博客西藏在最高处过一种生活

日志

༄༅།།མཚོ་བྱང་ཁུལ་གྱིས“ཐོག་མའི་བསམ་འདུན་མི ...

已有 94 次阅读2019-11-2 10:33 |系统分类:见闻


                    ༄༅།།མཚོ་བྱང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”བའི་
                                  བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་འཚོགས་པ།
                            ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་མོ་མཚོ།

                    5dba50dee138231b0327107e.png

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ10པའི་ཚེས29ཉིན། མཚོ་བྱང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”བའི་བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་འཚོགས། ཚོགས་འདུའི་ལས་འགན་གཙོ་བོ་ནི་གཅིག་བསྡུས་སྒོས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་བཅུ་དགུ་བའི་ཐེངས་བཅོ་ལྔ་བའི་ཚང་འཛོམས་སློབ་སྦྱོང་སྐབས་ཀྱི་གཏམ་བཤད་དགོངས་དོན་ལ་སློབ་སྦྱོང་བྱས་པར་མ་ཟད། འཐབ་རྩོད་སྙིང་སྟོབས་དར་སྤེལ། འཐབ་རྩོད་ནུས་པ་ཇེ་མཐོར། དཀའ་བགྲོད་སྡུག་བཟོད་ཀྱི་མདུན་མཆོངས་དམག་བྱེད་ཅེས་པའི་བརྗོད་དོན་ལྟེ་བར་བཟུང་ནས། ཁུལ་རིམ་པའི་ཏང་ཡོན་ལས་བྱེད་པ་དག་གིས་ལས་བགོས་ཁྱབ་ཁོངས་ཀྱི་བྱ་བར་ཟུང་འབྲེལ་བྱས་ཏེ། ཟུར་མི་འདྲ་བའི་སྒོ་ནས་གཏམ་བཤད་གྲོས་བསྡུར་བྱས།

      ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་ཚོགས་འདུར་འགོ་འཛིན་བྱས་ཤིང་སྣེ་ཁྲིད་དེ་གྲོས་བསྡུར་དང་འབྲེལ་ཡོད་ཀྱི་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཁག་གསུམ་པའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གི་ཚོགས་གཙོ་ཀི་ཕས་ཅོན་གྱིས་ཚོགས་འདུར་མཛུབ་སྟོན་གྱི་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཨ་དགེ་འདུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཅིན་ཀྲེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཏུང་ཁྲང་། ཁུལ་ཨུའི་རྒྱུན་ཨུ་ཝང་ཡན་ཆིས་དང་ཏུང་ཡུས་དབྱི། ལིས་ཅོན་ཞང་། ཁུལ་དཔོན་གཞོན་པ་ཡེན་མོ་ཝུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཛོམས་སྐྱིད། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཧན་ཀྲུང་ཡིས་བཅས་ཀྱིས་སྔ་གཞུག་ཏུ་གྲོས་བསྡུར་གྱི་གཏམ་བཤད་པ་དང་། ཁུལ་རིམ་པའི་ཏང་ཡོན་ལས་བྱེད་པ་གཞན་དག་གིས་ཡིག་ཐོག་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།


                    5dba50f6e138231b0327107f.png

      ཉི་མ་སྒྲོལ་མས་གསུང་བཤད་ཁྲོད་བསྟན་དོན། མིག་སྔར་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཕེལ་རྒྱས་ལ་ཚང་མས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་འགྲུབ་ལ་ཉེ། ང་ཚོ་སྔོན་དང་བསྡུར་ན་ནམ་ཡིན་རུང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པར་རྨང་གཞི་ཡོད་ལ་ཡིད་ཆེས་ཀྱིས་བརྟས་ཡོད། འོན་ཀྱང་ང་ཚོས་ངེས་པར་དུ་བློ་ཞིབ་མོས་ཇི་ལྟར་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་ན་དེ་ལྟར་ཉེན་ཁ་དང་དཀའ་ངལ་གྱིས་བཟུང་ཡོད་པར་ངོས་འཛིན་གང་ལེགས་བྱ་དགོས། དེ་བས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚང་མས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། བསམ་བློ་ནན་མོ་སྦྱོང་བརྡར་དང་ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར་བཅས་ཐེག་པ། འཐབ་རྩོད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བཅས་བྱས་ཏེ་དུས་རབས་གསར་བའི་རླབས་ཆེན་འཐབ་རྩོད་ཁྲོད་རྒྱུན་ཆད་མེད་པར་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏང་དགོས།

      ཉི་མ་སྒྲོལ་མས་ནན་གྱིས་བསྟན་དོན། འབད་བརྩོན་ཆེན་པོས་ཆབ་སྲིད་ཀྱི་བློ་གྲོས་གཉིས་སྦྱངས་ནས་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཏང་ཡོན་ལས་བྱེད་པ་ཚང་མས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱ་དགོས་པ་ལས། རྩ་བའི་གནད་དོན་ཐད་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་འབྱུང་མི་རུང་། ཏང་ཡོན་ལས་བྱེད་པ་ཚང་མས་མཚོ་བྱང་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ནས་ཡོངས་ཁྱབ་རང་བཞིན་གྱི་ཆོས་ཉིད་དང་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་ལྡན་པའི་འདུ་ཤེས་ལ་སློབ་སྦྱོང་མང་ཙམ་བྱེད་པ་དང་། “སྣ་འདུས་ཅན”གྱི“སྣ་ཚོགས་ཤེས་མཁན”བྱས་ཏེ། ཁུལ་གྱི་གནས་ཚུལ་ངོས་འཛིན་ཇེ་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག་འཐབ་རྩོད་བྱེད་སྟངས་གཏིང་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་གནད་འགག་དམ་འཛིན་ཐུབ་པ། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་རྨང་གཞིའི་ཐོག་འཐབ་རྩོད་ཀྱི་སྒྱུ་རྩལ་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་ཐུབ་པ། ལྷག་པར་དུ་མིག་སྔའི་འགག་རྩའི་དུས་སྐབས་སུ་ང་ཚོས་སྔར་ལས་འགག་རྩ་དམ་འཛིན་དང་ཞུམ་མེད་མདུན་སྐྱོད། འཐབ་རྩོད་ལ་མི་སྐྲག་པ་བཅས་བྱ་དགོས་པ་བསྟན།


                     

      མཇུག་མཐར། ཉི་མ་སྒྲོལ་མས་མཚོ་བྱང་བྱ་གཞག་ཁག་གི་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་འཐབ་རྩོད་བྱེད་འདོད་མེད་པ་དང་། འཐབ་རྩོད་བྱེད་མི་ཕོད་པའི་འཇིགས་སྣང་། འཐབ་རྩོད་ཀྱི་ནུས་པ་ཞན་པའི་གནད་དོན་དག་ཤུགས་ཆེན་སྒོས་ཁྱད་བསད་བྱས་ཏེ་རང་འགུལ་ངང་འཚོ་བ་དང་སློབ་སྦྱོང་། ལས་དོན་བཅས་ཀྱི་ཁྲོད་ཧུར་ཐག་གིས་ཞུགས་དགོས་ལ། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་བློ་རྩ་བརྟན་པོའི་སྒོ་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཁྲོད་འཐབ་རྩོད་བྱེད་ཤེས་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་འཐབ་འཛིང་བ་བྱེད་ཕོད་པ་བྱས་ཏེ། རང་ཉིད་སྦྱོང་བརྡར་བྱས་ནས་འཇོན་ནུས་ཕྱི་རུ་མངོན་དགོས་པར་བསྟན།

      ཀི་ཕས་ཅོན་གྱིས་དཔྱད་བརྗོད་མཛུབ་སྟོན་ཁྲོད་མཚོ་བྱང་ཁུལ་གྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པར་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག་མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་བླང་བྱ་བཏོན། ཁོང་གིས་མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོ་སྤེལ་ཚུན། ཐོག་མཐའ་བར་གསུམ་དུ“རྒྱུན་འཁྱོངས་གསུམ”བྱེད་ཐུབ་པ་མཐའ་འཁྱོངས་བྱས་པ་སྟེ། ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་དང་ཁུལ་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་གཅིག་རྗེས་གཉིས་མཐུད་ངང་བཀོད་སྒྲིག་བྱས་པ་དང་། དག་ཐེར་དོན་འཁྱོལ་ལ་དམ་འཛིན་དང་འཕྲལ་དུ་བཅོས་སྒྱུར་བྱེད་པའི་ཐད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་ལ་སྐུལ་འདེད་གཏོང་བའི་ཐད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱས་ཡོད་པ་བསྟན། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 13:43 , Processed in 0.027265 second(s), 20 queries .

返回顶部