནས་བསྡུས་པ་དང་། འདི་ནི་ནུབ་རྒྱུད་ཞིང་ཆེན་དུ་སྤེལ་བའི་ཁེ་ལས་གྲགས་ཅན500ཡི་མཐོ་རིམ་གྲོས་ཚོགས་ཐེངས་དང་པོ་རེད། ཚོགས་ཞུགས་ཁེ་ལས་པ་དག་གིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གླེང་མོལ་བྱེད་པ་དང་མཚོ་སྔོན་དུ་མ་དངུལ་གཏོང་བའི་ཐད་ནས་བསམ་བློ་བརྗེ་རེས་བྱས། 

       རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཞིང་ཆེན་འཛུགས་སྐྲུན་རང་ཞིང་དུ་སྤེལ་འགོ་བརྩམས་པ།

      ཟླ6པའི་ཚེས11ཉིན། “རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་མ་ལག་ཚོད་ལྟའི་ཞིང་ཆེན་འཛུགས་སྐྲུན”སྤེལ་འགོ་རྩོམ་པའི་ཚོགས་འདུ་ཟི་ལིང་ནས་བསྡུས། མཚོ་སྔོན་ནི་སྔོན་དུ་ཚོད་ལྟ་བྱེད་སའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། མི་དང་རང་བྱུང་གཉིས་འཆམ་མཐུན་འཕེལ་རྒྱས་ཡོང་བ་བཅས་ཀྱི་ཐད་ནས་འཚོལ་ཞིབ་དང་ཉམས་མྱོང་བསྡུ་ལེན་བྱེད་རྒྱུ་རེད། 

       རང་ཞིང་གིས་ཁྱོན་ཡོངས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཚོད་ལྟའི་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་རེད། 

      ཟླ3པའི་ཚེས1ཉིན། མཚོ་སྔོན་ཞིང་ལས་དང་ཞིང་སྡེ་པུའུ་གཉིས་ཀྱིས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་པུའུ་དང་ཞིང་ཆེན་གཉིས་ཀྱི་མཉམ་སྐྲུན་དཔེ་སྟོན་ཞིང་ཆེན་གྱི་སྒྲིག་གཞི་གྲོས་ཆོད་ཡི་གེའི་སྟེང་མིང་རྟགས་བཀོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལ་སྐྲུལ་འདེད་དང་། སྔོན་འགྲོ་གཅིག་དང་མཐོ་བ་གཉིས་ཀྱི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་ལག་རྩལ་དང་འཕེལ་རྒྱས་ཀྱི་རྣམ་པའི་བསྒྱུར་བཅོས་ཆེན་པོ་ཞིག་ཡིན་པ་རེད།

       མཚོ་སྔོན་གྱི་ཟ་ལར་རིགས་དང་ཧོར་རིགས་ཚང་མ་དབུལ་ཐར་བྱུང་བ།

      ཟླ5བའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཅུང་ཉུང་བའི་ཟ་ལར་རིགས་དང་། ཧོར་རིགས་གཉིས་དབུལ་ཐར་བྱུང་བ་རེད། མཚམས་སྦྱོར་བྱས་པ་ལྟར་ན།ཉིས་སྟོང་བཅུ་བདུན་ལོར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་རྒྱལ་ཡོངས་མི་གྲངས་ཅུང་ཉུང་བའི་མི་རིགས་རང་སྐྱོང་རྫོང་གི་ཁྲོད་དུ་སྔ་མོ་ནས་དབུལ་བོའི་ཞྭ་མོ་ཕུད་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བར། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དབུལ་བོ་རྫོང་ནས་ཕྱིར་བུད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་དབུལ་བོའི་སྡེ་བ་147དང་། ཡིག་ཚགས་བཟོས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི་3.35དབུལ་ཐར་བྱུང་བ་རེད།

       མཚོ་སྔོན་གྱིས་བསྟུད་མར་ཉིན15རིང་གི་དུས་ཚོད360ལ་དྭངས་གཙང་གི་གློག་ནུས་མཁོ་འདོན་བྱས་པ།

      ཟླ6པའི་ཚེས9ཉིན། མཚོ་སྔོན་གྱིས་བསྟུད་མར་ཉིན15རིང་གི་དུས་ཚོད360ལ་དྭངས་གཙང་གི་གློག་ནུས་མཁོ་འདོན་བྱས་པ་དང་། འདི་ནི་ན་ནིང་གི་ལྗང་མདོག་གློག་འདོན་ཉིན་མོ་དགུ་ཡི་རྨང་གཞིའི་སྟེང་། ཡང་བསྐྱར་འཛམ་གླིང་གི་ཟིན་ཐོ་བསྐྲུན་པ་རེད། 

       རང་ཞིང་དུ་སྔ་མོ་ནས་སློབ་ན་མ་སོན་གོང་གི་སློབ་གསོའི“ལོ་ལྔའི་ཚན་བཅུ་གསུམ” པའི་དམིགས་འབེན་འཆར་འགོད་མངོན་འགྱུར་བྱུང་བ་། 

      ཟླ3པའི་ཚེས15ཉིན་བར། 2013ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་དུ་བྱིས་གཉོར་ཁང1245ནས1804འཕར་སྣོན་བྱུང་བ་དང་། སློབ་ན་མ་སོན་གོང་གི་སློབ་གསོའི་ལོ་གསུམ་ནང་གི་བྱིས་པ་སློབ་གྲྭ་ཞུགས་ཚད2013ལོའི73.89%ནས89.4%འཕར་སྣོན་བྱུང་བ་དང་། སྔ་མོ་ནས་རྒྱལ་ཁབ་ཀྱི“ལོ་ལྔའི་ཚན་བཅུ་གསུམ”པའི་དམིགས་འབེན་འཆར་འགོད་ལེགས་འགྲུབ་བྱུང་བ་རེད། 

      ཟླ10པའི་ཚེས14ཉིན། མི་ཤུགས་ཐུན་ཁོངས་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཡོངས་འབུམ་རམས་ཕྱི་ཚར་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཆོག་མཆན་བཀོད་པ་ལྟར།  མཚོ་སྔོན་དགེ་ཐོན་སློབ་ཆེན་ཀྲུང་གོའི་ལོ་རྒྱུས་ཆེད་ལས་དང་། ས་རྒྱུས་རིག་པའི་ཆེད་ལས། མཚོ་སྔོན་སློབ་ཆེན་སྐྱེ་དངོས་རིག་པའི་ཆེད་ལས་བཅས་ནས་འབུམ་རམས་ཕྱི་ཚར3བཙུགས་པ་དང་། རང་ཞིང་དུ་འབུམ་རམས་ཕྱི་ཚར་མེད་པའི་སྟོང་ཆ་བསྐངས།

       མཚོ་བོད་མཐོ་སྒང་དུ5Gཚོད་ལྟའི་ས་ཚིགས་ཐོག་མ་བཙུགས་པ། 

      ཟླ1པའི་ཚེས23ཉིན། མཚོ་སྔོན་གྱི2.6GHzཚོད་ལྟའི་ས་ཚིགས་ཟི་ལིང་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཟི་ལིང་གི་དཀྱིལ་དབུས་ས་ཁུལ་ནས5Gཁྱབ་གདལ་དུ་གཏོང་བ་ལེགས་འགྲུབ་བྱུང་། འདི་ནི་མཚོ་བོད་མཐོ་སྒང་དུ་བཙུགས་པའི2.6GHz5Gརྨང་གཞིའི་ས་ཚིགས་ཐོག་མ་རེད། 

      ཟླ5པའི་ཚེས13ཉིན། མཚོ་སྔོན་འཁྱེར་འཕྲིན་གྱིས་མཚོ་བོད་མཐོ་སྒང་དུ5Gཁ་པར་ཐོག་དང་པོ་བེད་སྤྱོད་བྱས་ཤིང་། འཛམ་གླིང་གི་ཡང་རྩེ་ནས5Gདྲ་རྒྱ་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན། ཟླ5པའི་ཚེས17ཉིན། མཚོ་སྔོན་གྱི5Gགྲངས་འཛིན་ཐོན་ལས་མནའ་འབྲེལ་དངོས་སུ་ཚུགས། 

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

  

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-17 18:28 , Processed in 0.028505 second(s), 20 queries .

返回顶部