博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡ ...

已有 66 次阅读2019-10-18 09:03 |系统分类:见闻


                   ༄༅།།མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པ་ཐོག་མ་བཙུགས་པ།
                                 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ་། རྩོམ་པ་པོ།  ཚེ་རིང་རྒྱ་མཚོས་བསྒྱུར།


                               

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གཉིས་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པ་ཐོག་མ་བཙུགས། སྐྱེ་ཁམས་ཁོར་ཡུག་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྤུས་ལེགས་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་མཐོར་འདེགས་སུ་གཏོང་རྒྱུར་འབད་པ་བྱ་རྒྱུ་རེད། 

      སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་བཅའ་ཁྲིམས་ཉམས་མྱོང་ཕུན་སུམ་ཚོགས་པའི་ལས་གཉེར་དང་། ཆེད་ལས་ཀྱི་ཆུ་ཚད་མཐོ་བ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ། རང་མོས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་གཉེར་བའི་ལས་གཉེར་ཁྲིམས་རྩོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་བྱེད་མཁན་གྱི་ཁྲིམས་རིག་མཁས་ཅན་བཅས་མི་སྣ36ཞབས་ཞུའི་ཚོགས་པའི་ཁོངས་མི་སྐོར་དང་པོ་རུ་གྱུར།  ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཏན་འབེབས་ནང་ཞུགས་ནས་བཅའ་ཁྲིམས་བློ་འདྲིའི་བསམ་འཆར་མཁོ་འདོན་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཞིབ་ཕྲའི་གནད་དོན་ལ་བཅའ་ཁྲིམས་ཀྱི་བསམ་འཆར་འདོན་རྒྱུ།  བཅའ་ཁྲིམས་བློ་འདྲི་དང་ཆེད་དོན་བཅའ་ཁྲིམས་ཞབས་ཞུ་བཅས་མཁོ་འདོན་བྱེད་པ་དང་། བཅའ་ཁྲིམས་ཀྱི་ཉེན་ཁ་སྔོན་འགོག་གི་སྔོན་ཇུས་བཟོ་བ། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་ལས་ཚབ་ནང་ཞུགས་པ། འགལ་ཟླ་དང་རྩོད་གཞི་སེལ་ཐབས་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ། ཐོལ་བྱུང་ཁོར་ཡུག་གི་དོན་རྐྱེན་ཐག་གཅོད་བྱེད་རོགས་བྱས་ནས་ཐོལ་བྱུང་ཁོར་ཡུག་གི་དོན་རྐྱེན་འཕྲལ་སྡོམ་དོ་དམ་ལ་བཅའ་ཁྲིམས་ཀྱི་ཞབས་ཞུ་སོགས་མཁོ་འདོན་བྱ་རྒྱུ་རེད།  ། 

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-22 23:14 , Processed in 0.025614 second(s), 20 queries .

返回顶部