博客西藏在最高处过一种生活

日志

༄༅།།རྒྱལ་ཁབ་རིམ་པའི་སྨན་པ་ཆེན་མོ་ཉི་མ་ལ་ ...

已有 353 次阅读2019-10-29 08:22 |系统分类:见闻


                 ༄༅།།རྒྱལ་ཁབ་རིམ་པའི་སྨན་པ་ཆེན་མོ་ཉི་མ་ལ་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཕུལ་བྱུང་མཛད་རྗེས་ཀྱི་བྱ་དགའ་གནང་།
                                ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ། གཙོ་སྒྲིག་པ། བོ་དོང་བདེ་སྒྲོལ།

                         
     ཟླ10བའི་ཚེས25ཉིན། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཚོགས་ཆེན་པེ་ཅིན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆིང་གི་མཆན་འགོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཕུལ་བྱུང་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་ཞིང་། རྒྱལ་ཁབ་རིམ་པའི་སྨན་པ་ཆེན་མོ། རང་རྒྱལ་གྱི་བོད་སྨན་གསོ་རིག་པ་གྲགས་ཅན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཀྲུའུ་རིན་སྨན་པ། ཨ་རུ་ར་བོད་སྨན་གྱི་བློ་འདྲི་ས་ཉི་མ་ལགས་ལ“རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཕུལ་བྱུང་མཛད་རྗེས་ཀྱི་བྱ་དགའ”ཐོབ།

                         
     ཉི་མ་ལགས་ནི་གསོ་རིག་ལས་ཀར་ཞུགས་ནས་ལོ་ངོ་60ལྷག་གི་རིང་ལ། བླ་ན་མེད་པའི་ཀུན་སྤྱོད་དང་ཁྱད་དུ་འཕགས་པའི་སྨན་བཅོས་ལག་རྩལ་གྱིས་ནད་པ་མང་པོར་ནད་བཅོས་བྱས། ཉི་མ་ལགས་ཀྱིས་བློ་ཞིབ་བའི་སྒོ་ནས་ཞིབ་འཇུག་བྱས་ཏེ་བོད་སྨན་གྱི་སྨན་སྦྱོར་རྙིང་བ་བེད་སྤྱོད་བཏང་ནས། ལུས་ཁམས་གསོ་བ་དང་རྒྱུ་གསུམ་༼  རླུང་།འཁྲིས་བ། བད་ཀན།༽དོ་མཉམ། གདགས་སྲིབ་མཐུན་སྦྱོར། བོད་སྨན་གྱི་རྩ་འཁྲུ་གསོ་ཐབས། རྩ་གྲོལ་ན་སེལ། སྐྲན་ནད་ཚོད་འགོག ནད་གཞི་སོར་འགྱངས་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། བོད་སྨན་གྱི་ཁྱད་ཆོས་ལྡན་པའི་ཕྱི་ནད་བཅོས་ལུགས་ཐོག་མར་གསར་གཏོད་དང་ཁྱབ་བརྡལ་བཏང་སྟེ། བོད་ལུགས་གསོ་རིག་ཀྱི་སྐྲན་ནད་སྨན་བཅོས་ལ་འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་བྱུང་། རབ་བྱུང་གཅིག་གི་དུས་ཡུན་རིང་རྒྱུད་བཟང་མཐོ་སྒང་ཀུན་ལ་ཁྱབ། ཉི་མ་ལགས་ཀྱི་མི་ཚེ་གང་བོར་བོད་ལུགས་གསོ་རིག་གི་ལས་དོན་ལ་བྱས་རྗེས་བླ་ལྷག་བཞག་ནས་སེམས་ཤུགས་ཡོད་ཚད་བོད་ལུགས་གསོ་རིག་གི་ལས་དོན་ལ་ཕུལ་ཞིང་། བོད་ལུགས་གསོ་རིག་ལ་སྨད་དུ་མེད་པའི་རིག་གཞུང་བསམ་བློ་དང་སྨན་བཅོས་ཉམས་མྱོང་བསགས་ལ། བོད་ལུགས་གསོ་རིག་ཐད་ལ་རིན་ཐང་གཞལ་དུ་མེད་པའི་འཇོན་མི་མང་པོའང་གསོ་སྐྱོང་བྱས།

                          
      “རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཕུལ་བྱུང་མཛད་རྗེས་ཀྱི་བྱ་དགའ་”ནི་ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར70ཡི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་འགོ་ཁྲིད་འོག  རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་བྱ་བ་གཉེར་མཁན་དག་གིས་ཐུན་མོང་གི་འབད་བརྩོན་དང་སྤྱི་ཚོགས་རིགས་སོ་སོའི་མི་སྣའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག  ཀྲུང་ལུགས་གསོ་རིག་ལས་དོན་ལ་སྔར་མིན་གྱི་འཕེལ་རྒྱས་བྱུང་ཞིང་། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་དང་ཞབས་ཞུའི་རང་བཞིན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་བྱེད་ནུས་ཆེན་པོ་ཐོན་ཡོད་པར་མ་ཟད། ཀྲུང་ལུགས་གསོ་རིག་ལས་དོན་གྱི་རྒྱུད་འཛིན་དང་འཕེལ་རྒྱས་ལ་བྱས་རྗེས་བླ་མེད་བཞག་ཅིང་རྒྱལ་ཡོངས་སུ་ཤུགས་རྐྱེན་བླ་ལྷག་དང་སྣེ་ཁྲིད་མིག་དཔེའི་ནུས་པ་འབུར་དུ་ཐོན་པའི་དཔེ་སྟོན་མི་སྣ་སྐོར་ཞིག་བྱུང་ཡོད།
       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 14:41 , Processed in 0.029512 second(s), 20 queries .

返回顶部