博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གཞུང་སྒྲུབ་ཐིང་གིས་ ...

已有 91 次阅读2019-10-20 07:31 |系统分类:见闻


                ༄༅།།མཚོ་སྔོན་ཞིང་ཆེན་གཞུང་སྒྲུབ་ཐིང་གིས་《<ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་ལས་དོན་སྲོལ་ཡིག་>ལ་
                              སློབ་སྦྱོང་ནན་ཏན་མཐར་ཕྱིན་བྱེད་དགོས་པའི་སྐོར་གྱི་བརྡ་སྦྱོར་》དཔར་ཏེ་བཀྲམ།
                               ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། གསང་བདག་རྒྱལ་གྱིས་བསྒྱུར། 

                            

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གཞུང་སྒྲུབ་ཐིང་གིས་《<ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་ལས་དོན་སྲོལ་ཡིག་>ལ་སློབ་སྦྱོང་ནན་ཏན་མཐར་ཕྱིན་བྱེད་དགོས་པའི་སྐོར་གྱི་བརྡ་སྦྱོར》དཔར་ཏེ་བཀྲམ་ནས། རིམ་པ་སོ་སོའི་ཏང་ཨུ་(ཏང་རྩ་འཛུགས་)ཡིས་《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་ལས་དོན་སྲོལ་ཡིག་》ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱས།

     བརྡ་སྦྱོར་ལས་བསྟན་དོན།《སྲོལ་ཡིག་》གཏན་འབེབས་དངོས་འདོན་བྱས་པ་ནི་ཏང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་གལ་ཆེན་ཞིག་དང་། ཏང་གི་བསམ་བློ་དྲིལ་སྒྲོག་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་གྱི་ཆུ་ཚད་དུ་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་འགོ་རྩོམ་ས་ཞིག་ཀྱང་ཡིན་པས་དེར་གལ་ཆེ་ཞིང་ཕུགས་རིང་བའི་དོན་སྙིང་ཆེན་པོ་ལྡན་ཡོད།

     གཞན་ཡང་བརྡ་སྦྱོར་ལས་བསྟན་དོན།《སྲོལ་ཡིག་》འདི་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པར་དམ་འཛིན་བྱེད་དགོས་ཏེ། རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་གིས་མཐུན་སྦྱོར་སྐུལ་འདེད་ཀྱི་ནུས་པ་བཏོན་ནས་རྣམ་པ་མང་པོ་དང་རིམ་པ་སོ་སོའི་སྒོས་དྲིལ་སྒྲོག་འགྲེལ་བཤད་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་ཏེ་རྒྱ་ཆེ་བའི་དྲིལ་སྒྲོག་ལས་བྱེད་པས་《སྲོལ་ཡིག་》གི་དགོངས་དོན་ཡང་དག་པར་རྟོགས་པར་སྣེ་ཁྲིད་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུ་(ཏང་རྩ་འཛུགས་)ཀྱིས་《སྲོལ་ཡིག་》གི་གཏན་འབེབས་ལྟར། གཞི་རིམ་གྱི་དྲིལ་སྒྲོག་ལས་དོན་ལས་ཁུངས་སྒྲིག་འཛུགས་ལ་ཤུགས་བསྣན་ནས་ལས་དོན་གྱི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། 《སྲོལ་ཡིག་》ལག་བསྟར་མཐར་ཕྱིན་བྱེད་པ་དེ་ཏང་སྐྱོང་ལས་དོན་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ནང་བསྡུ་བ་དང་། འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་ཀྱི་དམིགས་ཚད་དོ་དམ་ནང་བསྡུ་བ། སྐོར་བསྐྱོད་བརྟག་ཞིབ་དང་སྒྲིག་བཤེར་ལྟ་སྐུལ་དང་འགན་འཁྲི་འདྲི་རྩད་ལྟ་རྟོག་གི་ཁྱབ་ཁོངས་ནང་བསྡུས་ནས། 《སྲོལ་ཡིག་》གི་དོན་ཚན་སོ་སོའི་གཏན་འབེབས་འཁྲུལ་བ་མེད་པར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་དགོས་པའི་རེ་བ་བཏོན། །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 13:35 , Processed in 0.026195 second(s), 20 queries .

返回顶部