博客西藏在最高处过一种生活

日志

༄༅།།མཚོ་ནུབ་རུ་ཁག་གི་ཡིད་འཕྲོག་ཀྲུང་གོའི ...

已有 223 次阅读2019-11-29 17:24 |系统分类:见闻


              ༄༅།།མཚོ་ནུབ་རུ་ཁག་གི་ཡིད་འཕྲོག་ཀྲུང་གོའི་མཁར་གྲོང་གི་དུས་རིམ་གསུམ་པའི་སྐོར་ཐེངས་གཉིས་པའི་ཕབ་སྐྲུན་ལ་ཞུགས།
                               ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ། རྩོམ་སྒྲིག་པ། རིག་གྲོལ། 

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་དཔལ་འབྱོར་འཕྲིན་ལམ་གྱི་ཡིད་འཕྲོག་ཀྲུང་གོའི་མཁར་གྲོང་ཞེས་པའི་ལེ་ཚན་གྱི་དུས་རིམ་གསུམ་པའི་སྐོར་ཐེངས་གཉིས་པར་ཞུགས་པའི་མཚོ་ནུབ་རུ་ཁག་གིས་ལེ་ཚན་དངོས་སུ་ཕབ་སྐྲུན་བྱས།

                     
      སྔ་དྲོའི་དུས་ཚོད་བདུན་གྱི་སྟེང་མཚོ་ནུབ་རུ་ཁག་གི་འཁྲབ་སྟོན་མི་སྣ་དང་ལས་བྱེད་མི་སྣ་ཡོངས་ཕབ་སྐྲུན་བྱེད་པའི་རྟེན་གཞི་རུ་ཡོང་ནས་ཕབ་སྐྲུན་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། སྔ་དྲོའི་དུས་ཚོད་བཅུའི་སྟེང་མཚོ་ནུབ་རུ་ཁག་གི་ཕབ་སྐྲུན་དངོས་སུ་འགོ་བརྩམས་པ་དང་འཁྲབ་སྟོན་པ་རྣམས་བློ་སེམས་བརྩེ་གཅིག་གིས་ཕན་སྐྲུན་བྱེད་པའི་བྱ་བར་ཞུགས།  ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་སྣེ་ཁྲིད་པའི་མཚོ་ནུབ་རུ་ཁག་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཡིད་འཕྲོག་ཀྲུང་གོའི་མཁར་གྲོང་གི་དུས་རིམ་གསུམ་པའི་སྐོར་ཐེངས་གཉིས་པའི་གར་སྟེགས་སུ་བུད་དེ། རྨ་ལྷོ་ཁུལ་དང་མཉམ་དུ་གར་སྟེགས་སུ་རྒྱལ་ཡོངས་ཀྱི་ལྟད་མོ་བ་ཡོངས་ལ་ཡིད་འཕྲོག་གི་མཚོ་ནུབ་དང་མཚར་སྡུག་གི་ཚྭ་འདམ་མངོན།

                     
       ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་བཤད་རྒྱུར། ཐེངས་འདིའི་ཕབ་སྐྲུན་གྱིས་གྲོང་ཁྱེར་གྱི་གཏམ་རྒྱུད་དང་མུ་ཏིག་ལམ་ཐིག་སོགས་ཕྱོགས་དྲུག་ནས་མཚོ་ནུབ་དྲིལ་སྒྲོག་དང་འོས་སྦྱོར་བྱས་པ་དང་།  ཁྱོན་ཡོངས་ནས་མཚོ་ནུབ་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་གྲུབ་འབྲས་དང་ཁྱད་མཚར་གྱི་རང་བྱུང་མཛེས་ལྗོངས། ལོ་རྒྱུས་ཀྱི་རྒྱུན་རིང་བའི་རིག་གནས་དང་ཁྱད་ལྡན་གྱི་ཐོན་ཁུངས་སོགས་མངོན་མཚོན་བྱས།  རང་ཁུལ་གྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕྱོགས་འདུས་ལེ་ཚན་གྱི་རྣམ་པས་རྒྱལ་ཡོངས་བརྙན་འཕྲིན་ལྟད་མོ་བ་ཡོངས་ལ་ཁྱོན་ཡོངས་ནས་མེས་རྒྱལ་གྱི་ནོར་གཞོང་དང་ཁྱད་མཚར་བའི་ཚྭ་འདམ་གྱི་མཛེས་སྡུག་མངོན་པ་ཡིན་ཟེར།

                     
       སྐོར་ཐེངས་གཉིས་པའི་ཁུལ་གཉིས་ཀྱི་འཁྲབ་སྟོན་ནི་གཙོ་བོ་མུ་ཏིག་ལམ་ཐིག་དང་གྲོང་ཁྱེར་གྱི་སེམས་འདུན། གྲོང་ཁྱེར་གྱི་གཏམ་རྒྱུད་སོགས་ཚན་པ་གསུམ་གྱིས་གྲུབ་པ་ཞིག་ཡིན་ལ། གྲོང་ཁྱེར་སོ་སོའི་མཛེས་སྡུག་མངོན་པ་བརྗོད་དོན་གཙོ་བོར་བཟུང་ནས་རེ་རེ་བཞིན་གྲོང་ཁྱེར་གྱི་ཁྱད་དུ་འཕགས་པའི་ཡུལ་སྐོར་ལྗོངས་རྒྱུའི་རིག་གནས་ཀྱི་སྣང་བརྙན་མངོན།  གར་སྟེགས་སྟེང་དུ་མཚོ་ནུབ་ཀྱིས་ཚྭ་མཚོའི་ཚྭ་བརྐོས་བརྗོད་དོན་ཡིན་པའི་ཞབས་བྲོ་ཞིག་གིས་འཁྲབ་སྟོན་གྱི་ཡོལ་བ་དངོས་སུ་ཕྱེས་ཤིང་།  མཚོ་ནུབ་ཁྱད་ལྡན་གྱི་ཁུ་ནུ་རིག་གནས་དང་ལྗང་མདོག་སྐྱེ་ཁམས།  ཚྭ་ཁུའི་ཁྱད་ལྡན་ཟས་རིགས་བཅས་འགྲེམས་སྟོན་བྱས།  སྐུ་མགྲོན་དང་ལྟད་མོ་བ་ཡོངས་ཀྱིས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པའི་གོ་རིམ་ཁྲོད་རྒྱལ་ཡོངས་ལྟད་མོ་བ་ཡོངས་ལ་མཚོ་ནུབ་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བྱས།

                     
      ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ། བུའུ་ཡུན་ཆིས་མའེ་ཀི་ཡིས་བཤད་རྒྱུར། ད་ཐེངས་གཙགས་དྲུབ་བྱེད་མཁན་གྱི་སྐྱེས་མ་བདུན་ཡོང་ཡོད་པ་དང་། ལེ་ཚན་ཁྲོད་ཆེད་དུ་མཚོ་ནུབ་སོག་རིགས་ཀྱི་གཙགས་དྲུབ་འོས་སྦྱོར་བྱས་པ་ཡིན།མཚོ་ནུབ་སོག་རིགས་ཀྱི་མི་རིགས་གྱོན་གོས་དང་གཙགས་དྲུབ་ནི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་པ་མ་ཟད་ང་ཚོས་སྲུང་སྐྱོང་བྱེད་བཞིན་པའི་རྣམ་གྲངས་ཤིག་ཀྱང་ཡིན། ཐེངས་འདིའི་ལེ་ཚན་བརྒྱུད་ནས་ང་ཚོས་མཚོ་ནུབ་སོག་རིགས་ཀྱི་གཙགས་དྲུབ་རིག་གནས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་འོས་སྦྱོར་བྱེད་རྒྱུ་ཡིན་ཟེར།

                     
      ཐེངས་འདིའི་མཚོ་ནུབ་ཀྱི་རུ་ཁག་ནི་འཁྲབ་སྟོན་ལས་བྱེད་མི་བརྒྱ་ལྷག་གིས་གྲུབ་པ་ཞིག་ཡིན་པ་དང་། ཟླ་བཅུ་གཅིག་གི་ཚེས་བཅུ་དགུ་ནས་ཚེས་ཉེར་བཞི་ཉིན་བར་ལེ་ཚན་གདམས་གསེས་དང་བསྐྱར་སྦྱང་བྱས་པ་རེད། 
      ཡིད་འཕྲོག་ཀྲུང་གོའི་མཁར་གྲོང་ལེ་ཚན་གྱི་གར་སྟེགས་འཁྲབ་ཁྲིད་པ་ལེང་ཐུང་གིས་བཤད་རྒྱུར། ང་ཚོའི་སྐོར་ཐེངས་གཉིས་པའི་འཁྲབ་སྦྱོང་ཧ་ཅང་བྲེལ་འཚུབ་ཆེ་བ་ཞིག་རེད། མཚོ་ནུབ་ཀྱི་འཁྲབ་སྟོན་པ་རྣམས་ཐོན་མ་ཐག་འཁྲབ་སྦྱོང་ལ་ཞུགས་པ་དང་ནངས་སྔ་མོ་ནས་དགོང་མོའི་བར་འཁྲབ་སྦྱོང་བྱས་ནའང་ཁོ་ཚོའི་རམ་འདེགས་བྱས་པ་ཧ་ཅང་བཟང་ཟེར།

                     
      རྒྱུས་ལོན་བྱས་པ་ལྟར་ན། ཡུལ་སྐོར་རིག་གནས་ཚོང་རྟགས་འགྲེམས་སྟོན་ལེ་ཚན་ཡིད་འཕྲོག་ཀྲུང་གོའི་མཁར་གྲོང་སྤེལ་བའི་དམིགས་ཡུལ་ནི་ཀྲུང་གོའི་གྲོང་ཁྱེར་གྱི་བརྙན་ཡོལ་བརྒལ་བའི་སྨྱན་བྱད་མཉམ་བསྲེས་ལ་སྐུལ་འདེད་བྱེད་པ་དེ་ཡིན་ལ། ལེ་ཚན་གྱིས་གྲོང་ཁྱེར་ལ་དྲིལ་སྒྲོག་དང་འཇོན་མི།  མ་དངུལ་བཅས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་གྲོང་ཁྱེར་གྱི་འཕེལ་རྒྱས་དང་གྲོང་ཁྱེར་གྱི་སྣང་བརྙན་ཁྱབ་སྤེལ་བྱས་ཏེ་ཡུལ་སྐོར་ཐོན་ལས་རིམ་འཕར་བྱེད་པར་སྐུལ་འདེད་བྱེད་ཐུབ།  ཐེངས་འདིའི་འཁྲབ་སྟོན་ཟླ་བཅུ་གཉིས་པའི་ཟླ་སྨད་ལ་ཀྲུང་དབྱང་དཔལ་འབྱོར་འཕྲིན་ལམ་ནས་ཐོག་མར་གཏོང་རྒྱུ་རེད། 
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་དྲ་བ་ལས་བཏུས་སོ།
 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-14 23:28 , Processed in 0.027331 second(s), 20 queries .

返回顶部