日志

༄༅།།པར་རིས་རྙིང་པས་ཁྱོད་རང་ཁྲིད་ནས་བརྙན་ ...

已有 259 次阅读2019-12-13 09:21 |系统分类:见闻


                     ༄༅།།པར་རིས་རྙིང་པས་ཁྱོད་རང་ཁྲིད་ནས་བརྙན་རིས་ནང་གི་དུས་རབས་སྔོན་མའི་བོད་ལ་ཕྱིར་བལྟ་བྱེད།
                                ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

       
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། “འོད་དང་བརྙན་ནང་གི་གཏམ་རྒྱུད་དེ། ཧོང་ཅན་ཕེང་གི་བོད་ཀྱི་དུས་རབས་20པའི་ཀྲུང་གོའི་པར་ལེན་བརྩམས་ཆོས་ཀྱི་འགྲེམས་སྟོན”དེ་ཀྲུང་གོའི་མཛེས་རྩལ་ཁང་གི་ཐོག་བརྩེགས་ལྔ་པའི་འགྲེམས་ཁང་དུ་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་དུ་སྔ་དུས་ཀྱི་ཀྲུང་གོའི་པར་ལེན་སྒྱུ་རྩལ་གྱི་མྱུ་གུ་འབུས་པ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དངོས་བྲིས། དེང་རབས་རང་བཞིན་གྱི་འཚོལ་ཞིབ་སོགས་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བའི་བརྩམས་ཆོས་ཡོད་པ་དང་། ཐེངས་འདིར་འགྲེམས་སྟོན་བྱས་པའི་པར་ལེན་བརྩམས་ཆོས་266ཡོད་ཅིང་། དེའི་ནང་བོད་ལྗོངས་ཀྱི་པར་ལེན་ལོ་རྒྱུས་ཐོག་གི་པར་ལེན་མཁན་ཀྲོང་ཞུའེ་པུན་དང་། ལན་ཀྲེ་ཀུའེ། ཅི་ཝུན་ཀྲེང་། ཁྲེན་ཅུན། ལིའུ་ལི་ཅ་སོགས་ཀྱིས་བླངས་པའི་བོད་ཁུལ་བརྗོད་དོན་བྱས་པའི་པར་ལེན་བརྩམས་ཆོས་80ལྷག་ཡོད་པ་དང་། དེ་དག་གི་དུས་ཚོད་1930ལོ་ནས་1970ལོའི་བར་ཚུད་ཡོད་པ་རེད། པར་རིས་དེ་དག་གིས་རི་མོའི་མཚོན་དོན་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། གདོང་ལེན། དངོས་བྲིས་སོགས་ཕུན་སུམ་ཚོགས་པའི་པར་ལེན་སྒྱུ་རྩལ་གྱི་ཉམས་འགྱུར་མངོན་ཡོད། 

               
          འདི་ནི་ཇུས་འགོད་འགྲེམས་སྟོན་པ་ཧོང་ཅན་ཕེང་གིས་ལྟད་མོ་བར་ཀྲུང་གོའི་པར་ལེན་ལོ་རྒྱུས་ཐོག་གི་པར་ལེན་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པ།  

               
                                      འདི་ནི་པར་ལེན་འགྲེམས་སྟོན་གྱི་ཡུལ་དངོས་རེད།   
 
      “‘པར་ལེན་གྱི་མ་དཔེ’ཞེས་པ་ནི་སྒྱུ་རྩལ་མཁས་ཅན་དང་པར་རྒྱག་མཁས་ཅན་གྱིས་པར་ལེན་གསར་རྩོམ་བྱས་རྗེས། དས་ཚོད་ཐུང་ངུའི་ནང་རང་ཉིད་ཀྱིས་དངོས་སུ་པར་རིས་ཇེ་ཆེར་གཏོང་བ་དང་། གསར་བཟོ་བྱས་པའམ་ཡང་ན་དངོས་སུ་གསར་བཟོ་པ་དམིགས་འཛུགས་གཏན་ཁེལ་བྱས་ནས་རང་ཉིད་ཀྱི་གསར་རྩོམ་གྱི་འདུ་ཤེས་དང་པར་རྒྱག་གི་སྐད་ཆའི་གོམས་གཤིས་ལ་གཞིགས་ནས་ཡོངས་འགྲུབ་བྱས་པའི་ཐོག་མའི་བརྩམས་ཆོས་ཐོག་ཁག་དེར་བསྟན་པ་ཡིན་ཞིང་། པར་ལེན་བརྩམས་ཆོས་ཉར་ཚགས་བྱེད་པར་སྤྱི་ཚོགས་དང་རིག་གནས་ཀྱི་དོན་སྙིང་གཏིང་ཟབ་ལྡན། ཐེངས་འདིའི་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་པའི་བརྩམས་ཆོས་ནི་ངས་ལོ་ངོ་20ལྷག་ཙམ་རིང་ཉར་ཚགས་བྱས་པའི་བརྩམས་ཆོས་2000ལྷག་གི་ཁྲོད་ནས་ལེགས་འདེམས་བྱས་པ་ཡིན་ཞིང་། དེའི་ཁྲོད་ཀྱི་པར་རིས་231ནི་བརྩམས་ཆོས་ཐོག་མ་ཡིན་པ་དང་། བརྩམས་ཆོས་35ནི་རྩོམ་པ་པོས་མིང་རྟགས་བཀོད་པའི་ཚད་བཀག་པར་གཞིའི་བརྩམས་ཆོས་ཡིན། འགྲེམས་སྟོན་འདི་སྤེལ་བའི་དམིགས་ཡུལ་ནི་སྤྱི་དམངས་ཀྱིས་དུས་རབས་20པའི་ཀྲུང་གོའི་པར་རྒྱག་མཁས་ཅན་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཚོན་སྟངས་དང་དེའི་བརྩམས་ཆོས་ཁྲོད་མངོན་པའི་དུས་རབས་ཀྱི་ཉམས་འགྱུར་ལ་དེ་བས་ཐད་ཀར་གྱིས་ལྟ་ཞིབ་བྱེད་པའི་ཐབས་ལམ་མཁོ་འདོན་བྱ་རྒྱུ་དེ་ཡིན”ཞེས་འགྲེམས་སྟོན་ཇུས་འགོད་པ་ཧོང་ཅན་ཕེང་གིས་དེ་ལྟར་གསར་འགོད་པར་བཤད། 

                
          འདི་ནི་ཀྲོང་ཞུའེ་པུན་གྱིས་1934ལོའི་ལོ་མཇུག་ཏུ་རྔ་བ་ནས་མགོ་ལོག་བར་གྱི་ལམ་བར་དུ་བླངས་པའི《རྩྭ་ཐང་གི་ཁ་བ་ཐོག་མ》ཞེས་པའི་པར་རིས་རེད།

                
              འདི་ནི་ཀྲོང་ཞུའེ་པུན་གྱིས་1934ལོར་མཚོ་སྔོན་མགོ་ལོག་ས་ཁུལ་དུ་བླངས་པའི《ཁམས་པའི་ས་དཔོན》ཞེས་པའི་པར་རིས་རེད། 

                
               འདི་ནི་ཀྲོང་ཞུའེ་པུན་གྱིས་1939ལོར་སི་ཁྲོན་ལི་ཐང་ནས་བླངས་པའི《བོད་ཀྱི་འབྲོག་པའི་བུད་མེད》ཞེས་པའི་པར་རིས་རེད། 

                
      འདི་ནི་ཀྲོང་ཞུའེ་པུན་གྱིས་1934ལོར་པར་བླངས་ནས་བཀྲུས་པའི་བརྩམས་ཆོས་ཐོག་མ《མགོ་ལོག་ས་ཁུལ་དུ་ཡུལ་སྐོར་བྱས་པའི་མུ་འབྲེལ་རི་མོ》ཞེས་པའི་པར་རིས་རེད། 

      པར་ལེན་འགྲེམས་སྟོན་ཁྲོད་ཀྱི་བོད་རིགས་བརྗོད་དོན་བྱས་པའི་པར་ལེན་བརྩམས་ཆོས་80ཡི་སྐོར་གླེང་སྐབས། འགྲེམས་སྟོན་ཇུས་འགོད་པ་ཧོང་ཅན་ཕེང་གིས་གསར་འགོད་པར་འགྲེམས་སྟོན་ཁྲོད་ཀྱི་བོད་ཁུལ་བརྗོད་དོན་བྱས་པའི་པར་ལེན་མཁན་ཀྲོང་ཞུའེ་པུན་གྱིས་1930ཡི་ལོ་རབས་སུ་པར་བླངས་པ་དང་པར་བཀྲུས་པའི་བརྩམས་ཆོས་ཐོག་མའི་ཁག་དེ་ནི་ཧ་ཅང་རྩ་ཆེན་ཡིན་ཞིང་། ཐེངས་འདིའི་འགྲེམས་སྟོན་བརྒྱུད་དེ་ཀྲུང་གོའི་མཛེས་རྩལ་ཁང་གིས་ད་དུང་རང་ཉིད་ཀྱིས་ཉར་ཚགས་བྱས་པ་དང་། པར་ལེན་མཁན་ལན་ཀྲེ་ཀུའེ་ཡིས་པར་བླངས་པའི་དུས་རབས་20པའི་ལོ་རབས་50ནས་60བར་གྱི་བོད་དང་འབྲེལ་ཡོད་ཀྱི་པར་རིས་བརྩམས་ཆོས་40བརྒྱུད་ཉར་བྱས་ཡོད་ཅེས་བཤད།

               
                འདི་ནི་ལན་ཀྲེ་ཀུའེ་ཡིས་1958ལོར་ལྷ་ས་ནས་བླངས་པའི《ལྷ་སའི་དུས་ཆེན་གྱི་དགའ་སྤྲོ》ཞེས་པའི་པར་རིས་རེད། 

                
              འདི་ནི་ལན་ཀྲེ་ཀུའེ་ཡིས་1957ལོར་ལྷ་ས་ནས་བླངས་པའི《གཙུག་ལག་ཁང་ཆེན་མོའི་གནའ་བོའི་རྟ་པ》ཞེས་པའི་པར་རིས་རེད།  
  
       “ལོ་རབས་80”པའི་ནང་གི་པར་རྒྱག་པར་དགའ་མོས་བྱེད་མཁན་གྱི་སྐུ་ཞབས་ཀྲང་ལགས་ཀྱིས་དུས་རབས་གོང་མའི་པར་ལེན་བརྩམས་ཆོས་ཀྱི་མདུན་དུ། “དེ་རིང་མཐོང་བའི་པར་ལེན་བརྩམས་ཆོས་ཀྱི་ཉར་ཚགས་འགྲེམས་སྟོན་འདི་ནི་མཐོང་ཚོར་ཡིག་ཚགས་ཤིག་དང་འདྲ་བར་པར་ལེན་བརྩམས་ཆོས་དེ་རང་ཚུགས་ཀྱི་སྒྱུ་རྩལ་གྱི་བརྩམས་ཆོས་ཀྱི་ངོས་ནས་སྐབས་དེའི་མི་རྣམས་ཀྱི་མཛེས་དཔྱོད་ཀྱི་གོམས་གཤིས་མངོན་པར་མ་ཟད། པར་ལེན་དེས་སྤྱི་ཚོགས་འཕོ་འགྱུར་ཁྲོད་ཀྱི་སྨྱན་སྦྱོར་གསར་པའི་ཤུགས་རྐྱེན་དང་ཚོར་སྣང་གི་ཚད་ཀྱང་ཚུར་སྣང་བྱས་ཡོད། དེ་རིང་འགྲེམས་སྟོན་བྱས་པའི་བོད་རིགས་བརྗོད་དོན་བྱས་པའི་པར་ལེན་བརྩམས་ཆོས་མི་ཉུང་བ་ཞིག་གིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། པར་རིས་འདི་དག་གིས་ལོ་རབས་དེའི་བོད་རིགས་མི་སེར་གྱི་འཚོ་བ་མངོན་ཡོད་པ་དང་། ལོ་རབས་དེའི་བོད་མི་རིགས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་འདུག”ཅེས་བཤད། 

                
                  འདི་ནི་ལན་ཀྲེ་ཀུའེ་ཡིས་1961ལོར་ཆབ་མདོ་ནས་པར་བླངས་པའི《འབྲོག་མོ》ཞེས་པའི་པར་རིས་རེད། 

                
      འདི་ནི་ལན་ཀྲེ་ཀུའེ་ཡིས་1959ལོར་པར་བླངས་པའི《རྒྱལ་སྟོན་དུས་ཆེན་གྱི་ལོ་ངོ་བཅུ་འཁོར་བའི་དུས་སུ་བོད་ཀྱི་བྱིས་པས་ཕོ་བྲང་པོ་ཏ་ལའི་འདབས་སུ་ཁྲོམ་སྐོར་གྱིས་རྟེན་འབྲེལ་ཞུ་བ》ཞེས་པའི་པར་རིས་རེད། 
      རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་ཀྲུང་གོའི་མཛེས་རྩལ་ཁང་གིས་སྤེལ་བའི་དུས་རབས་20པའི་པར་ལེན་ལོ་རྒྱུས་ཟིན་ཐོར་བཀོད་པ་དང་། དུས་རབས་ཀྱི་འཕེལ་རྒྱས་མངོན་པའི་པར་ལེན་བརྩམས་ཆོས་ཀྱི་ཉར་ཚགས་འགྲེམས་སྟོན་ཞིག་ཡིན་པ་དང་། འགྲེམས་སྟོན་བྱེད་ཡུན་ཟླ་12པའི་ཚེས15ཉིན་བར་སྤེལ་རྒྱུ་རེད། 
      ཞེས་རོང་ཆེནཔ་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-11 06:03 , Processed in 0.061412 second(s), 20 queries .

返回顶部