博客西藏在最高处过一种生活

日志

༄༅།།ཀྲུང་གུང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱ ...

已有 92 次阅读2019-10-20 07:10 |系统分类:见闻


                ༄༅།།ཀྲུང་གུང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཟི་ལིང་ནས་བསྡུས།
                        ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

                            

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་དུ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད།

      ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཆབ་སྲིད་ཨུ་ཡོན་ཝང་ཞིག་ཧྥིན་གྱིས་ཀྲུང་གོ་གུང་ཁྲན་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དམག་སྤྱི་ཆེན་མོ་ཆུའུ་ཞིན་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། གྲོས་ཚོགས་ལས་ཏང་ཨུའི་བྱ་བའི་སྙན་ཞུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་འཆམ་བྱུང་བར་མ་ཟད། འདེམས་བསྐོ་བརྒྱུད་དེ་སྐབས་གསར་བའི་ཞིང་ཆེན་དམག་ཁུལ་གྱི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་།

      ཝང་ཅན་ཅུན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཏང་གི་འཐུས་མིའི་ཚོགས་ཆེན་ནི་ཆབ་སྲིད་ཀྱི་ཚོགས་འདུ་ཞིག་ཡིན་པས། ལངས་ཕྱོགས་གསལ་བའི་སྒོ་ནས་ཆབ་སྲིད་བརྩི་བའི་ལས་དོན་གཙོ་གནད་དུ་འཛིན་རྒྱུ་དང་། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། དམག་དོན་ཨུ་ལྷན་ཁང་གི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ། མིག་ལྟོས་རྗེས་འབྲང་དང་ཏང་གི་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་ངེས་ཤུགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཏང་གི་འཐུས་མིའི་ཚོགས་ཆེན་ནི་སྐབས་བརྗེ་ཚོགས་འདུ་ཡིན་པས། སྐབས་བརྗེ་འགོ་རྩོམ་ས་གསར་པར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་དང་བྱས་རྗེས་འཇོག་དགོས། ཏང་གི་འཐུས་མི་ཚོགས་ཆེན་ནི་སྐུལ་སློང་ཚོགས་འདུ་ཞིག་ཡིན་ཞིང་། ཞིང་ཆེན་དམག་ཁུལ་ཁང་གི་གོང་འོག་བར་གསུམ་ཚང་མས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་དང་མི་དམངས་ཀྱིས་བཅོལ་བའི་དུས་རབས་གསར་པའི་འགན་འཁྲི་གསར་པ་དང་ལས་འགན་གསར་པ་ཕྲག་སྟེང་དུ་འཁུར་ནས་ཞིང་ཆེན་དམག་ཁུལ་གྱི་ལས་དོན་ཁག་ལ་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་ཟེར།

      ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་དམག་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ནི་དུས་རབས་གསར་པར་སླེབས་པ་དང་ཞིང་ཆེན་དམག་ཁུལ་གྱི་སྒྲིག་གཞི་ལེགས་སྒྲིག་སྒྱུར་བཅོས་བྱས་རྗེས་འཚོགས་པའི། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་རེད། ཏང་གི་འཐུས་མི་ཚོགས་ཆེན་གྱི་མཛུབ་སྟོན་དགོངས་པ་ལག་བསྟར་བྱེད་པར་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱར་བརྟེན་ནས། ཞིང་ཆེན་དམག་ཁུལ་གྱི་ཏང་འཛུགས་བྱ་བར་ཤུགས་སྣོན་རྒྱག་པ་དང་ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ། རང་གཤིས་བཅས་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་བརྟེན་ནས་དམག་དཔུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཚོགས་ཆེན་གྱི་སྙན་ཞུར་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱིས་ཞིང་ཆེན་དམག་ཁུལ་གྱི་ཏང་འཛུགས་སྐྲུན་ལ་སྣེ་ཁྲིད་དང་དཔོན་དམག་གི་སྣེ་ཁྲིད་དེ་བྱས་རྗེས་འཇོག་པར་འབད་དགོས་ཟེར།

      ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཚོགས་འདུ་མཇུག་བསྒྲིལ་བ་ནི་དོན་འཁྱོལ་བྱེད་འགོ་ཚུགས་པ་ཞིག་ཡིན་པས་བསམ་བློ་གཅིག་གྱུར་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་ཞིང་ཆེན་དམག་ཁུལ་གྱི་དཔོན་དམག་ཡོངས་ཀྱི“བསྐྱར་སྒྲིག་དང་སླར་ཡང་རྡོག་ཐོན་བྱེད་པའི”བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས་པ་དང་། དམིགས་ཚད་ལ་དམ་པོར་དམིགས་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། དངོས་མཐོང་ལག་ཟིན་གྱི་གྲུབ་འབྲས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་པའི་ཕན་འབྲས་མངོན་པར་བྱེད་དགོས།  འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་འགན་འཁུར་ཕོད་པའི་ངར་ཤུགས་ཡོད་ཚེ་གཞི་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བློ་སྟོབས་ཡོད་ཅིང་།  དམག་མིའི་ངོས་ནས་བརྗོད་ནའང་། ངར་ཤུགས་ཀྱི་སྙིང་སྟོབས་ནི་དམག་མིའི་ངར་ཤུགས་ཡིན་པས། དམག་མིའི་ངར་ཤུགས་ལ་བརྟེན་ནས་འགན་འཁྲི་ཁུར་དུ་འཇུག་པ་དང་འགན་འཁྲི་འཁུར་དུ་བཅུག་ནས་བྱ་སྤྱོད་མཐའ་འཁྱོལ་ཡོཏང་བར་བྱས་ཏེ། ཞིང་ཆེན་དམག་ཁུལ་གྱི་གོང་འོག་བར་གསུམ་ཚང་མས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་སྟོབས་དེ་ཞིང་ཆེན་དམག་ཁུལ་གྱི་ཁྲོད་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་པ་ལ་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



 0

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 13:57 , Processed in 0.028118 second(s), 20 queries .

返回顶部