日志

༄༅།།པཎ་ཆེན་རིན་པོ་ཆེ་གནའ་བོའི་ཕོ་བྲང་དུ་ ...

已有 80 次阅读2019-12-13 09:42 |系统分类:见闻


                             ༄༅།།པཎ་ཆེན་རིན་པོ་ཆེ་གནའ་བོའི་ཕོ་བྲང་དུ་འགྲེམས་སྟོན་མཛད་སྒོར་ཕེབས་པ།
                                    ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མི་གསལ།

                     
                          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འགོ་ཚུགས་མཛད་སྒོའི་ཐོག་ཏུ་གསུང་བཤད་གནང་བཞིན་པ།

          ཟླ་12ཚེས་8ཉིན། “བཀྲ་ཤིས་ལྷུན་པོ་དང་གོང་མའི་ཕོ་བྲང་འཕྲད་པ”ཞེས་པའི་འགྲེམས་སྟོན་འགོ་ཚུགས་མཛད་སྒོ་དེ་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་བ་དང་། དུས་མཉམ་དུ་གོང་མའི་ཕོ་བྲང་བཞེངས་ནས་ལོ་ངོ་600འཁོར་བའི་རྗེས་དྲན་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་བརྩམས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་འགོ་ཚུགས་མཛད་སྒོར་ཕེབས་པ་དང་གསུང་བཤད་གནང་། ཐེངས་འདིའི་འགྲེམས་སྟོན་ནི་གནའ་བོའི་རྟེན་རྫས་བཤམས་མཛོད་ཁང་དང་། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས། བཀྲ་ཤིས་ལྷུན་པོ་བཅས་ཀྱིས་མཉམ་འབྲེལ་གཙོ་གཉེར་བྱས་པ་རེད། འགྲེམས་སྟོན་འདི་ནི་ཟླ་12པའི་ཚེས་10ཉིན་ནས་དངོས་སུ་སྤྱི་ཚོགས་ལ་སྒོ་འབྱེད་པ་དང་། འགྲེམས་ཡུན་2020ལོའི་ཟླ་2ཚེས་29ཉིན་བར་རེད།

                     
                              འགོ་ཚུགས་མཛད་སྒོ་ལ་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་ཚོས་དར་ཚོན་གཅོད་བཞིན་པ།

          འགྲེམས་སྟོན་ནི་“བཀྲ་ཤིས་ལྷུན་པོ་ནས་གོང་མའི་ཕོ་བྲང་བར”དང་“བཀྲ་ཤིས་ལྷུན་པོའི་སྒྱུ་རྩལ”“པཎ་ཆེན་སྐུ་ཕྲེང་དྲུག་པའི་རྟེན་ཆས”དེ་བཞིན་“ཞི་འཇམ་བཀྲ་ཤིས”བཅས་བརྗོད་དོན་ཁག་གཙོ་བོ་བཞི་ཡོད་ཅིང་། སྔོན་གྱི་བརྗོད་དོན་གསུམ་ནི་རིག་དངོས་འགྲེམས་སྟོན་ཡིན་པ་དང་། གོང་མའི་ཕོ་བྲང་དང་བཀྲ་ཤིས་ལྷུན་པོར་ཉར་ཚགས་བྱས་པའི་རིག་དངོས་རྩ་ཆེན་280སྟེ། དེའི་ནང་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་ཀྲུང་དབྱང་སྲིད་གཞུང་བར་འབུལ་རྟེན་འབུལ་རེས་ཀྱི་ལེགས་རྫས་སོགས་འདུས་ཡོད། དེའི་ཁྲོད་དུ་གོང་མའི་ཕོ་བྲང་གི་རིག་དངོས་203དང་། བཀྲ་ཤིས་ལྷུན་པོའི་རིག་དངོས་77ཡོད། ཐེངས་འདིའི་འགྲེམས་སྟོན་ནི་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་སྐྲུན་པ་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་དེ་བཞིན་ཕོ་བྲང་ནང་གི་ནང་བསྟན་སྒྱུ་རྩལ་བརྗོད་དོན་གཙོ་བོ་བྱེད་པའི་ཆེད་དོན་འགྲེམས་སྟོན་ཐེངས་དང་པོ་རེད། དུས་མཚུངས་སུ་བཀྲ་ཤིས་ལྷུན་པོའི་རིག་དངོས་ཐེངས་དང་པོར་དགོན་པ་ནས་ཕྱིར་ཐོན་པའང་ཡིན་ཞིང་། རྟེན་རྫས་བཤམས་མཛོད་ཁང་དུ་རྒྱ་ཆེའི་མང་ཚོགས་དང་འཛམ་གླིང་ཡོངས་ལ་ཁ་གཏད་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་དང་བཀྲ་ཤིས་ལྷུན་པོའི་རིག་གནས། སྒྱུ་རྩལ་གྱི་རྣམ་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཆོས་ལུགས་སྲོལ་རྒྱུན་བཅས་འགྲེམས་སྟོན་བྱས་པ་རེད།

                     
                               པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པཎ་ཆེན་སྐུ་ཕྲེང་དྲུག་པའི་སྐུ་ལ་མཇལ་ཚུལ།

      བཀྲ་ཤིས་ལྷུན་པོ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན་ལ། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་ཀྱང་ཡིན། དགོན་པའི་ནང་དུ་བོད་རྒྱ་དང་ཧི་མ་ལ་ཡའི་ས་ཁུལ་གྱི་གནའ་བོའི་ནང་བསྟན་གྱི་སྒྱུ་རྩལ་བརྩམས་ཆོས་རྩ་ཆེན་མང་པོ་ཉར་ཚགས་བྱས་ཡོད་ཅིང་། འཛམ་གླིང་ལ་བོད་བརྒྱུད་ནང་བསྟན་རིག་གནས་སྒྱུ་རྩལ་གྱི་མཚར་སྡུག་བཀྲ་བའི་ལོ་རྒྱུས་དང་གཡུར་དུ་ཟ་བའི་གྲུབ་འབྲས་བསྟན་ཡོད། རྒྱ་ནག་ལྷ་ཁང་དུ་གོང་མ་རིམ་བྱོན་གྱིས་པཎ་ཆེན་མཆོག་ལ་བསྩལ་བའི་གསེར་གྱི་ཐམ་ག་དང་གསེར་ཡིག ལྷ་སྐུ་དང་བཀའ་ཡིག གོང་མའི་ལེགས་སྐྱེས་སོགས་རིག་དངོས་རྩ་ཆེན་ཉར་ཚགས་བྱས་ཡོད་པས། བོད་ལྗོངས་ས་ཁུལ་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བ་ཟབ་མོ་དོན་དངོས་ནས་བདེན་དཔང་བྱས་ཡོད།

                     
                                པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འགྲེམས་སྟོན་རིག་དངོས་ལ་གཟིགས་བཞིན་པ།

      བཀྲ་ཤིས་ལྷུན་པོ་དང་གོང་མའི་ཕོ་བྲང་ནི་ཕན་ཚུན་གཅིག་ལ་གཅིག་འདྲེས་ཀྱི་བོད་བརྒྱུད་ནང་བསྟན་རིག་གནས་ལས་མཉམ་དུ་སྦྲེལ་ཡོད་ཅིང་། གཅིག་ལ་གཅིག་བརྟེན་གྱི་མི་རིགས་འབྲེལ་བས་ཕན་ཚུན་སྦྲེལ་བ་དང་། ཀྲུང་ཡོན་རིག་གནས་དང་བོད་ཀྱི་རིག་གནས་སྦྲེལ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ཡང་སྦྲེལ་ཡོད་པ་རེད། “བཀྲ་ཤིས་ལྷུན་པོ་དང་གོང་མའི་ཕོ་བྲང་འཕྲད་པ”ཞེས་པའི་འགྲེམས་སྟོན་ལ་བརྟེན། ང་ཚོ་ལོ་རྒྱུས་ཀྱི་གཏིང་ཟབ་སར་ཁྲིད་དེ། རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་བརྒྱུད་ནང་བསྟན་རིག་གནས་སྒྱུ་རྩལ་མྱོང་རོལ་བྱེད་པ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྐུལ་འདེད་ཐད་བོད་བརྒྱུད་ནང་བསྟན་གྱིས་ནུས་པ་གལ་ཆེན་བཏོན་པར་ཤེས་རྟོགས་བྱེད་ཐུབ་ལ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་དང་། མཉམ་གནས་མཉམ་སྐྱོད། སྤེལ་རེས་མཉམ་འདྲེས་བཅས་ཀྱི་མཚར་སྡུག་ལྡན་པའི་ལོ་རྒྱུས་ལ་འཚོལ་ཞིབ་བྱེད་ཐུབ།


                     
                 པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་“གསེར་གྱི་བྱི་བས་བཀྲ་ཤིས་བསུ”ཞེས་པའི་རིག་གནས་གསར་གཏོད་ཐོན་རྫས་ལ་གཟིགས་བཞིན་པ།

      ཐེངས་འདིའི་འགྲེམས་སྟོན་བརྗོད་དོན་གཙོ་བོའི་བཞི་པ་ནི་“ཞི་འཇམ་བཀྲ་ཤིས”ཞེས་རིག་གནས་གསར་གཏོད་འགྲེམས་ཁུལ་ཡིན། གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་བཀྲ་ཤིས་ལྷུན་པོའི་རིག་གནས་གསར་གཏོད་སྤུས་རྟགས་“བཀྲ་ཤིས་དར་ཚོན”ཏེ་ཐུན་མོང་ངང་བཟོས་པའི་“བཀྲ་ཤིས་ལྷུན་པོ་དང་གོང་མའི་ཕོ་བྲང་འཕྲད་པ”ཞེས་པའི་མུ་འབྲེལ་ཐོན་རྫས་དང་། བོད་ལྗོངས་རིག་དངོས་རྟེན་རྫས་ཁང་གིས་མཚམས་སྦྱོར་བྱས་པའི་ཕུལ་བྱུང་རིག་གནས་གསར་གཏོད་ཐོན་རྫས་དང་། དེ་བཞིན་བོད་ཀྱི་རིག་གནས་རྨང་གཞིར་བྱས་ཤིང་ཇུས་འགོད་པའི་མིང་བྱང་མཉམ་འགོད་བྱས་པའི་བརྩམས་ཆོས་སྤུས་ལེགས་དག་འདུས་ཡོད། དེའི་ཁྲོད་དུ་“བདེ་ལེགས་རི་དྭགས་མུ་འབྲེལ”དུ་བོད་ཀྱི་རིག་གནས་གསར་གཏོད་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་འཛུགས་སྐྲུན་དངུལ་ཁང་མཉམ་སྦྲེལ་བྱས་ནས་བཀྲ་ཤིས་ལྷུན་པོ་དང་མཉམ་དུ་བཏོན་པའི་སྲོལ་རྒྱུན་གྱི་ཕོ་བྲང་གི་རྫུ་འཕྲུལ་ཅན་གྱི་རི་དྭགས་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་ནེའུ་ལེ་ཡི་གཟུགས་རྨང་གཞིར་བྱས་ཏེ། 2020ལོ་སྟེ་ལྕགས་བྱི་ལོ་ལ་ཆེད་དུ་“གསེར་གྱི་བྱི་བས་བཀྲ་ཤིས་བསུ་བ”ཞེས་པའི་ཁྱད་ལྡན་ཐོན་རྫས་བཟོས་ཡོད། “གསེར་གྱི་བྱི་བས་བཀྲ་ཤིས་བསུ་”ཞེས་པའི་མུ་འབྲེལ་ཐོན་རྫས་དག་ནི་འགྲེམས་སྟོན་དང་དུས་མཉམ་དུ་རྒྱ་ཆེའི་འཛད་སྤྱོད་པ་ལ་བཏོན་པ་རེད།
      ཞེས་རོང་ཆེན་ལྷ་རྒྱ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-19 04:01 , Processed in 0.027527 second(s), 20 queries .

返回顶部