博客西藏在最高处过一种生活

日志

༄༅།།རབ་མཛེས་མཚོ་སྔོན།

已有 119 次阅读2019-11-2 15:03 |系统分类:见闻


                                ༄༅།།རབ་མཛེས་མཚོ་སྔོན།
          ----ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་མཚོ་སྔོན་མི་རིགས་རང་སྐྱོང་
                      ས་གནས་ཀྱི་འཕེལ་རྒྱས་འགྲེམས་སྟོན་མགོ་བརྩམས།
           ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

03155417b8bd80629ed17f97a45d5cac.jpg

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་མཁར་རྒྱལ།)  ཟླ11པའི་ཚེས1ཉིན། རྒྱལ་ཁབ་མི་རིགས་

ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་པེ་ཅིན་

མི་རིགས་རིག་གནས་ཕོ་བྲང་གིས་སྒྲུབ་འགན་འཁུར་བའི“མཛེས་སྡུག་ཀྲུང་གོ·དང་ཞི་མཐུན་ཁྱིམ་གཞིས”འགྲེམ་སྟོན་གྱི“རབ་

མཛེས་མཚོ་སྔོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་མཚོ་སྔོན་མི་རིགས་རང་སྐྱོང་ས་གནས་འཕེལ་རྒྱས་ཀྱི་

འགྲེམ་སྟོན》པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་གཟབ་རྒྱས་ངང་མགོ་བརྩམས།


3 拷贝.jpg

      མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་

དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་མགོ་གཙོ་ལིག་ཉིན་མགོ་རྩོམ་མཛད་སྒོར་ཞུགས། 

རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀོ་ཝེ་ཕིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་

རྒྱུན་ཨུ། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མགོ་གཙོ་མགོན་པོ་བཀྲ་ཤིས་སོགས་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་

ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་གི་མགོ་གཙོ་གཞོན་པ་ཡན་ཅིན་ཧའེ་དང་།   མཚོ་

སྔོན་ཞིང་ཆེན་དམག་ཁུལ་གྱི་སྲིད་ཨུ་ཝང་ཞིག་ཧྥིན།  མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་

གཞོན་པ་ཉི་མ་སྒྲོལ་མ་དང་ལིའུ་ཐུང་ཏི། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་བཅས་མགོ་རྩོམ་མཛད་

སྒོར་ཞུགས་པ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མགོ་གཙོ་གཞོན་པ་ཡང་ཧྥིན་ཁྲུན་གྱིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས།


fd444c98add876a1d362ccfa873c7ebf.jpg

       གོ་བེ་ཕིན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། ཐེངས་འདིའི་རབ་མཛེས་མཚོ་སྔོན་གྱི་འགྲེམ་སྟོན་ནི“མཛེས་སྡུག་ཀྲུང་གོ་

དང་ཞི་མཐུན་ཁྱིམ་གཞིས”ཀྱི་མུ་འབྲེལ་འགྲེམ་སྟོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་

ལོ་ངོ70རིང་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་

ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོག་མའི་དམ་བཅའ་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་། འབད་

འབུངས་ཡར་བརྩོན་དང་གསར་འབྱེད་གསར་གཏོད་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་བླངས་པ་དང་། 

མཚོ་སྔོན་གྱི་འཕེལ་རྒྱས་ཉིན་རེ་བཞིན་ཇེ་ལེགས་དང་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་སྐྱིད་དུ་འགྲོ་བའི་རྣམ་པ་གསོན་ཉམས་

ལྡན་པས་མངོན་པ་མ་ཟད། མི་རིགས་མང་པོ་འདུས་སྡོད་བྱས་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཀྱང་མངོན་

མཚོན་བྱས་ཡོད།


ddd0c31ecd97ff1e608e85c7a3783a0e.jpg



      གོ་བེ་ཕིན་གྱིས་ཐེངས་འདིའི་འགྲེམ་སྟོན་བརྒྱུད་མི་སྔར་ལས་མང་པོ་ཞིག་གིས་རབ་མཛེས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་

དང་དགའ་ཞེན་བྱེད་པ། རབ་མཛེས་མཚོ་སྔོན་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ངེས་པ་དང་། “མཛེས་སྡུག་ཀྲུང་གོ་

དང་ཞི་མཐུན་ཁྱིམ་གཞིས”ཀྱི་མུ་འབྲེལ་འགྲེམ་སྟོན་བརྒྱུད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གྲངས་ཉུང་མི་རིགས་

དང་མི་རིགས་ས་ཁུལ་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་།  གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་

གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་ལ་ཁག་ཐེག་བྱས་ཏེ“མི་རིགས་

སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྨོན་བྱེད་པའི”ཕྱོགས་སུ་མདུན་དུ་སྐྱོད་དགོས།




      མགོན་པོ་བཀྲ་ཤིས་ཀྱིས་ཤིས་ཚིག་ཁྲོད་བསྟན་དོན། མཚོ་སྔོན་གྱི་ལོ་ངོ70ཡི་རིང་གི་འཕེལ་རྒྱས་གྲུབ་འབྲས་ཀྱིས་

ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་དང་།   སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་

འཕགས་རང་བཞིན། མི་རིགས་གྲོང་ཁྱེར་གྱི་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་བཅས་ར་སྤྲོད་བྱས་ཡོད། མཚོ་

སྔོན་མི་རིགས་སོ་སོའི་མི་དམངས་ཀྱིས་ཐོག་མའི་དམ་བཅའ་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་བློ་

མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། དུས་

རབས་གསར་པར་མཚོ་སྔོན་མཐོ་སྒང་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་

ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་ལ་མཚོ་སྔོན་གྱི་ལེའུ་རྩོམ་དགོས།



      མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ལོ་ངོ70ཡི་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་

དང་སྤྱི་ཚོགས་ལས་རིགས་སོ་སོའི་སེམས་ཤུགས་གཅིག་ཏུ་བསྡུས་པ་དང་། མཚོ་སྔོན་གྱི་འབྱུང་འགྱུར་ཡང་དེ་བཞིན་དུ་ཕྱོགས་སོ་

སོས་ཐུགས་ཁུར་དང་རོགས་རམ་ལ་ཁ་འབྲལ་ཐབས་མེད། རིམ་པ་སོ་སོའི་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོས་སྔར་མུས་

བཞིན་མཚོ་སྔོན་ལ་དོ་ཁུར་དང་ཐུགས་ཁུར་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་

འཛུགས་སྐྲུན་བྱ་དགོས།



      མགོ་རྩོམ་མཛད་སྒོ་མཇུག་སྒྲིལ་རྗེས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་

པུའི་མགོ་གཙོ་གཞོན་པ། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཙུའུ་ཧྲུའུ་ཅི་པ་ཐིག་ཨར་

གྱིས་ཝང་ཅན་ཅུན་སོགས་དང་མཉམ་དུ་འགྲེམ་སྟོན་ལ་གཟིགས་སྐོར་གནང་།



      ཐེངས་འདིའི་འགྲེམ་སྟོན་བསྟུད་མར་ཉིན་དགུའི་རིང་སྤེལ་རྒྱུ་ཡིན་པ་དང་། གླེང་གཞི་འགྲེམ་ཁུལ་དང་དཀྱིལ་དབུས་

འགྲེམ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་བསྡུས་འགྲེམ་སྟོན་བྱས་ཡོད་པ་དང་།   འགྲེམ་སྟོན་གྱི་ནང་

དོན་གཙོ་བོར་འོད་སྟོང་གི་ལམ་བུ་དང་མཆོང་སྐྱོད་འཕེལ་རྒྱས། སྐྱེ་ཁམས་སྔོན་འགྲོ མཐུན་སྒྲིལ་ཡར་ཐོན། དབུལ་ཐར་མཁྲེགས་

གཏོར། བླ་མེད་གྲུབ་འབྲས་སོགས་ཁག་དྲུག་འདུས་ཡོད། ཤར་ནུབ་ཚོམས་ཆེན་གཉིས་འགྲེམས་སྟོན་ཁུལ8ལ་དབྱེ་ནས་གྲོང་ཁྱེར་

དང་ཁུལ་སོ་སོའི་ཁྱད་ཆོས་མངོན་པ་དང་ཁྱད་ལྡན་ཐོན་ལས་དང་མི་རིགས་རིག་གནས་གཙོར་བཟུང་ནས་འགྲེམ་སྟོན་བྱས་ཡོད།



      འགྲེམས་སྟོན་ལ་པར་རིས་དང་ཐོན་རྫས་བཀྲམ་ཡོད་པ་དང་།  དེང་རབས་ཚན་རྩལ་གྱི་བྱེད་ཐབས་གང་ལེགས་སྤྱད་དེ་

འགྲེམས་སྟོན་གྱི་མྱོང་རོལ་རང་བཞིན་དང་མཉམ་འགུལ་རང་བཞིན།  དེང་རབས་ཀྱི་ཚོར་སྣང་བཅས་ཆེ་རུ་བཏང་ནས་མཚོ་སྔོན་

གྱི་ལོ་རྒྱུས་དང་སྣ་མང་རིག་གནས་ཕྱོགས་ཡོངས་ནས་མངོན་པ་དང་།   ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་མཚོ་སྔོན་མི་རིགས་

སོ་སོའི་མང་ཚོགས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་

ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་བ་མངོན་པར་མཚོན་ཡོད།


c60456f8d0895ed5ed3354f3e6396d27.jpg


                    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 14:48 , Processed in 0.028208 second(s), 20 queries .

返回顶部