日志

༄༅།།བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་ ...

热度 1已有 82 次阅读2019-10-19 09:38 |系统分类:见闻


                                ༄༅།།བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་སྤེལ་བ།
                                     ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཏང་དང་སྲིད་གཞུང་གིས་ང་ཚོར་འདི་འདྲའི་ཕྱིར་ཚོང་འགྲེམས་སྟོན་སྟེགས་བུ་ཡག་པོ་ཞིག་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཚང་མས་ནག་ཆུའི་ཞིང་འབྲོག་ཐོན་རྫས་ལ་དོ་ཁུར་མང་ཙམ་བྱ་རྒྱུའི་རེ་བ་ཡོད”ཅེས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་བྱང་ཐང་འབྲོག་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ཚོང་དཔོན་སྒྲོལ་མས་དགའ་ཚོར་ཆེན་པོས་ངང་དེ་ལྟར་བཤད། 

                     
                         འདི་ནི་བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་ཡུལ་དངོས་རེད།

     ཟླ་10ཚེས་16ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་གྱིས་ས་ཁུལ་དང་གྲོང་ཁྱེར་7གྱི་ཁེ་ལས་224ལྷག་བཀུག་ནས་འགྲེམས་སྟོན་དུ་ཞུགས་སུ་བཅུག་ཅིང་། ནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་དང་འབྲི་གཡག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་གསར་དུ་བསྣན་ནས། སྣམ་བུ་དང་། འོ་བཟོའི་ཐོན་རྫས། ནས། ཤིང་ཏོག ། སྔོ་ཚལ། གྱོན་ཆས་སོགས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་པས། གྲོང་མི་མང་པོའི་ཡིད་དབང་བཀུག་ནས་ཀུན་གྱིས་ལྟ་སྐོར་དང་ཉོ་སྒྲུབ་བྱས། 

                     
                       འདི་ནི་བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་སྟེང་ཐོན་རྫས་འགྲེམས་སྟོན་བྱེད་པའི་རྣམ་པ་རེད།

     རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བར་ལེགས་སྐྱེས་འབུལ་བའི་ཆེད་དུ་ཡིན་འདུག 

                    
                      འདི་ནི་བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་སྟེང་ཐོན་རྫས་འགྲེམས་སྟོན་བྱེད་པའི་རྣམ་པ་རེད།

      ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ཕན་འབྲས་ཀྱི་བསྡུས་གཟུགས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། མང་ཚོགས་རེ་རེ་ཞུགས་པའི་མྱུར་ཞིང་ཐུང་བའི་དབུལ་སྐྱོར་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་སོང་ཞིང་། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཁག་རེ་རེ་རིམ་བཞིན་རྒྱལ་ཡོངས་ཀྱི་ཁྲོམ་རར་བསྐྱོད་པས། ཐོན་ལས་ཀྱིས་མང་ཚོགས་དབུལ་པོ་རྣམས་བརྟན་པོའི་ངང་དབུལ་སྒྲོལ་ཡོང་བའི་འདེགས་སྐྱོར་གྱི་ནུས་པ་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་རེད།  ཟླ་9པའི་ཟླ་མཇུག་བར་དུ། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2591ལྷག་འཛུགས་སྐྲུན་གྱི་འགོ་ཚུགས་ཤིང་། ཞིང་འབྲོག་མང་ཚོགས་འབུམ་བཞི་ལྷག་ལ་སྐུལ་ཁྲིད་ བྱས་ཏེ་འབབ་འཕར་ཕྱུག་འགྱུར་བྱས་འདུག 

                     
                     འདི་ནི་བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་སྟེང་ཐོན་རྫས་འགྲེམས་སྟོན་བྱེདེ་པའི་རྣམ་པ་རེད།

      བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏེང་ཡེ་ཞན་འགོ་ཚུགས་མཛད་སྒོར་ཞུགས་སྐབས་བསྟན་དོན། ཐེངས་འདིའི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་གོ་སྐབས་འདི་དང་བསྟུན་ཏེ། ཕྱོགས་ཡོངས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་ལ་ཕྱོགས་བསྡོམས་བྱས་ནས། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པ་དང་། ཤུགས་ཆེན་པོས་དགེ་མཚན་ལྡན་པའི་ཚོང་རྟགས་སྐྱེད་སྲིང་བྱས་ཏེ། དབུལ་སྐྱོར་ཐོན་ལས་ཐོན་འཚོང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་ཤིང་། དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས།  འཛད་སྤྱོད་དབུལ་སྐྱོར་གྱི་ཤོང་ཚད་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལ། དབུལ་སྐྱོར་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

                     
                     འདི་ནི་བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་སྟེང་ཐོན་རྫས་འགྲེམས་སྟོན་བྱེད་པའི་རྣམ་པ་རེད།
                                   ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྷངས་དྲ་བ་ལའ་བཏུས་སོ།


发表评论 评论 (1 个评论)

回复 pari 2019-10-23 00:38
དེང་སྐབས་དུག་རྒྱུ་ཡོད་པའི་རྫས་འགྱུར་ཚོས་གཞི་ཅན་གྱི་རྡོ་བརྐོས་དང་། མཆོད་རྫས།རླུང་རྟ། རས་འཛར་བླ་དར་སོགས་ཀྱིས་བོད་ཀྱི་ས་ཆུ་མཚོ་རི་ལ་འབག་བཙོག་དང་གཏོར་བཤིག་ཧ་ཅང་ཆེན་པོ་བཏང་དང་གཏོང་བཞིན་ཡོད་ལ། རྫས་འགྱུར་འཕོ་འགྱུར་དང་བསྟུན་ནས་མིའི་རིགས་ལ་འབྲས་སྐྲན་ནད་རིགས་སློང་ཉེན་ཆེན་པོ་ཡོད། དེར་བརྟེན་དེ་དག་ནི་བོད་མི་ཚོས་རང་ཉིད་རང་གིས་གཙང་གསོད་བྱེད་པའི་བྱ་སྤྱོད་འབའ་ཞིག་རེད།མཆོད་རྫས་རི་བོ་འདྲ་ཙམ་ཕུལ་ཡང་ཆོས་སུ་མི་འགྲོ་མ་ཟད་ཁོར་ཡུག་དང་དཔལ་འབྱོར་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ངེས་རེད།།དེ་མ་ཚད། ཁོར་ཡུག་ལ་གཏོར་བཤིག་བྱེད་པའི་གོམས་གཤིས་དང་དར་སྲོལ་ངན་པ་འདི་དག་རྒྱ་གར།་བལ་ཡུལ། སོག་ཡུལ་དང་ནུབ་ཕྱོགས་རྒྱལ་ཁབ་ལའང་འགོས་ནད་འདྲ་བོ་ཁྱབ་བཞིན་ཡོད་པ་རེད།གཅོད་པ་ཐར་གྱིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ཉིན། ཨ་རིའི་གྲོང་ཁྱེར་ནོའུ་ཡོག་ནས་པུལ།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-26 12:04 , Processed in 0.026531 second(s), 21 queries .

返回顶部