博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུ ...

已有 55 次阅读2019-11-17 07:18 |系统分类:见闻


                     ༄༅།།མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་
                                   ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས།
                              ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།མི་གསལ། རྩོམ་སྒྲིག་པ། ཀླུ་མོ་མཚོ།

                     
                              ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྤྱི་བསྒྲགས་ལ་གྲོས་འཆམ་བྱུང་བ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཏང་ཨུ་དང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སོགས་བྱ་བ་སྣ་ཚོགས་ལ་ཟུང་འབྲེལ་བྱས་ནས། ལག་བསྟར་དམ་འཛིན་བྱེད་དགོས། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་འགན་སྲུང་ལམ་ལུགས་བརྟན་པོར་བརྟེན་ནས། རྒྱུན་མ་ཆད་པར་དམངས་ཚིས་ལེགས་བསྒྱུར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་པའི་འཚོ་བའི་ཐད་ཀྱི་རེ་སྒུག་ལ་ལན་བཟང་བོ་འདེབས་པ། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ། མི་དམངས་འབྱོར་ཕྱུག་གི་ལམ་བུ་རུ་བསྐྱོད་པར་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་གཅིག་་ཏུ་བསྒྲིལ་བ་དང་། དུས་རབས་གསར་བའི་འཐབ་ལམ་དུ་བསྐྱོད་དགོས་པའི་ཚུལ་བསྟན།

      ཟི་ལིང་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་དང་གྲོང་ཁྱེར་གྱི་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་ཐེངས་གཉིས་ལ་བསྡུས་ནས།  གཅིག་བསྡུས་སྒོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་སྟེང་བསྡུས་ཏེ། སློབ་སྦྱོང་གཏིང་ཟབ་་དང་ཡང་དག་བྱེད་པ་དང་། ལག་བསྟར་དམ་འཛིན་བྱེད་པ། ལག་ལེན་དང་དངོས་གཉེར། ཕན་འབྲས་འབུར་ཐོན་བྱེད་དགོས་ཟེར།

      མཚོ་ཤར་གྲོང་ཁྱེར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་སྐབས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་དགོངས་པ་གལ་ཆེན་དང་ལམ་ལུགས་ཀྱི་བཀོད་སྒྲིག བྱ་བའི་བཀོད་སྒྲིག་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ལག་བསྟར་དམ་འཛིན་བྱེད་དགོས་ལ། རིམ་པ་སོ་སོའི་སྡེ་ཁག་གིས་མྱུར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུས་ལོན་ཡང་དག་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། གཅིག་བསྡུས་སྒོས་སྒྲོག་འགྲེལ་བྱེད་པ་དང་། སྒྲོག་འགྲེལ་བྱེད་ཐབས་གསར་གཏོད་བྱེད་པ། རྐང་འཛིན་སྟོབས་ཤུགས་བདམས་ནས་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། ཁེ་ལས་དང་ཞིང་སྡེ། སློབ་གྲྭ སྡོད་ཁུལ། དགོན་སྡེ་བཅས་སུ་སོང་ནས་ཡུལ་དངོས་སྒྲོག་འགྲེལ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཁ་གཏད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཏམ་རྒྱུད་བཤད་དེ། སྒྲོག་འགྲེལ་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཉེ་སྔོན་ཁུལ་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། སློབ་སྦྱོང་དང་ལག་བསྟར་བྱ་བར་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ཁུལ་གོང་འོག་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་སྣ་ཚོགས་མཚོ་ནུབ་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

     མཚོ་ལྷོ་བོད་རིགས་རང་སྐྱང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པའི་སྟེང་ཤུགས་འདོན་དགོས། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱས་ནས། ཁུལ་སྐྱོང་སྲིད་འཛིན་ཐད་གནས་པའི་འབུར་ཐོན་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཤུགས་འདོན་ས་ཡང་དག་འཚོལ་བ། བྱ་བའི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ། བྱ་བའི་བྱེད་ཐབས་ལ་གསར་གཏོད་བྱེད་པ། བྱ་བའི་ལག་བསྟར་ལ་དམ་འཛིན་བྱས་ཏེ། བོད་ཁུལ་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་མིག་སྔར་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཀྱི་བྱ་བ་སྣ་ཚོགས་དང་ཟུང་འབྲེལ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ལས་འགན་སྣ་ཚོགས་མཚོ་ལྷོ་ནས་ལག་བསྟར་བཟང་བོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

      མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས། འགོ་ཁྲིད་ལས་བྱེད་པས་ལམ་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འགོ་ཁྲིད་དེ་ལམ་ལུགས་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། ལམ་ལུགས་ལག་བསྟར་ལ་དམ་འཛིན་བྱེད་པ། བརྩི་མཐོང་ལམ་ལུགས་དང་ལག་བསྟར་ལམ་ལུགས། དམ་འཛིན་ལམ་ལུགས་གྲུབ་པར་བྱས་ནས། ལམ་ལུགས་ལག་བསྟར་གྱི་སྣང་ཚུལ་དང་རྣམ་པ་བཟང་བོར་ལྟ་སྐུལ་བྱེད་དགོས་པའི་རེ་བ་བཏོན།

      ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་སྟེང་། ཁུལ་གོང་འོག་ཡོངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ། ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་ངོ་བོ་དང་ལག་ལེན་གྱི་རེ་བ་ཁྱོན་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་བ། ལམ་ལུགས་སྣ་ཚོགས་ལག་བསྟར་བྱས་ནས།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

      མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ལྟེ་གནས་ཚན་ཆུང་གཞུང་ལུགས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་སྟེང་། ཚང་འཛོམས་གྲོས་ཚོགས་སྟེང་ང་ཚོ་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་རྒྱུན་འཁྱོངས་དང་ལག་བསྟར་བྱེད་པ་དང་། འཐུས་ཚང་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད། རྒྱང་སྒྲོག་དང་བརྙན་འཕྲིན། དྲ་རྒྱ། ལག་ཁྱེར་ཁ་པར་སོགས་སྟེགས་བུ་བེད་སྤྱད་དེ། ཁྱོན་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་འགྲེལ་ཀློག་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་དགོངས་དོན་གྱི་ངོ་བོ་གསལ་བཤད་གསལ་བོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་གོ་ཐུབ་པ་དང་རྒྱུས་ལོན་བྱེད་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།

      རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་དང་ཁུལ་ཏང་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་དམིགས་པ་དང་། རྨ་ལྷོའི་གནས་ཚུལ་དངོས་ལ་རྐང་འཛུགས་པ། བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་ལ་སྤྱི་སྡོམ་ནན་མོ་བྱེད་པ་དང་། རྨང་གཞི་བརྟན་པོ་འདིངས་པ་དང་དགེ་མཚན་དར་སྤེལ་གཏོང་བ། ཞན་ཆར་ཁ་གསབ་བྱེད་པ། མ་ལག་ཆ་ཚང་བ་དང་ཚན་རིག་དང་ཚད་གཞི་དང་མཐུན་པ། ཕན་པ་ཆེ་བའི་ལམ་ལུགས་མ་ལག་བཙུགས་ཏེ། བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཕན་ནུས་མཐོར་འདེགས་གཏོང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བའི་ཁྲོད་ལག་བསྟར་བྱེད་དགོས་ཟེར། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-6 20:54 , Processed in 0.027459 second(s), 20 queries .

返回顶部