博客西藏在最高处过一种生活

日志

༄༅།།ཕྲུ་གུའི་མིག་ཤེད་སྲུང་བའི་ཉིང་ཁྲིའི་ ...

已有 143 次阅读2019-11-15 18:26 |系统分类:见闻


                                 ༄༅།།ཕྲུ་གུའི་མིག་ཤེད་སྲུང་བའི་ཉིང་ཁྲིའི་བྱ་ཐབས་དེར་མོས་སོ། 
                ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།

                  
         
      རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་གཞིར་བཟུང་། 2018ལོར་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་སྤྱིར་ན་རྒྱང་གྲིབ་ཕོག་ཚད་53.6%ཟིན་པ་དང་། རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ཕྱེད་ཀ་ལྷག་ཙམ་ནི་མིག་ཤེལ་རྒྱག་མཁན་ཡིན་པ་རེད།
     ཕྲུ་གུ་ཚོའི་མིག་ཟུང་ལ་སྲུང་སྐྱོང་བྱེད་པ་དང་། སློབ་མའི་རྒྱང་གྲིབ་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྒྱང་གྲིབ་ཕོག་ཚད་ཉུང་དུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་དོན་མང་པོ་སྤེལ་འདུག 
     2019ལོའི་ཟླ་11ཚེས་11ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་སློབ་མའི་རྒྱང་གྲིབ་སྔོན་འགོག་ཚོད་འཛིན་ལས་དོན་ཇུས་གཞི(ལག་བསྟར)》བཏོན་ཏེ། ལམ་ལུགས་འཛུགས་སྐྱོང་དང་། དྲིལ་བསྒྲགས་སློབ་གསོ། སློབ་ཁྲིད་ཆ་རྐྱེན། གློག་རྡུལ་སློབ་ཁྲིད་ཡོ་ཆས་བཅས་ཕྱོགས་བཞི་ཐད་བྱ་ཐབས་མང་པོ་བཏོན་ཏེ་སློབ་མའི་རྒྱང་གྲིབ་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་འདུག
      དེ་ཡང་ཞིབ་ཕྲའི་བྱ་ཐབས་ནི།
      དང་པོ། སྒྲིག་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་རྒྱང་གྲིབ་སྔོན་འགོག་ལས་དོན་དོ་དམ་བྱེད་ཐབས་ཚད་ལྡན་དུ་བཏང་བ།
      སློབ་མ་ཚོར་ཚན་རིག་དང་མཐུན་པའི་སློབ་སྦྱོང་དང་ངལ་གསོའི་ལམ་ལུགས་བཟོས་ཤིང་། གཏན་འཁེལ་བྱས་པའི་སློབ་ཁྲིད་ཀྱི་འཆར་གཞིར་ནན་པོར་གཞིགས་ཏེ། གཟའ་འཁོར་རེའི་སློབ་ཚན་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པ་དང་། སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆོས་ཉིད་ལ་གཞིགས་ཏེ་སློབ་སྦྱོང་དང་ངལ་གསོ་ཟུང་འབྲེལ་དང་། རྒྱང་ལྟ་དང་ཉེ་སར་ལྟ་རྒྱུ་བརྗེ་རེས་ཀྱི་རྩ་དོན་གཞིར་བཟུང་ཉིན་རེའི་སློབ་ཚན་དང་བྱེད་སྒོ་ཁག་བཀོད་སྒྲིག་བྱས་པ། སློབ་ཆུང་སློབ་མས་ཉིན་ལྟར་གཉིད་ཆུ་ཚོད་10དང་། སློབ་འབྲིང་སློབ་མས་ཆུ་ཚོད་9 མཐོ་འབྲིང་སློབ་མས་ཆུ་ཚོད་8བཅས་ཉལ་ཐུབ་པའི་འགན་ལེན་བྱས་པ། 
      སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཞིང་། སློབ་ཁྲིད་བྱེད་སྟངས་ལེགས་བཅོས་བྱས་ནས་སློབ་ཁང་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་དང་ལས་ཆོད་ཆེ་རུ་བཏང་སྟེ། སློབ་ཚན་གྱི་འཆར་གཞི་ལེགས་གྲུབ་ཐུབ་པ་བྱས་པ་དང་། ཡིག་རྒྱུགས་ཀྱི་སློབ་ཚན་དང་ཐེངས་གྲངས་ལ་ཚོད་འཛིན་ནན་པོ་བྱས་ཁར་སྦྱོང་ཚན་མང་ལོས་ཀྱང་ཚོད་འཛིན་བྱས་ཡོད། སློབ་ཁྲིད་ཀྱི་དུས་ཚོད་གང་བྱུང་དུ་ཁ་སྣོན་མི་བྱེད་པ་དང་། དུས་ཆེན་ཁག་དང་། གཟའ་མཇུག དབྱར་གསེང་དང་དགུན་གསེང་བཅས་སུ་སློབ་ཚན་མི་འཚོག་པ། སློབ་གྲྭས་སློབ་མའི་ཁྱིམ་སྦྱོང་གི་དུས་ཚོད་སྤྱི་འདོམས་བྱས་ཏེ་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མར་ཁྱིམ་སྦྱོང་མི་སྐུལ་བ་དང་། སློབ་ཆུང་ལོ་རིམ་གསུམ་པ་ཡན་གྱི་སློབ་མའི་ཁྱིམ་སྦྱོང་སྐར་མ་60ནང་ཚུན་དུ་ཚོད་འཛིན་བྱེད་པ། སློབ་འབྲིང་ལོ་རིམ་ཁག་གི་སློབ་མའི་ཁྱིམ་སྦྱོང་དུས་ཚོད་སྐར་མ་90ལས་མི་བརྒལ་བ་བཅས་བྱས་པ། 
      གཉིས། མིག་ཤེད་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ་སློབ་མར་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱས་པ། 
     《སློབ་མའི་རྒྱང་གྲིབ་སྔོན་འགོག་གི་རྩ་བའི་ཤེས་བྱ་དང་བླང་བྱ》གཞིར་བཟུང་། སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་ཁྲོད། མིག་ཤེད་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ“རྒྱང་གྲིབ་སྔོན་འགོག”གི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ།
      གསུམ། སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་སུ་བཏང་ནས་སློབ་མ་ཚོར་ཁོར་ཡུག་བཟང་པོ་ཞིག་བཏོད་པ། 
      འཛིན་གྲྭའི་ནང་སློབ་མ་ཚང་མས་མིག་དང་ཅ་དངོས་དབར་གྱི་བར་ཐག་ལུགས་མཐུན་ངང་འཇོག་རྒྱུའི་འགན་ལེན་བྱས་ཤིང་། ཚན་རིག་དང་མཐུན་པའི་སློབ་ཁྲིད་ཀྱི་སྒྲིག་ཆས་སྒྲིག་སྦྱོར་དང་བེད་སྤྱོད་བྱེད་པ་དང་། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་བླང་བྱ་གཞིར་བཟུང་།   སློབ་ཁང་ཚང་མར་སློབ་མའི་གཟུགས་པོའི་རིང་ཚད་དང་འཚམ་པའི་སྒྲོག་ཙེ་དང་རྐུབ་བཀྱག་བཀོད་སྒྲིག་བྱས་པ།
      བཞི། སློབ་ཁྲིད་ཀྱི་ངེས་གནས་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གློག་རྡུལ་སློབ་ཁྲིད་ཡོ་ཆས་སྤྱོད་པ། 
      སློབ་གྲྭས་གློག་རྡུལ་སློབ་ཁྲིད་ཡོ་ཆས་དང་གློག་རྡུལ་ཐོན་རྫས་བེད་སྤྱོད་བྱེད་པའི་ཐད་ཞིབ་དཔྱད་ཞིབ་བཤེར་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། སློབ་ཁྲིད་དགེ་རྒན་ཁག་གིས་གློག་རྡུལ་སློབ་ཁྲིད་ཡོ་ཆས་གྲ་སྒྲིག་བྱེད་སྐབས་གློག་རྡུལ་སློབ་ཁྲིད་ཡོ་ཆས་ཀྱི་རྒྱབ་ལྗོངས་སྔོ་སྐྱ་དང་། ལྗང་སྐྱ་སོགས་སྤྱོད་དགོས་པ་ལས། དམར་ཆེན་དང་སྨུག་ཆེན་སོགས་ཀྱི་ཚོས་གཞི་སྤྱོད་ཚད་ཉུང་དུ་གཏོང་གང་ཐུབ་བྱས་པ། སློབ་གྲྭའི་སློབ་དཔྱོད་ཁྲུའུ་ཁག་གིས་དགེ་རྒན་གྱི་སློབ་ཆས་ལ་དུས་ཐོག་ཏུ་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་ཐོན་པའི་གནད་དོན་དུས་ཐོག་ཏུ་དག་ཐེར་བྱས་པ། 
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-15 01:00 , Processed in 0.027456 second(s), 20 queries .

返回顶部