博客西藏在最高处过一种生活

日志

༄༅།།“ཁོ་མོའི་སྟོབས་ཤུགས”གཅིག་ཏུ་བསྒྲིལ་ན ...

已有 211 次阅读2019-11-1 09:54 |系统分类:见闻



                                ༄༅།།“ཁོ་མོའི་སྟོབས་ཤུགས”གཅིག་ཏུ་བསྒྲིལ་ནས་དུས་རབས་གསར་པ་གཏོད།
                                ——བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་བཙུགས་པ།
                                                ཡོང་ཁུངས་། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

                 
                                            ཚོགས་འདུའི་ཡུལ་དངོས།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “བུད་མེད་ཤེས་ཡོན་ཅན་ནི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།” དུས་ཡུན་རིང་པོར་བོད་ལྗོངས་ཀྱི་ལས་རིགས་སོ་སོའི་བུད་མེད་ཤེས་ཡོན་ཅན་རྣམས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཧུར་ཐག་ངང་ཞུགས་ཏེ།  སོ་སོའི་བྱ་བའི་ལས་གནས་ཐོག་དུས་རབས་གསར་པའི“ཁོ་མོའི་སྟོབས་ཤུགས”དང་“ཁོ་མོའི་ངོ་མཚར”གྱི་ལོ་རྒྱུས་བསྐྲུན་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“གནམ་གྱི་ཕྱེད་ཀ”ཟིན་པར་བྱས། 
       བོད་ཀྱི་བུད་མེད་ཤེས་ཡོན་ཅན་ཕན་ཚུན་བགྲོ་གླེང་དང་མཉམ་ལས་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། རིག་སྟོབས་ཐོན་ཁུངས་དང་ཤེས་བྱའི་གྲུབ་འབྲས་སྡེབ་སྒྲིག་བྱས་ནས་སྤྱི་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་ཆེད། བོད་ལྗོངས་བུད་མེད་མཛའ་འབྲེལ་འབྲེལ་གཏུག་ལས་སྟེགས་ཏེ། བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཞེས་པ་དུས་བབ་དང་མཐུན་ནས་བྱུང་བ་རེད། 

                 
                                             ཚོགས་འདུའི་ཡུལ་དངོས།

       ཟླ་10ཚེས་27ཉིན། བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་བཙུགས་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལག་བསྟར་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཀྲུའུ་ཞི་གཞོན་པ། ཀྲུའུ་ཞི་སོགས་བདམས་ཐོན་བྱུང་།
      བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་ཞི་རྒྱང་མཚོ་ལྷ་མོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོ་མོས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ནུས་ཡག་པོ་སྒྲུབ་པ་དང་། རིག་སྟོབས་ཀྱི་ལེགས་ཆ་སྡེབ་སྒྲིག སྤྱི་ཚོགས་ཀྱི་ཞབས་ཞུའི་རྣམ་གྲངས་དང་ལེན་བཅས་བྱས་ཏེ། ཟབ་སྦྱོང་དང་། རིག་གཞུང་འཆད་ཁྲིད། བགྲོ་གླེང་ཞིབ་འཇུག་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་རེ་བ་ཡོད་ལ། རྒྱ་ཆེའི་བུད་མེད་ཤེས་ཡོན་ཅན་གྱིས་རིག་ཚན་ཁྱབ་ཁོངས་ཁག་གི་སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། ལག་ལེན་སྦྱོང་བརྡར་ལ་སྣང་ཆེན་བྱེད་པ། གཞི་རིམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བསྒྱུར་རྒྱུར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ། རིག་སྟོབས་ཐོན་ཁུངས་ཁྱབ་ཁོངས་སོ་སོར་ཁྱབ་པ་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་ཆེད་དུ་རང་ཉིད་ཀྱིས་ལེགས་སྐྱེས་འབུལ་དགོས་པའི་རེ་བ་ཡོད་པ་དང་། ད་དུང་རྒྱ་ཆེའི་བུད་མེད་ཤེས་ཡོན་ཅན་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ནང་ཧུར་ཐག་སྒོས་ཞུགས་ནས།  “སྣེ་ཁྲིད་པ”དང་མིག་དཔེའི་ནུས་པ་འདོན་པ་དང་།  བུད་མེད་དེ་བས་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་ཀྱི་སྤྱོད་བཟང་དར་སྤེལ་དང་། གསར་གཏོད་ལས་གཏོད་ནང་ཞུགས་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་རེ་བའང་ཡོད་ཅེས་གསུངས་པ་རེད།

                 
                                                ཚོགས་འདུའི་ཡུལ་དངོས།

       “བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དེས་རྒྱ་ཆེའི་བུད་མེད་ཤེས་ཡོན་ཅན་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། མ་འོངས་པར་རྒྱ་ཆེའི་བུད་མེད་ཤེས་ཡོན་ཅན་རྣམས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་ངེས་པའི་ཡིད་ཆེས་ཡོད།”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་སྨན་ཞིབ་འཇུག་ཁང་གི་ཅི་ཆིའུ་མའེ་ཡིས་དེ་ལྟར་བརྗོད་སོང་། 
       བོད་ལྗོངས་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་གི་དགེ་རྒན་པ་སངས་སྒྲོལ་མས་བརྗོད་དོན།“བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི་ལས་རིགས་ཁག་གི་བུད་མེད་ཕུལ་བྱུང་ཅན་གྱི་བགྲོ་གླེང་སྟེགས་བུ་ཞིག་ཡིན་པ་དང་། རིག་ཚན་གྱི་ཁྱབ་ཁོངས་མི་འདྲ་བ་སོ་སོ་གནས་འདི་རུ་མཉམ་དུ་འདུས་ནས་མེ་སྟག་མི་འདྲ་བ་མཆེད་ངེས་རེད།”ཅེས་ཟེར། 
       ཞིང་འབྲོག་པའི་ཁྲིམས་ལུགས་ཁྱབ་སྤེལ་ལས་དོན་གྱི་བྱ་བར་ཞུགས་མཁན་སངས་རྒྱས་ལྷ་མོས་བརྗོད་དོན། ལས་སྟེགས་འདི་བརྒྱུད་དེ་བོད་ཀྱི་རྒྱ་ཆེའི་ཕུལ་བྱུང་བུད་མེད་ཤེས་ལྡན་པ་ཚང་མ་“ཁྱིམ་ཚང་ཆེན་མོ”གཅིག་ཏུ་འཛོམས་ནས། ཚང་མ་དང་མཉམ་དུ་བོད་ཀྱི་བུད་མེད་རྣམ་པའི་ཆེད་དང་བོད་ཀྱི་དོན་དུ་བྱ་བ་བསྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་ཟེར། 

                 
                                                     ཚོགས་འདུའི་ཡུལ་དངོས།

                 
                 གསར་དུ་བདམས་ཐོན་བྱུང་བའི་བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྤེན་པ་ལྷ་མོ། 

       “བོད་ཀྱི་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་ཕུལ་བྱུང་བུད་མེད་ཚོ་གནས་འདི་རུ་ཕན་ཚུན་འཕྲད་པ་དང་། ཕན་ཚུན་ངོ་ཤེས་པ། ཕན་ཚུན་རྒྱུས་ལོན་བྱེད་དུ་བཅུག་ནས་ཚང་མ་ལ་ཐུན་མོང་ཐོག་སློབ་སྦྱོང་དང་ཡར་ཐོན་ཡོང་བའི་གོ་སྐབས་ཞིག་སྤྲད་ཡོད། ཚང་མས་སྔར་ལས་མཛེས་སྡུག་དང་ཡིད་ཆེས་ལྡན་པའི་རྣམ་འགྱུར་གྱིས་རང་ཉིད་ཀྱི་ལས་གནས་ཐོག་ལེགས་སྐྱེས་དེ་བས་མང་པོ་འབུལ་རྒྱུའི་རེ་བ་ཡོད།” “རལ་པའི་རྒྱལ་མོ”ཚེ་སྐྱིད་ཀྱིས་བརྗོད་དོན།བོད་ཀྱི་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི་བྱེད་སྒོ་ཁག་གི་ནང་ཧུར་ཐག་སྒོས་ཞུགས་ངེས་ཡིན་ལ། བོད་ཀྱི་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི་བྱ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་ཡོང་བ་དང་། དུས་རབས་གསར་པའི་བོད་ཀྱི་བུད་མེད་ཀྱི་གཏམ་རྒྱུད་ཟམ་མི་ཆད་པར་རྩོམ་ཐུབ་པའི་སྨོན་འདུན་ཞུ།”ཞེས་བརྗོད།

                
                                                 “རལ་པའི་རྒྱལ་མོ”ཚེ་སྐྱིད།

      གསར་དུ་བདམས་ཐོན་བྱུང་བའི་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྤེན་པ་ལྷ་མོས་བརྗོད་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བརའཛུབ་ཁྲིད་བྱེད་པ་དང་། བོད་ཀྱི་བུད་མེད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤེལ་བ། ཐུན་མོང་གི་བྱ་གཞག་དང་ཐུན་མོང་གི་བསམ་བློའི་འདུ་ཤེས་ལ་བརྟེན་ནས་མཐུན་སྒྲིལ་ངང་འབད་པ་བྱེད་དགོས། མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་བུད་མེད་ཤེས་ཡོན་ཅན་རྣམས་མཉམ་འབྲེལ་དང་མཐུན་སྒྲིལ་བྱས་ཏེ། མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་ཡོངས་སུ་བུད་མེད་ཤེས་ཡོན་ཅན་ལ་བརྩི་འཇོག་དང་གཅེས་སྐྱོང་བྱེད་པ་དང་། བུད་མེད་ཤེས་ཡོན་ཅན་འཕེལ་རྒྱས་འགྲོ་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་སྤྱོད་བཟང་སྐུལ་འདེད་བཏང་ནས།  སྔར་ལས་ལྷག་པར་རང་ངོས་ཀྱི་རིན་ཐང་མངོན་འགྱུར་དང་སྤྱི་ཚོགས་ལ་ཞབས་འདེགས་ལེགས་པོ་ཞུ་བ་དེ་ཡིན་ཞེས་བསྟན། 

                 

                                 ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ལྗོངས་རིག་གནས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 14:54 , Processed in 0.026834 second(s), 20 queries .

返回顶部