日志

༄༅།།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི ...

已有 262 次阅读2019-10-26 09:55 |系统分类:文化


                  ༄༅།།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་འཚོགས་པ།
                    རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས། རྩོམ་པ་པོ། དཀོན་མཆོག་རྒྱ་མཚོ། རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

                                      

  2019ལོའི་ཟླ་10ཚེས་13ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་ཞིང་ཆེན་གཏན་ཚིགས་རིག་པའི་སློབ་ཚོགས། ཟི་ལིང་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། སི་ཁྲོན་ཞིང་ཆེན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཀན་སུའུ་ཞིང་ཆེན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། སྐུ་འབུམ་བྱམས་པ་གླིང་། དྷི་ཚ་བཀྲ་ཤིས་ཆོས་སྡིངས། པུས་མདོ་དགོན་པ། མཚོ་སྔོན་ནང་བསྟན་སློབ་གླིང་། ཡུལ་ཤུལ་ཁུལ་ནང་བསྟན་སློབ་གླིང་། པཎ་ཆེན་ཚད་མའི་སློབ་གླིང་སོགས་ཀྱི་དགེ་རྒན་ཆེན་མོ་དང་། མཁན་པོ། དགེ་བཤེས། གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་སོགས་བསྡོམས་པའི་མི་དྲུག་ཅུ་ཙམ་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།


blob.png

                   མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅོན་ཆི་ཀྲང་ཚོགས་ཞུགས་མཛད་པ།


blob.png

                                    ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད་རྣམས་ཚོགས་ཞུགས་གནང་བ།


blob.png

                    མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་མགོ་འཛིན་མཛད།


blob.png

སི་ཁྲོན་ཞིང་ཆེན་གཏན་ཚིགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་གླིང་གི་གླིང་གཙོ་བན་གོས་གཏམ་བཤད་གནང་བཞིན་པ།


blob.png

             མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཚོགས་ཆེན་གཏམ་བཤད་གནང་བཞིན་པ།


blob.png

           མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་ཚད་རིག་ལྷན་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་སྙན་ཞུ་ཕུལ་བ།


  ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ཚོགས་མི་རྣམས་ཙོང་ཁ་དགོན་པའི་ཚད་རིག་ལྷན་ཚོགས་ཀྱི་ཚོམས་ཆེན་དུ་ཕེབས་ནས་འགོ་རྩོམ་མཛད་སྒོར་ཞུགས་ཤིང་།ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་ཚོགས་འདུར་འགོ་འཛིན་བྱས་པ་དང་།ཀྲུང་གོའི་གཏན་ཚིགས་རིག་པ་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་འཚམས་འདྲི་ཤིས་ཚིག་ཕུལ་བ་དང་།སི་ཁྲོན་ཞིང་ཆེན་གཏན་ཚིགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་གླིང་གི་གླིང་གཙོ་བན་གོས་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་ཚད་རིག་ལྷན་ཚོགས་ཀྱི་༢༠༡༩ལོའི་ལོ་གཅིག་གི་བྱ་བའི་སྙན་ཞུ་ཕུལ་བ།


blob.png

                  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་གིས་ཚོགས་ཆེན་བགྲོ་གླེང་གི་འགོ་འཛིན་མཛད་པ།


blob.png

                 ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཐོ་རམས་པ་མཁན་པོ་ངག་དབང་མཆོག་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།


blob.png

                            མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷུན་འགྲུབ་རྡོ་རྗེས་གཏམ་བཤད་གནང་བཞིན་པ།


blob.png

                                                         ཚོགས་རའི་ཟུར་ཞིག


blob.png

                                                       ཚོགས་རའི་ཡུལ་དངོས།


blob.png

                                          ཚོགས་མི་རྣམས་ཀྱིས་གཏམ་བཤད་ལ་ཉན་བཞིན་པ།


  ཐེངས་འདིའི་ཚོགས་ཆེན་གྱི་དངོས་གཞི་བགྲོ་གླེང་ལ་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་གིས་འགོ་འཛིན་མཛད་ཅིང་། ཚོགས་ཆེན་བགྲོ་གླེང་གི་སྐབས་སུ་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོ་མཆོག་གིས་《བོད་རྒྱ་ཚད་མ་རིག་པའི་རིག་གཞུང་རྒྱུན་འཛིན་དར་སྤེལ་ཐད་ཀྱི་བསམ་གཞིག》དང་།མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་《རྒྱ་བོད་ཀྱི་ཚད་མ་རིག་པའི་རྟགས་ཚུལ་གཉིས་པའི་སྐོར་གྱི་དཔྱད་བསྡུར།》དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་《ཚད་གཞུང་རིན་ཆེན་སྒྲོན་མེ་ངོ་སྤྲོད་དང་འབྲེལ་དེར་བསྟན་པའི་དངོས་པོའི་དབྱེ་བ་གསུམ་གྱི་སྐོར་ལ་དཔྱད་པ།》དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷུན་འགྲུབ་རྡོ་རྗེས་《ཚད་མ་རིག་པས་དེང་གི་སྤྱི་ཚོགས་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ཐོན་པའི་ནུས་པའི་སྐོར་གླེང་བ།》ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཐོ་རམས་པ་མཁན་པོ་མཆོག་གྲུབ་ཀྱིས་《རྗེས་ལྡོག་གཉིས་ཀྱི་སྐོར་ལ་ཅུང་ཟད་དཔྱད་པ།》ཞེས་པ་སོགས་སོ་སོས་དཔྱད་རྩོམ་སྐོར་ནས་གཏམ་བཤད་རྒྱ་ཆེར་སྤེལ།


blob.png

                 མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། དགེ་བཤེས་ལྷ་རམས་པ་བསྟན་འཛིན་ཆོས་འཕེལ་གྱིས་བགྲོ་གླེང་གནང་བཞིན་པ།


blob.png

                                  ཚོ་ཆུང་གཉིས་པས་ཚོགས་འདུའི་བརྗོད་གཞིའི་སྐོར་ལ་བགྲོ་གླེང་གནང་བཞིན་པ།


blob.png

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་འདུན་གྱིས་ཚོ་ཆུང་དང་བོའི་བགྲོ་གླེང་ལ་སྤྱི་སྡོམ་མཛད་བཞིན་པ།


blob.png

               མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་ཚོ་ཆུང་གཉིས་པའི་བགྲོ་གླེང་ལ་སྤྱི་སྡོམ་མཛད་བཞིན་པ།


blob.png

      མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མུན་འཇོམས་སྒྲོན་མེས་ཐེངས་འདིའི་བགྲོ་གླེང་ལ་སྤྱི་སྡོམ་དང་མཇུག་བསྡུ་གཏམ་བཤད་གནང་བཞིན་པ།


  ཕྱི་དྲོར་ཚོ་ཆུང་གཉིས་སུ་བགོས་ནས་ཚོགས་མི་རྣམས་ཀྱིས་སོ་སོས་ཚོགས་འདུའི་བརྗོད་གཞི་ཚད་མ་རིག་པ་དེང་གི་སྤྱི་ཚོགས་ལ་ཇི་ལྟར་ཁ་ཕྱོགས་པ་དང་ནུས་པ་ཇི་ལྟར་འདོན་པའི་སྐོར་དང་།རྟགས་ཀྱི་ཚུལ་གསུམ་ལས་རྗེས་ཁྱབ་དང་ལྡོག་ཁྱབ་ཀྱི་སྐོར་ལ་བགྲོ་གླེང་རྒྱ་ཆེར་གནང་བ་མ་ཟད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་འདུན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་གཉིས་ཀྱིས་ཚོ་ཆུང་སོ་སོའི་ཚོགས་མི་རྣམས་ཀྱི་བགྲོ་གླེང་ལ་སྤྱི་སྡོམ་མཛད་པ་དང་། ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དགེ་བཤེས་མུན་འཇོམས་སྒྲོན་མེས་ཐེངས་འདིའི་ཚོགས་འདུའི་སྤྱི་སྡོམ་དང་མཇུག་བསྡུ་བའི་གཏམ་བཤད་གནང་ནས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ངང་ཚོགས་འདུའི་མཇུག་སྒྲིལ་བ་རེད།

  ད་ལོའི་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཁོངས་སུ་ཡོད་པའི་ཚད་རིག་རིག་གཞུང་དཔྱད་གླེང་དང་། ཚད་རིག་དཔེ་རྙིང་བསྡུ་སྒྲིག ཚད་རིག་མི་སྣ་གསོ་སྐྱོང་དང་ཚད་རིག་སློབ་དེབ་སྒྲིག་སྒྱུར། ཚད་རིག་དང་ཚན་རིག་ཞིབ་བསྡུར། ཚད་རིག་དུས་དེབ་འགྲེམ་སྤེལ་དང་ཚད་རིག་དྲ་ཐོག་བརྒྱུད་སྤེལ་ལ་སོགས་པར་བརྟེན་ནས། ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ནས། མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་སྐབས་སུ་ཚད་མ་རིག་པ་རྒྱུན་འཛིན་དར་སྤེལ་སྐོར་གྱི་གྲོས་གཞི་ཕུལ་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་རང་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་རྒྱ་བརྒྱུད་ཚད་མ་རིག་པའི་མུ་འབྲེལ་འཆད་ཁྲིད་སྤེལ་བ། ཚད་རིག་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གཉིས་མཉམ་འབྲེལ་བྱས་ནས་《མཚོ་སྔོན་སྤྱི་ཚོགས་ཚན་རིག》དུས་དེབ་སྟེང་ཚད་མ་རིག་པའི་ལས་ཚན་གསར་བ་ཁ་བསྣན་པ། ཚད་རིག་ལྷན་ཚོགས་ཀྱི་ཚོགས་མི་འགའ་རྒྱལ་ཡོངས་སྐབས་བཅོ་ལྔ་བའི་ཚད་མའི་རིག་གཞུང་བགྲོ་གླེང་སྟེང་ཞུགས་ནས་ཚོགས་ཆེན་གྱི་གཏམ་བཤད་དང་དཔྱད་རྩོམ་བགྲོ་གླེང་བྱས་པ། ཚད་རིག་ལྷན་ཚོགས་ཀྱིས་ཚད་མ་རིག་པའི་གནའ་དཔེ་དག་སྒྲིག་བྱས་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ཁང་གི་ཁོངས་མི་སྐོར་ཞིག་དང་ཚོགས་གཙོ་སྒར་བ་ངག་དབང་བཟང་པོ་མཉམ་དུ་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ་ཏུ་སོང་ནས། ཁུལ་གཉིས་ཀྱི་སྲིད་གྲོས་དང་ཁུལ་སློབ་གསོ་ཅུའུ། སློབ་གྲྭ་ཁག་གིས་རྩ་འཛུགས་བཀོད་སྒྲིག་ལྟར། ཚད་མ་རིག་པའི་སློབ་ཁྲིད་རྒྱུན་འཛིན་དར་སྤེལ་སྐོར་ནས་རྟོག་ཞིབ་བྱས་པ། ཚད་རིག་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཚད་མ་རིག་པའི་གསོ་སྐྱོང་འཛིན་གྲྭའི་ཚད་མའི་ཁྲིད་གཞི་སློབ་དེབ་བསྒྱུར་སྒྲིག་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་དང་ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མ་ཆེད་ལས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་དུ་རྒྱལ་ཡོངས་སྐབས་བདུན་པའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་པཎ་ཆེན་ཚད་མའི་སློབ་གླིང་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་དང་ཅིན་ཞང་སྡེ་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་ཚད་མའི་རིགས་ལམ་དེང་རབས་གློག་རྡུལ་མཉེན་ཆས་དང་སྦྱར་ནས་སློབ་སྦྱོང་བྱེད་ཕྱོགས་སྐོར་ཚོད་ལྟ་བྱེད་བཞིན་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཤིང་། སླད་མའི་ཆར་ཡང་ཚད་མ་རིག་པ་འདི་ཉིད་བོད་ཁུལ་གྱི་སློབ་ཆེན་དང་སློབ་འབྲིང་ཁག་སོ་སོར་དར་སྤེལ་གཏོང་དགོས་པ་མ་ཟད། དེ་བཞིན་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་རྣམས་དང་། སྤྱི་ཚོགས་ལས་རིགས་ཁག་སོ་སོར་དབྱེ་བ་མེད་པར་དར་སྤེལ་བཏང་ནས། ཐ་ན་འཛམ་གླིང་གི་སློབ་གྲྭ་ཆེན་མོ་ཁག་དང་ཞིབ་འཇུག་སྡེ་ཁག་སོགས་ལ་དར་སྤེལ་བཏང་བར་བརྟེན་ནས་ཤར་ཕྱོགས་གཏན་ཚིགས་རིག་པའི་མཚན་རྟགས་གྲགས་ཅན་དུ་བསྐྲུན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བྱས་རྗེས་གསར་བ་འཇོག་པར་བརྩོན་དགོས་པ་ཡིན་ནོ། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་བོད་རིགས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-26 10:45 , Processed in 0.027889 second(s), 20 queries .

返回顶部