博客西藏在最高处过一种生活

日志

༄༅།།མཚོ་སྔོན་གྱི་བོད་སྨན་ཚན་ཞིབ་གྲུབ་འབྲ ...

已有 94 次阅读2019-10-19 17:25 |系统分类:见闻


                  ༄༅།།མཚོ་སྔོན་གྱི་བོད་སྨན་ཚན་ཞིབ་གྲུབ་འབྲས་རྒྱལ་ཡོངས་བོད་ཁུལ་གྱི་མདུན་གྲས་སུ་གནས་ཡོད་པ།
                      ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

                            

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིགས་འདྲ་མིན་གྱི་ཚན་ཞིབ་ལས་གཞི་ཞིབ་འཇུག་བྱ་གཞི་སྣ་ཚོགས100ལྷག་གི་འགན་ཁུར་པ་དང་། ཚན་ཞིབ་གྲུབ་འབྲས20ལྷག་ཐོབ་སྟེ། རྒྱལ་ཁབ་དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་བྱ་དགའ7ཐོབ་ཡོད། “བོད་སྨན་གྱི་ཁྲག་གཏར་གསོ་བཅོས”སོགས་ལས་གཞི4རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བདམས་པ་རེད། གསར་འགོད་པས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་རང་ཞིང་གི་བོད་སྨན་ཚན་ཞིབ་གྲུབ་འབྲས་རྒྱལ་ཡོངས་བོད་ཁུལ་གྱི་མདུན་གྲས་སུ་གནས་ཡོད།

      ཉེ་བའི་ལོ་འགར། ཞིང་ཆེན་གོང་འོག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་ལས་དོན་གོང་འཕེལ་དུ་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་པས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ། བོད་སྨན་གསར་པ་གསར་གཏོད་བྱེད་པའི་རྒྱལ་ཁབ་ཀྱི་གནད་ཆེའི་ཚོད་ལྟ་ཁང་མཚོ་སྔོན་དུ་བཙུགས་པ་དང་། “དུས་རབས21པའི་བོད་ཀྱི་གསོ་རིག་དངོས་གཞིའི་ཚན་ཁག་སློབ་གསོའི་འཆར་གཞི་སློབ་དེབ”རྩོམ་སྒྲིག་བྱས་པས་རྒྱལ་ཡོངས་བོད་ཀྱི་གསོ་རིག་ཆེད་ལས་དངོས་གཞིའི་ཚན་ཁག་ལ་སློབ་དེབ་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་རྫོགས། རྩོམ་སྒྲིག་བྱས་པའི《བོད་ཀྱི་གསོ་རིག་ཚིག་མཛོད་ཆེན་མོ》རྒྱལ་སྤྱིའི་ཆུ་ཚད་ལ་སླེབས་ཤིང་། ཞིང་ཆེན་བོད་སྨན་ཁང་གིས་ནང་སོག་ཏུ་ཡན་ལག་སྨན་ཁང་བཙུགས་པ་དང་། འཇིགས་མེད་བོད་སྨན་གྱིས་རྒྱལ་ཡོངས་སུ་མུ་འབྲེལ་བོད་སྨན་སྒོ་བསྟེན་ཁང100ལྷག་བཙུགས་ཡོད། ཨ་རུ་བོད་སྨན་ཚོགས་སྒྲིལ་གྱིས་འཇར་པན་དང་ཨ་མེ་རི་ཁ་ར་བོད་ཀྱི་གསོ་རིག་ལྟེ་གནས་དང་བོད་ཀྱི་གསོ་རིག་བདེ་ཐང་ལྟེ་གནས་སོགས་ཀྱི་ལས་ཁུངས་བཙུགས་ཡོད་ལ། མཚོ་སྔོན་སློབ་ཆེན་ལ་རྒྱལ་ཁབ་ཀྲུང་སྨན་དོ་དམ་ཅུས་ཀྱི“བོད་སྨན་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི་མཚོ་སྔོན”གྱི་ལས་གཞི་ཐོབ་ཡོད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-21 21:47 , Processed in 0.030024 second(s), 20 queries .

返回顶部