日志

༄༅།།ཐབས་འདོན་ཇུས་འབུལ་ལ་གཡུར་ཟའི་གྲུབ་འབ ...

已有 106 次阅读2019-10-19 09:32 |系统分类:见闻


         ༄༅།།ཐབས་འདོན་ཇུས་འབུལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་མཇུག་སྒྲིལ་བ།
                                ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

               
                                      འདི་ནི་མཇུག་སྒྲིལ་ཚོགས་ཆེན་འཚོགས་ཡུལ་ཡིན།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་16ཉིན། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་གྲོས་རིམ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་ལྷ་སར་མཇུག་སྒྲིལ་བ་རེད།
     དུས་ཡུན་ཉིན་གཉིས་ཀྱི་གྲོས་རིམ་ནང་དུ། ཚོགས་ཞུགས་འཐུས་མི་རྣམས་ཡུལ་དངོས་སུ་བསྐྱོད་དེ། དངོས་སུ་བོད་ལྗོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་། “འཛམ་གླིང་ཡང་རྩེའི་”མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམ་ཚོང་ལྟེ་གནས། ཡུལ་སྐོར་གསང་སྤྱོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཏིང་ཟབ་སྒོས་རྟོག་ཞིབ་ལྟ་སྦྱོང་བྱས་ཤིང་། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལ་སློབ་སྦྱོང་དང་གྲོས་བསྡུར་ནན་ཏན་བྱས་ཏེ། བསམ་འཆར་དང་གྲོས་གཞི་ཡག་པོ་བཏོན་པ་རེད། 

               
                                       འདི་ནི་མཇུག་སྒྲིལ་ཚོགས་ཆེན་འཚོགས་ཡུལ་ཡིན།

      བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་ཡག་པོ་བྱས་ནས། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་དང་བློ་འདྲིའི་ལྟེ་གནས་གཞི་གཅིག་ཏུ་འདུས་པའི་ནུས་མང་སྤྱི་པའི་ཞབས་ཞུའི་སྟེགས་བུ་ཁག་གཅིག་སྐྲུན་དགོས་ཤིང་། ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། “ནང་འདྲེན་”དང་“ཕྱིར་སྐྱོད་”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།  ཤུགས་ཆེན་པོས་བོད་ལྗོངས་ཀྱི་ཡུལ་སྐོར་གྱི་མངའ་ཁོངས་ཡོངས་དང་ཉིན་མཚན་དུས་དྲུག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་རེད། 
      བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་“ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་ཅིང་། མདུན་ལམ་ཆེ་ཞིང་འགན་འཁྲི་ལྕི་ལ་གཟི་བརྗིད་ལྡན་པ་ཞིག་ཀྱང་ཡིན། དེ་བས་ང་ཚོས་ཐེངས་འདིའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འདི་འགོ་འཛུགས་ས་གསར་བ་ཞིག་ཏུ་བརྩིས་ནས། ‘ཆ་བཅུ་གསུམ་གྱི་འབྲེལ་བ་’ཐག་གཅོད་ཡང་དག་བྱེད་པ་དང་། གསར་འབྱེད་གསར་གཏོད། བབ་བསྟུན་གོང་འཕེལ། ལས་དོན་ཏན་ཏིག་གིས་སྒྲུབ་པ་བཅས་བྱས་ཏེ། ཧུར་བརྩོན་སྒོས་བོད་ལྗོངས་ཡུལ་སྐོར་གྱི་མངའ་ཁོངས་ཡོངས་དང་ཉིན་མཚན་དུས་དྲུག་གི་ཡུལ་སྐོར་གྱི་རྣམ་པ་གསར་པ་གསར་གཏོད་བྱས་ཏེ།  ‘འཛམ་གླིང་ཡང་རྩེ’ཡི་སྤུས་ལེགས་ཚོང་རྟགས་སྐྲུན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པ་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་”ཞེས་གསུངས་པ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-14 00:52 , Processed in 0.047112 second(s), 20 queries .

返回顶部