日志

༄༅།།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ ...

已有 171 次阅读2019-12-13 10:13 |系统分类:见闻


                     ༄༅།།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་                  
                                 དཔེ་སྟོན་ཁུལ(ཚན་པ)སྐོར་བདུན་པའི་མིང་བཏགས་སྐོར་གྱི་གཏན་འབེབས།
                                 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

                               

          རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(ཚན་པ)སྐོར་བདུན་པའི་

                མིང་བཏགས་སྐོར་གྱི་གཏན་འབེབས(རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་ཨང<2019>119པ།)

      ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་མི་རིགས་ཆོས་ལུགས་དང་དོན་གཅོད(ཐིང་དང་ཅུས) ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་དང་། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི། ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སྡེ་ཁག་ཁག་དང་ཐད་གཏོགས་སྡེ་ཚན་ཁག་སོ་སོར།

      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་མཐུན་སྒྲིལ་འབད་འཐབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལག་ལེན་ཁྲོད་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་པ་དང་། དཔེ་སྟོན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཡོད་པས། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་ལེའུ་གསར་བ་ཞིག་གི་འགོ་བརྩམས་ཡོད།

       དཔེ་མཚོན་གཏོད་པ་དང་སྔོན་ཐོན་ལ་སྐུལ་ལྕག་བཏང་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་ཆེད་ལེགས་པོ་འོས་སྦྱོར་དང་། དཔྱད་ཞིབ་ནན་པོ། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བཅས་བྱས་པ་བརྒྱུད་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས183ལ་སྐོར་བདུན་པའི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(ལས་ཁུངས)”ཞེས་པའི་མཚན་སྙན་གནང་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་ལ་གཟེངས་བསྟོད་ཐོབ་པའི་རེ་ཞུའི་ལས་ཁུངས་དག་ལ་སླར་ཡང་མཚན་སྙན་འདི་སྟེར་རྒྱུ་མིན། མཚན་སྙན་གནང་པའི་དཔེ་སྟོན་ཁུལ(ལས་ཁུངས)གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ། དུས་རབས་གསར་པའི་གསར་གཏོད་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད།

      མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མུ་མཐུད་དུ་མཐོན་པོར་བསྒྲེངས་ནས། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་“ཡོད་ཆེས་བཞི”ཇེ་བརྟན་དུ་བཏང་སྟེ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་དང་། “ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི”ལམ་ཕྱོགས་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་མཐུད་ངང་སྤེལ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས།

      མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་འབད་འཐབ་དམིགས་ཚད་དུ་བརྩིས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་ནི་མཛུབ་གུ་ལྔ་བཅིངས་ཁུ་ཚུར་ལྟར་གཅིག་ཏུ་སྒྲིལ་དགོས།  མི་རིགས་ཀྱི་ལས་དོན་བསྒྲུབས་ནས་མི་རིགས་ཁག་གི་སྤྱི་དམངས་ཚང་མ་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བའི་འགན་ལེན་བྱེད་དགོས།

      མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གསར་གཏོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། གསར་གཏོད་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འགན་འཁྲི་ཆེ་རུ་གཏོང་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། སྟོབས་ཤུགས་གཅིག་སྒྲིལ། འབད་འབུང་ཡར་བརྩོན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མུ་མཐུད་དུ་འབད་འཐབ་བྱེད་དགོས།

                                                                                                             རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས

                                                                                                                                   2019ལོའི་ཟླ12ཚེས9ཉིན།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-11 05:32 , Processed in 0.061404 second(s), 20 queries .

返回顶部