博客西藏在最高处过一种生活

日志

༄༅།།སང་ཉིན་ནས་བཟུང་བོད་ལྗོངས་ཀྱི་ཐོབ་ཐང་ ...

已有 44 次阅读2019-11-1 16:24 |系统分类:见闻


                          ༄༅།།སང་ཉིན་ནས་བཟུང་བོད་ལྗོངས་ཀྱི་ཐོབ་ཐང་ལག་ཁྱེར་ཡོད་ན་རང་སྐྱོང་ལྗོངས་ནང་ཁུལ་གྱི་
                                 མཁའ་ལམ་འདི་དག་གི་སྤ་སེའི་རིན་གོང་བཅུ་ཆ་བདུན་བར་མར་གཅོག་རྒྱུ་རེད།
                               ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

                         
      གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོའི་ཟླ་11པའི་ཚེས་1ནས་སང་ལོའི་ཟླ་5པའི་ཚེས་31ཉིན་བར་བོད་ལྗོངས་ནང་ཁུལ་གྱི་མི་དམངས་འགྲུལ་སྐྱོད་སྐབས་བོད་ལྗོངས་ཀྱི་ཐོབ་ཐང་ལག་ཁྱེར་བཟུང་ནས་བོད་ལྗོངས་མཁའ་འགྲུལ་གྱིས་དངོས་སུ་སྐྱེལ་འདྲེན་གྱི་འགན་འཁུར་བའི་རང་སྐྱོང་ལྗོངས་ནང་ཁུལ་གྱི་མཁའ་ལམ་གསུམ་གྱི་སྤ་སེ་ཉོས་ན།  གྲོན་ཆུང་སྐུབ་སྟེགས་རིན་གོང་ཆ་ཚང་གི་རྨང་གཞིའི་ཐོག་30%ཡི་གཟིགས་སྐྱོང་སྲིད་ཇུས་ཐོབ་ཐུབ། 
      དང་པོ།  བྱ་འགུལ་གྱི་དུས་ཚོད།
      2019ལོའི་ཟླ་11པའི་ཚེས་1ནས་2020ལོའི་ཟླ་5པའི་ཚེས་31བར།
      གཉིས་པ། བྱ་འགུལ་མཁའ་ལམ། 
      བོད་ལྗོངས་མཁའ་འགྲུལ་གྱིས་དངོས་སུ་སྐྱེལ་འདྲེན་གྱི་འགན་འཁུར་བའི་ལྷ་ས་དང་མངའ་རིས་བར།  ལྷ་ས་དང་ཆབ་མདོའི་བར། ལྷ་ས་དང་ཉིང་ཁྲིའི་བར་བཅས་ཀྱི་མཁའ་ལམ།
      གསུམ་པ།  བྱེ་བྲག་གི་གཟིགས་སྐྱོང་བྱེད་ཐབས
      1.བོད་རང་སྐྱོང་ལྗོངས་ནང་ཁུལ་མི་དམངས་ཀྱི་འགྲུལ་སྐྱོད། 
      གཤམ་གསལ་གྱི་ཆ་རྐྱེན་གང་རུང་ཞིག་འཛོམས་པའི་འགྲུལ་པ་ཡིན་ཕྱིན། བོད་ལྗོངས་མཁའ་འགྲུལ་གྱིས་དངོས་སུ་སྐྱེལ་འདྲེན་གྱི་འགན་འཁུར་བའི་རང་སྐྱོང་ལྗོངས་ནང་ཁུལ་གྱི་མཁའ་ལམ་གསུམ་གྱི་སྤ་སེ་ཉོས་ན།  གྲོན་ཆུང་སྐུབ་སྟེགས་རིན་གོང་ཆ་ཚང་གི་རྨང་གཞིའི་ཐོག་30%ཡི་གཟིགས་སྐྱོང་སྲིད་ཇུས་ཐོབ་ཐུབ། 
      1)སྤྱི་དམངས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་འགོ་མ་གཉིས་ནི་54ཡིན་པའི་ཡུལ་སྐོར་བས་བོད་ལྗོངས་མཁའ་འགྲུལ་ལྟེ་གནས་ལ་ཁ་པར་གཏོང་བའམ་ཡང་ན་གཏན་ཁེལ་ཕྱིར་འཚོང་ས་ཚིགས་ལ་ཉོ་རུ་ཕྱིན་ཆོག 
      2)ཐོབ་ཐང་ལག་ཁྱེར་སྤྲོད་མཁན་གྱི་ལས་ཁུངས་ནི་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་སྤྱི་བདེ་ཅུས་ཡིན་པ་མ་ཟད། ཐོབ་ཐང་ལག་ཁྱེར་ཐོག་གི་སྡོད་གནས་དེ་བོད་ལྗོངས་ནང་ཁུལ་གྱི་ས་གནས་ཡིན་ན་ངེས་པར་དུ་གཏན་ཁེལ་ཕྱིར་འཚོང་ས་ཚིགས་སུ་སོང་ནས་ཉོ་དགོས། 
      2.ཚོགས་པའི་འགྲུལ་སྐྱོད། 
      བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཡུལ་སྐོར་བ་ཚོགས་པ་ཆེ་གྲས་(མི་10ཡན་ཡོད་པ)ལ་གཤམ་གསལ་གྱི་ཆ་རྐྱེན་དག་ལས་གཅིག་འཛོམས་ན། བོད་ལྗོངས་མཁའ་འགྲུལ་གྱིས་དངོས་སུ་སྐྱེལ་འདྲེན་གྱི་འགན་འཁུར་བའི་རང་སྐྱོང་ལྗོངས་ནང་ཁུལ་གྱི་མཁའ་ལམ་གསུམ་གྱི་སྤ་སེ་ཉོས་ན་གྲོན་ཆུང་སྐུབ་སྟེགས་རིན་གོང་ཆ་ཚང་གི་རྨང་གཞིའི་ཐོག་20%ཡི་གཟིགས་སྐྱོང་སྲིད་ཇུས་ཐོབ་ཐུབ། 
      1)བོད་ལྗོངས་མཁའ་འགྲུལ་གྱིས་དངོས་སུ་སྐྱེལ་འདྲེན་གྱི་འགན་འཁུར་བའི་ལམ་ཐིག་གཉིས་ཡན་གྱི་གནམ་གྲུའི་སྤ་སེ་ཉོས་ནས། དེ་ལས་གཅིག་ནི་བོད་རིགས་ས་ཁུལ་དུ་འགྲོ་འོང་བྱེད་པའི་གནམ་གྲུ་ཡིན་པ།
      2)བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཕར་ཚུར་གྱི་གནམ་གྲུའི་སྤ་སེ་ཉོས་ནས། གལ་ཏེ་དེ་ནི་མཁའ་འགྲུལ་ས་ཚིགས་གཅིག་གི་ཕར་ཚུར་གྱི་སྤ་སེ་ཡིན་ན། ཉིན་གསུམ་ཡན་སྒུག་དགོས། 
       ཟུར་བཀོད། བོད་ལྗོངས་མཁའ་འགྲུལ་ཞབས་ཞུའི་ལྟེ་གནས་དང་སྤ་སེ་འཚོང་སའི་ས་གནས་དང་འབྲེལ་གཏུག་ཁ་པར་ཨང་གྲངས།
       1.བོད་ལྗོངས་མཁའ་འགྲུལ་ཞབས་ཞུ་ལྟེ་གནས།  ཁ་པར་ཨང་གྲངས། 4008-0891-88 
       2. བོད་ལྗོངས་མཁའ་འགྲུལ་གྱི་ལྷ་སའི་སྤ་སེ་འཚོང་ས།
       ས་གནས། ལྷ་ས་གྲོང་ཁྱེར་མི་རིགས་ལྷོ་ལམ་ཨང་1པའི་བོད་ལྗོངས་མཁའ་འགྲུལ་གྱི་སྤ་སེ་འཚོང་ས།
       འབྲེལ་གཏུག་ཁ་པར། 0891-6830088
       3.བོད་ལྗོངས་མཁའ་འགྲུལ་ལྷ་སའི་གནམ་ཐང་གི་སྤ་སེ་འཚོང་ས།
       ས་གནས། ལྷ་སའི་གོང་དཀར་གནམ་ཐང་བོད་ལྗོངས་མཁའ་འགྲུལ་སྤ་སེ་འཚོང་ས། (ཨང་18པ།)
       འབྲེལ་གཏུག་ཁ་པར། 0891-6217053 
       4. བོད་ལྗོངས་མཁའ་འགྲུལ་ཁྲེན་ཏུའུ་T2གནམ་ཐང་གི་སྤ་སེ་འཚོང་ས།
       ས་གནས། ཁྲེན་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་གི་གནམ་གྲུ་སྒུག་སའི་ཐོག་ཁང་ཨང་2པའི་སྤ་སེ་འཚོང་ས་ཨང་82པ་དང་ཨང་83པ། 
       འབྲེལ་གཏུག་ཁ་པར། 028-85207835
       5. བོད་ལྗོངས་མཁའ་འགྲུལ་ཁྲུང་ཆིན་གནམ་ཐང་གི་སྤ་སེ་འཚོང་ས།
       ས་གནས། ཁྲོན་ཆིན་གྲོང་ཁྱེར་ཅང་པེ་རྒྱལ་སྤྱིའི་གནམ་ཐང་གི་གནམ་གྲུ་སྒུག་སའི་ཐོག་ཁང་T3ནང་གི་རྒྱལ་ནང་འགྲུལ་སྐྱོད་སྒོ་རྟགས་ཨང་5པའི་ཞབས་ཞུའི་ས་གནས་ཨང་རྟགས་3Jཡི་བོད་ལྗོངས་མཁའ་འགྲུལ། 
       འབྲེལ་གཏུག་ཁ་པར། 023-67152025
       6. བོད་ལྗོངས་མཁའ་འགྲུལ་ཞི་ཨན་གནམ་ཐང་གི་སྤ་སེ་འཚོང་ས། 
       སྡོད་གནས། ཞི་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་ཐང་གི་གནམ་གྲུ་སྒུག་སའི་ཐོག་ཁང་T2ཡི་ཞབས་ཞུའི་ས་གནས་ཨང་རྟགས་D 
       འབྲེལ་གཏུག་ཁ་པར། 029-88799386
       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 15:11 , Processed in 0.025421 second(s), 20 queries .

返回顶部