博客西藏在最高处过一种生活

日志

༄༅།།མཚོ་སྔོན་ནི་གེ་སར་རིག་གནས་ཀྱི་ཞིབ་འཇ ...

已有 105 次阅读2019-10-19 17:39 |系统分类:见闻


              ༄༅།།མཚོ་སྔོན་ནི་གེ་སར་རིག་གནས་ཀྱི་ཞིབ་འཇུག་བྱེད་སྔ་ཤོས་དང་ཞིབ་འཇུག་གྲུབ་འབྲས་ཆེས་མང་ཤོས་སུ་གྱུར་ཡོད་པ།
                             ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

                 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་ཚོགས་པའི་མཚོ་སྔོན་ས་ཁུལ་གྱི《གླིང་སྒྲུང》གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས་ལོ་བཅུ་འཁོར་བའི་བགྲོ་གླེང་ཚོགས་འདུའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ལོ་མང་རིང་མཚོ་སྔོན་གྱིས་རྒྱལ་ཡོངས་སུ《གླིང་སྒྲུང》གི་ཡོངས་ཁྱབ་ཞིབ་བཤེར་དང་། འཚོལ་སྡུད། མྱུར་སྐྱོབ་བཅས་ཀྱི་ལས་དོན་སྔོན་ལ་སྤེལ་བ་དང་། གླིང་སྒྲུང་རིག་གནས་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ། གླིང་སྒྲུང་རིག་གནས་སྤུས་རྟགས་གཏོད་པ་བཅས་ནི་རྒྱལ་ཡོངས་ཀྱི་གླིང་སྒྲུང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་སྔ་ཤོས་དང་གྲུབ་འབྲས་མང་ཤོས་ཀྱི་ཞིང་ཆེན་ཏུ་གྱུར་ཡོད། བགྲོ་གླེང་ཚོགས་འདུ་དེ་རྒྱལ་ཡོངས་ཀྱི《གེ་སར》ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་མཚོ་སྔོན་ཞིང་ཆེན་གྱི《གླིང་སྒྲུང》ཞིབ་འཇུག་ཁང་གིས་གཉེར་འགན་འཁུར་བ་ཞིག་རེད།

     《གླིང་སྒྲུང》2006ལོར“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང”ནང་བཅུག་པ་དང་2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི“མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང”ནང་བཅུག་པ་རེད། མཚོ་སྔོན་ཞིང་ཆེན་ནི《གླིང་སྒྲུང》བྱུང་བ་དང་དར་ཁྱབ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། “《གླིང་སྒྲུང》གི་ཕ་ས”ཞེས་པར་འབོད་པས། རྒྱལ་ཡོངས་སུ《གླིང་སྒྲུང》རྙེད་སྔ་ཤོས་ཀྱི་ས་ཁུལ་ཡིན་པ་དང་། ད་ཆ་རང་རྒྱལ་གྱི《གླིང་སྒྲུང》གི་ཚན་རིག་ཞིབ་འཇུག་རྟེན་གཞི་གལ་ཆེན་ཞིག་ཡིན། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུ་སོ།



 1

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 14:12 , Processed in 0.027734 second(s), 20 queries .

返回顶部