日志

༄༅།།འཇོལ་དུ་བོད་ཁུལ་གྱི་བོད་གཞས་གླུ་གར་འ ...

已有 160 次阅读2019-10-26 08:37 |系统分类:见闻


                                ༄༅།།འཇོལ་དུ་བོད་ཁུལ་གྱི་བོད་གཞས་གླུ་གར་འགྲན་བསྡུར་སྐབས་དང་པོ་སྤེལ།
                           ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་སྙན་སྦྱོར། རྩོམ་པ་པོ། མི་གསལ། གཙོ་སྒྲིག་པ། བོ་དོང་བདེ་སྒྲོལ།

                             
                           
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར། འཇོལ་རྫོང་གི་སེམས་ཀྱི་ཉི་ཟླའི་ཁ་བ་དཀར་པོ་འཇོལ་གཞས་དུས་ཆེན་སྐབས་གཉིས་པ་དང་ཀྲུང་གོའི་བོད་ཁུལ་གྱི་བོད་གཞས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དེ་འཇོལ་རྫོང་ལུས་རྩལ་ཁང་ནས་བསྡུས་པ་རེད། 
      འཇོལ་དང་། སྡེ་རོང་། གོང་ཧྲན།སེམས་ཀྱི་ཉི་ཟླ། སྨར་ཁམས།འབའ་ལུང་། མཛོ་སྒང་བཅས་ས་གནས་བདུན་གྱི་འགྲན་ཞུགས་རུ་ཁག་གིས་རང་གི་ཉམས་འགྱུར་ལྡན་ཞིང་རྣམ་པ་སྣ་མང་ཡིན་པའི་ལེ་ཚན་14འཁྲབ་སྟོན་བྱས་ཡོད། འགྲན་བསྡུར་ནང་ཞུགས་མཁན་གྱི་ཁོངས་མི་ཚོས་ལུས་ལ་བོད་ལྭ་གཙང་མ་གྱོན་ནས་སེམས་ཀྱི་དགའ་བའི་གདོང་གི་ངོས་ལ་མངོན་ཡོད་ཅིང་། ཡིད་ཀྱི་གསོས་སུ་འགྱུར་བའི་བོད་གཞས་ཀྱི་དབྱངས་རྟ་རེ་རེ་དང་། ད་དུང་གསར་གཏོད་ཀྱིས་ཕྱུག་པའི་སྟངས་སྟབས་བཅས་ལ་ཀུན་གྱིས་དགའ་མོས་ཚད་མེད་གནང་ཡོད།  
 
                          


                          
                                               མཛོ་སྒང་རྫོང་གི་འཐུས་ཚབ་རུ་ཁག

                          
                                              སྡེ་རོང་རྫོང་གི་འཐུས་ཚབ་རུ་ཁག

                          
                                                འཇོལ་རྫོང་གི་འཐུས་ཚབ་རུ་ཁག

      ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་དང་།བོད་རང་སྐྱོང་ལྗོངས་ཞབས་བྲོ་མཐུན་ཚོགས། ཡུན་ནན་ཞིང་ཆེན་ཞབས་བྲོ་མཐུན་ཚོགས། སི་ཁྲོན་ཞིང་ཆེན་ཞབས་བྲོ་མཐུན་ཚོགས།    པེ་ཅིན་ཞབས་བྲོའི་སློབ་གླིང་། ཡུན་ནན་སྒྱུ་རྩལ་སློབ་གླིང་བཅས་ལས་གྲུབ་པའི་དཔྱད་འདེམས་པས་སྐར་མ་བརྒྱབ་པ་བརྒྱུད་ནས། ཀུང་ཧྲན་འཐུས་ཚབ་རུ་ཁག་གི་བོད་རིགས་ཀྱི་འཁལ་འཐག་ཞབས་བྲོ་ཞེས་པ་དང་། འབའ་ལུང་འཐུས་ཚབ་རུ་ཁག་གི་དགའ་བྱུང་སྐྱིད་བྱུང་ཅེས་པ། སྡེ་རོང་འཐུས་ཚབ་རུ་ཁག་གི་བཀྲ་ཤིས་པའི་ཉི་མའི་ལུང་པ་ཞེས་པ། འཇོལ་རྫོང་འཐུས་ཚབ་རུ་ཁག་གི་གུང་ཁྲན་ཏང་གི་འོད་སྣང་ཞེས་པ་བཅས་ལ་གདོང་མའི་སྣོད་བཅུད་ལེ་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ། སེམས་ཀྱི་ཉི་ཟླ་འཐུས་ཚབ་རུ་ཁག་གི་བཀྲ་ཤིས་པའི་པི་ཝང་དཀར་པོའི་སྒྲ་དབྱངས་ཞེས་པ་དང་། སྨར་ཁམས་རྫོང་འཐུས་ཚབ་རུ་ཁག་གི་བཀྲ་ཤིས་པའི་སྨར་ཁམས་ཞེས་པ། མཛོ་སྒང་འཐུས་ཚབ་རུ་ཁག་གི་དུང་མདོག་གི་གཡུ་རྡོ་ཞེས་པ་བཅས་ལ་གསར་རྩོམ་རིགས་ཀྱི་ལེ་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད། 

                           
                                          སེམས་ཀྱི་ཉི་ཟླ་རྫོང་གི་འཐུས་ཚབ་རུ་ཁག


                          
                                            སྨར་ཁམས་རྫོང་གི་འཐུས་ཚབ་རུ་ཁག

                          
                                                 སྡེ་རོང་རྫོང་གི་འཐུས་ཚབ་རུ་ཁག

                          
                                                 གུང་ཧྲན་རྫོང་གི་འཐུས་ཚབ་རུ་ཁག

                          
                                  ཞེས་རོང་ཆེན་ལྷ་རྒྱལ་དཔལལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-13 08:27 , Processed in 0.046003 second(s), 20 queries .

返回顶部