博客西藏在最高处过一种生活

日志

༄༅།།2019ལོའི་“རིག་གནས་གསར་གཏོད་ཀྱི་བོད་ལྗོ ...

已有 53 次阅读2019-11-1 16:15 |系统分类:见闻


               ༄༅།།2019ལོའི་“རིག་གནས་གསར་གཏོད་ཀྱི་བོད་ལྗོངས་”ཞེས་པའི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་དགྱེས་ཚོགས་
                              མཇུག་སྒྲིལ་ཞིང་ལྗོངས་རིམ་པའི་ལྷ་རིས་པའི་གྲངས་འབོར་147བར་མང་དུ་ཕྱིན་ཡོད།
                                  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན།  2019ལོའི་“རིག་གནས་གསར་གཏོད་ཀྱི་བོད་ལྗོངས་” ཞེས་པའི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་དགྱེས་ཚོགས་བཤད་སྒྲ་གཞིས་ཀ་ནས་མཇུག་སྒྲིལ། ཉིན་བདུན་རིང་བོད་གྲུམ་དང་“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་དཔང་ཐོབ་ཐོན་རྫས་འགྲེམ་ཚོང་རྣམ་གྲངས་གཉིས་ནས་བརྩམས་ཆོས་500ལྷག་འགྲེམ་སྟོན་བྱས་ཤིང་། ལྟད་མོ་བ་མི་ཐེངས་ཁྲི་1ལྷག་གི་ཡིད་དབང་བཀུགས་ནས་ཡུལ་དངོས་སུ་ཕྱི་ཚོང་དང་མངག་ཉོའི་རེ་འདུན་གན་རྒྱ་སྒོར་ཁྲི་210ལྷག་གིས་བཞག  སྤྱི་དམངས་ཀྱིས་“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་ས་གནས་ཀྱི་སྤྱི་སྤྱོད་ཐོན་རྫས་ཤེས་ཚད་དང་དང་ལེན་བྱེད་ཚད་ལ་ར་སྤྲོད་ཆེན་པོ་བྱས་པ་རེད།

                 
                                         ཉིན་བདུན་རིང་ཕྱི་ཚོང་སྒོར་ཁྲི་210ལྷག་ཟིན།

     ཉིན་རེ་བཞིན་ཇེ་འཁྱག་ཡིན་པའི་གནམ་གཤིས་ཀྱིས་ཀུན་གྱིས་སྒྱུ་རྩལ་ལ་བཅངས་པའི་སྤྲོ་སེམས་འགོག་མི་ཐུབ།  ཚེས་30ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་30སྟེང་བཤད་སྒྲ་གཞིས་ཀའི་ར་སྐོར་ནང་དུ་ཐང་ག་བཞེངས་མཁན་དང་། འདྲ་སྐུ་བཞེངས་མཁན། གྲོང་མི་བཅས་ཀྱིས་ཁེངས་འདུག ཁོང་ཚོས་སྔ་ས་ནས་ཁྱབ་བསྒྲགས་བྱེད་ཉེར་ཡོད་པའི་རིམ་ལྡན་ལྷ་རིས་པ་དང་རིམ་ལྡན་འདྲ་སྐུ་བཟོ་མཁན་རྣམས་ལ་དྲི་མེད་ཁ་བཏགས་དཀར་པོ་གྲ་སྒྲིག་བྱས་ཡོད། 
     ཉིན་བདུན་རིང་གི་2019ལོའི་“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་ཁྱད་ལྡན་རིག་གནས་ཐོན་ལས་དགྱེས་ཚོགས་སུ་“བོད་ལྗོངས་ཐང་གའི་སྒྱུ་རྩལ་དངོས་མང་བཤམས་སྟོན་སྐབས་དགུ་བ”དང་།  “བོད་ལྗོངས་ལྡེར་བཟོ་སྒྱུ་རྩལ་དངོས་མང་བཤམས་སྟོན་སྐབས་གཉིས་པ།”  “བོད་ལྗོངས་ས་གདན་ཐོན་ལས་ཉོ་ཚོང་དངོས་མང་བཤམས་སྟོན་སྐབས་གསུམ་པ།” “རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་ཁས་ལེན་བྱས་པའི་ཐོན་རྫས་ཉོ་ཚོང་འགྲེམ་སྟོན་དང་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་ལས་གཞི་སྟེ་《ཀྲུང་གོའི་ཐང་ག་སྤུས་དག་འགྲེམ་སྟོན》ཞེས་པ་རྒྱལ་ནང་སྐོར་སྐྱོད་འགྲེམ་སྟོན་ལས་ལྷ་སའི་འགྲེམ་སྟོན་བཅས་ནང་དོན་མང་པོ་འདུས།  
      གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཏེ“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྤྱིའི་ཇུས་འགོད་དང་ཕྱོགས་བསྡུས་དྲིལ་བསྒྲགས་དང་ཁྱབ་གདལ། གཟུགས་བརྙན་མཚོན་རྟགས་གཅིག་གྱུར་བཅས་བྱས་པ་བརྒྱུད་སྤུས་རྟགས་དང་མཐོང་ཚོར་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་པས་“རིག་གནས་གསར་གཏོད་ཀྱི་བོད་ལྗོངས་”ཞེས་པ་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
      བྱོན་ལེགས་པའི་ཐང་ག་དང་ལྡེར་བཟོའི་འགྲེམ་སྟོན་གྱིས་མི་མང་པོ་ཞིག་གི་ཡིད་དབང་བཀུགས། བོད་ཀྱི་ས་གདན་དང་“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་དཔང་ཐོབ་ཐོན་རྫས་ཀྱི་ཉོ་ཚོང་འགྲེམ་སྟོན་གཉིས་ཀྱིས་གྲོང་མི་མང་པོ་ཞིག་གི་ཉོ་འདོད་ཆེན་པོ་བྱེད་ཀྱིན་ཡོད། ཉིན་བདུན་རིང་རིག་གནས་གསར་གཏོད་ཐོན་རྫས་500ལྷག་ཙམ་འགྲེམ་སྟོན་བྱས་ནས་འགྲུལ་པ་མི་ཐེངས་ཁྲི་1ལྷག་གི་ཡིད་དབང་བཀུགས་པ་དང་ས་གནས་ས་ཐོག་ཏུ་ཕྱི་ཚོང་དང་མངག་ཉོའི་རེ་འདུན་གན་རྒྱ་སྒོར་ཁྲི་210ལྷག་གིས་བཞག
      རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་ཁང་གི་ཁྲུའུ་ཀྲང་གཞོན་པ་ལི་ཁྲོན་ཀྲོའུ་ཡིས་སྐབས་འདིའི་“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་དགྱེས་ཚོགས་སུ་ཐོག་མའི་ཐོན་ཁུངས་སྡེབ་སྒྲིག་དང་། ཁྲོམ་རའི་ཁྲིད་ཕྱོགས། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་བཅས་གཉིས་ཀར་འགྱུར་ལྡོག་རགས་ཙམ་མངོན་འགྱུར་བྱུང་ཞིང་། ས་ཁོངས་ཀྱི་རིག་གནས་ཐོན་ཁུངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཁྲོམ་ར་ཅན་དང་སྤུས་ལེགས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད་ལ། སྲིད་གཞུང་འགན་ནུས་སྡེ་ཚན་གྱིས་ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དྲིལ་བསྒྲགས་ཁྱབ་གདལ་གཏོང་སྟངས་གསར་གཏོད་དང་འཕེལ་རྒྱས་བཟང་པོ་ཡོང་བ་ཡང་མངོན་ཡོད་པས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རིག་གནས་གསར་གཏོད་དང་གསར་སྐྲུན་ལ་སྐུལ་ལྕག ཁྱད་ལྡན་རིག་གནས་ཐོན་ཁུངས་ལྗོངས་ཆེན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གོམ་པ་བརྟན་པོ་སྤོས་ཡོད་ཅེས་གསུངས། 
      ལྗོངས་རིམ་པའི་སྐུ་འདྲ་བཟོ་མཁན་24བདམས་ཐོན་བྱུང་བ་རེད། 
      སྔ་དྲོའི་ཆུ་ཚོད་10ཡི་སྟེང་མཇུག་སྒྲིལ་བའི་མཛད་སྒོ་རགས་བསྡུའི་ངང་ཕྱོགས་སྡོམ་བྱས་རྗེས་སྐབས་དགུ་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་དངོས་མང་བཤམས་སྟོན་གྱི་ཆེད་མཁས་ཚོགས་པའི་ཚོགས་གཙོ་ངག་དབང་འཇིགས་མེད་དང་། སྐབས་གཉིས་པའི་བོད་ལྗོངས་ལྡེར་བཟོ་སྒྱུ་རྩལ་དངོས་མང་བཤམས་སྟོན་ཆེད་མཁས་ཚོགས་པས་མངའ་རིས་ཀྱི་ཚབ་ཞུས་ནས་གསར་དུ་བདམས་པའི་ལྗོངས་རིམ་པའི་ལྷ་རིས་པ་དང་སྐུ་འདྲ་བཟོ་མཁན་རྣམས་ཁྲོམ་བསྒྲགས་གནང་བ་རེད། 
      ངག་དབང་འཇིགས་མེད་ཀྱིས་ཐང་གའི་སྒྱུ་རྩལ་དངོས་མང་བཤམས་སྟོན་གྱི་སྒྲིག་ཡིག་གཞིར་བཟུང་སྟེ། བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་བཤམས་སྟོན་སྐབས་དགུ་པར་ཁྱོན་བསྡོམས་ལྗོངས་རིམ་པའི་ལྷ་རིས་པ་42དཔྱད་འདེམས་བྱས་པའི་ནང་རིམ་པ་དང་པོའི་ལྷ་རིས་པ་6དང་། རིམ་པ་གཉིས་པའི་ལྷ་རིས་པ་11 །  རིམ་པ་གསུམ་པའི་ལྷ་རིས་པ་25བཅས་ཡོད། རིམ་པ་མཐོ་བའི་ལྷ་རིས་པ་དཔྱད་ཞིབ་ཀྱི་རྩ་དོན་ལྟར་སྐབས་འདིའི་ཐང་གའི་སྒྱུ་རྩལ་དངོས་མང་བཤམས་སྟོན་ལ་རིམ་པ་མཐོ་བའི་ལྷ་རིས་པ་29གསར་སྣོན་བྱས་ཤིང་། ལྗོངས་རིམ་པའི་ལྷ་རིས་པ་147ཡོད་པའི་ནང་རིམ་པ་དང་པོའི་ལྷ་རིས་པ་32དང་། རིམ་པ་གཉིས་པའི་ལྷ་རིས་པ་48། རིམ་པ་གསུམ་པའི་ལྷ་རིས་པ་67བཅས་ཡོད། 

                 
      མངའ་རིས་ཀྱིས་སྐབས་གཉིས་པའི་བོད་ལྗོངས་ཀྱི་ལྡེར་བཟོ་སྒྱུ་རྩལ་དངོས་མང་བཤམས་སྟོན་སྐབས་གཉིས་པར་ལྗོངས་རིམ་པའི་སྐུ་འདྲ་བཟོ་མཁན་24བདམས་པའི་ནང་རིམ་པ་དང་པོའི་སྐུ་འདྲ་བཟོ་མཁན་5དང་། རིམ་པ་གཉིས་པའི་སྐུ་འདྲ་བཟོ་མཁན་7།  རིམ་པ་གསུམ་པའི་སྐུ་འདྲ་བཟོ་མཁན་12བཅས་ཡོད་པ་རེད། 
      ད་ལོར་ལོ་50ལ་སོན་པའི་ནོར་བུ་གཡུ་རྒྱལ་ནི་དིང་སྟོད་ཐང་ག་འབྲི་ལུགས་ཀྱི་རྒྱུན་འཛིན་པ་ཞིག་ཡིན། བཤད་སྲོལ་ལ། དིང་སྟོད་ཐང་ག་འབྲི་ལུགས་ནི་ཞང་ཞུང་ནས་དར་བ་དང་། བོན་པོའི་ཐང་གའི་འབྲི་སྲོལ་ལ་གཏོགས། ནོར་བུ་གཡུ་རྒྱལ་ལོ་14ལ་སོན་སྐབས་སྤོ་བོ་ལགས་དང་མཉམ་དུ་ཐང་ག་འབྲི་རྩལ་སྦྱངས་པ་དང་། ལོ་10ཡི་རྗེས་སུ་རང་གཅིག་པུས་རི་མོ་བྲིས་ཤིང་། དེ་རྗེས་དགེ་ཕྲུག་འཁྲིད་དེ་སློབ་ཁྲིད་བྱས་པ་དང་ནོར་བུ་གཡུ་རྒྱལ་གྱིས་སྲོལ་རྒྱུན་རི་མོའི་དགེ་ཕྲུག་200ལྷག་ཙམ་གསོ་སྐྱོང་བྱས་ཡོད། 2011ལོར་ནོར་བུ་གཡུ་རྒྱལ་བོད་ལྗོངས་ཐང་གའི་སྒྱུ་རྩལ་དངོས་མང་བཤམས་སྟོན་སྐབས་གཉིས་པར་ཞུགས་སྐབས། རིམ་པ་དང་པོའི་ལྷ་རིས་པ་ཐོབ་སྟེ་དཔྱད་ཞིབ་བྱས་པ་བརྒྱུད། 2016ལོར་རིགས་གཅིག་མཁས་ཅན་འོས་མིར་གྱུར་པ་རེད།  སྐབས་འདིའི་ཐང་གའི་སྒྱུ་རྩལ་དངོས་མང་བཤམས་སྟོན་ཐོག་ནོར་བུ་གཡུ་རྒྱལ་གྱིས་འགྲན་སྡུར་ནང་ཞུགས་པའི་དགེ་ཕྲུག་12འཁྲིད་ཡོང་བ་དང་།  དཔྱད་ཞིབ་བྱས་པ་བརྒྱུད་མི་གཅིག་རིམ་པ་དང་པོའི་ལྷ་རིས་པར་བདམས་པ་དང་།  མི་གཅིག་རིམ་པ་གཉིས་པའི་ལྷ་རིས་པར་བདམས་པ།  མི་གཉིས་རིམ་པ་གསུམ་པའི་ལྷ་རིས་པར་བདམས་པ་རེད། 
      སྐལ་བཟང་ཉི་མས་ནོར་བུ་གཡུ་རྒྱལ་དང་མཉམ་དུ་ཐང་ག་འབྲི་རྩལ་སྦྱངས་ནས་ལོ་13སོང་བ་དང་བོད་ལྗོངས་ཀྱི་ཐང་གའི་དངོས་མང་བཤམས་སྟོན་སྐབས་བདུན་པར་ཞུགས་མྱོང་ཡོད། སྐབས་དེ་དུས་ལྗོངས་རིམ་པའི་ལྷ་རིས་པ་ཞིག་གི་མཚན་སྙན་ཐོབ་མེད། ཕ་ཡུལ་དུ་ལོག་རྗེས་ཐང་ག་འབྲི་བར་དཀའ་སྤྱད་འབད་བརྩོན་བྱས་མཐར་ད་ཐེངས་གཞི་ནས་རིམ་པ་དང་པོའི་ལྷ་རིས་པ་ཞེས་པའི་མཚན་སྙན་ཐོབ་པ་རེད། “ཐང་གའི་སྒྱུ་རྩལ་དངོས་མང་བཤམས་སྟོན་ནི་སྟེགས་བུ་ཧ་ཅང་ཡག་པོ་ཞིག་ཡིན་པས་ལྷ་རིས་པ་ཚོས་འབད་བརྩོན་བྱས་ཚེ་གྲུབ་འབྲས་ཐོབ་སྲིད།”ཅེས་སྐལ་བཟང་ཉི་མས་དེ་ལྟར་བཤད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 14:39 , Processed in 0.027322 second(s), 20 queries .

返回顶部