博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱིས་འབྲི་ཆུ་དང་རྨ་ ...

已有 208 次阅读2019-11-29 18:47 |系统分类:见闻


                ༄༅།།མཚོ་སྔོན་ཞིང་ཆེན་གྱིས་འབྲི་ཆུ་དང་རྨ་ཆུ་སྲུང་སྐྱོང་ཐད་ལ་མ་དངུལ་སྒོར་དུང་ཕྱུར9བརྩོན་ལེན་བྱ་རྒྱུ་རེད།
                              ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཀླུ་འབུམ་ཚེ་རིང་གིས་བསྒྱུར།

                             

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ནོར་སྲིད་པུའུ་ཡིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱིས2020ལོའི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་བྱ་དགའ་དང་རྨ་ཆུ་འབབ་རྒྱུད་ཀྱི་ཆུའི་སྣོད་བཅུད་སྲུང་སྐྱོང་གི་སྦགས་བཙོག་བཅོས་སྒྲིག་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར9སྔ་སྣུར་དུ་དོན་འཁྱོལ་བྱས་པ་དང་། དེའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཁུར་ནས་གཙང་པོ་གཅིག་ཤར་ཕྱོགས་སུ་བཞུར་ཐུབ་པར་འགན་ལེན་བྱས་ཡོད་པ་རེད།

     འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྣོད་བཅུད་ཁ་གསབ་དང་ཡུན་རིང་གི་སྲུང་སྐྱོང་ཕན་འབྲས་སྒྲིག་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ནོར་སྲིད་པུའུ་ཡིས་པུའུ་ཨུ་བཞི་དང་མཉམ་འབྲེལ་གྱིས2017ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་ལོ་བཞི་བསྟུད་མར་བཀོད་སྒྲིག་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྲུང་སྐྱོང་ཆེན་པོའི་རྣམ་པ་མགྱོགས་མྱུར་གྱིས་ཆགས་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་ཐད་སྤྱད་པ་རེད། མིག་སྔར་རང་ཞིང་གི་བཅད་གྲངས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར5དོན་འཁྱོལ་བྱས་པས། གཙོ་བོ་འབབ་རྒྱུད་སྟོད་སྨད་ཀྱི་སྣོད་བཅུད་ཁ་གསབ་སྒྲིག་གཞི་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་། ཆུའི་སྦགས་བཙོག་འགོག་བཅོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་སོགས་ཀྱི་ལས་དོན་ཐད་སྤྱོད་རྒྱུ་རེད།

     མཚོ་སྔོན་ཞིང་ཆེན་གྱིས་ད་དུང་རྨ་ཆུའི་འབབ་རྒྱུད་གྱི་སྣོད་བཅུད་སྲུང་སྐྱོང་དང་བཅོས་སྐྱོང་ཁྲོད་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་ཞིབ་འཇུག་སྒྲིག་འཛུགས་དང་འབྲེལ་ནོར་སྲིད་པུའུ་ཡི་ཧུར་ཐག་གིས་རྨ་ཆུའི་འབབ་རྒྱུད་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་ནང་མི་སྣང་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་གྱི་དམིགས་བསལ་རྒྱུ་རྐྱེན་དེ་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་དུ་བསྒྱུར་རྒྱུ་རེད། ནོར་སྲིད་པུའུ་ཡིས་སྔ་སྣུར་དུ་སྤྲད་པའི2020ལོའི་རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་སྣོད་བཅུད་སྲུང་སྐྱོང་དང་སྦགས་བཙོག་བཅོས་སྒྲིག་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར15ཡི་ནང་། མཚོ་སྔོན་ཞིང་ཆེན་ལ་སྒོར་དུང་ཕྱུར4ཐོབ་པས་རྨ་ཆུའི་ཆུ་འགོའི་སྲུང་སྐྱོང་བྱ་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ལྡན་པ་རེད། །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-14 23:28 , Processed in 0.027303 second(s), 20 queries .

返回顶部