日志

༄༅།།ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན ...

已有 105 次阅读2019-10-16 18:16 |系统分类:见闻


༄༅།།ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་བཅུ་བདུན་པ་འཚོགས་ཏེ་མི་116ནོར་སྟོད་རི་བོའི་མཚོ་འཕགས་སྨི་5600ཡི་གངས་མཚམས་སུ་བསླེབས།
                                 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

                                       
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་11ཉིན་ནས་ཟླ་10པའི་ཚེས་17ཉིན་བར། 2019ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་བཅུ་བདུན་པ་ལྷ་ས་གྲོང་ཁྱེར་གྱི་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱི་མངའ་ཁོངས་སུ་འཚོགས་ཤིང་མི་200ཙམ་ཞུགས་ཡོད། ཚེས་13ཉིན་གྱི་སྔ་དྲོར་2019ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་བཅུ་བདུན་པའི་རྡོག་ཐོན་མཛད་སྒོ་དང་འགོ་ཚུགས་མཛད་སྒོ་བོད་ལྗོངས་རི་འཛེག་ཉམས་ལེན་ལུས་རྩལ་སྦྱོང་བརྡར་ཁང་(བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་)དུ་འཚོགས་པ་རེད།
      ཚེས་13ཉིན་གྱི་ཕྱི་དྲོར་ནོར་སྟོད་རི་བོའི་མང་ཚོགས་རང་བཞིན་གྱི་རི་འཛེག་རྐང་ཐང་བྱེད་སྒོའི་འགོ་ཚུགས། རི་གྲོགས་76དང་ལས་བྱེད་མི་སྣ་40ཡངས་པ་ཅན་གྱི་རི་མཐོའི་སྦྱོང་བརྡར་རྟེན་གཞི་ནས་མཚོ་འཕགས་སྨི་5600ཡི་གངས་མཚམས་སུ་བསླེབས་ཏེ་གངས་མཚམས་ཀྱི་འཁྱགས་རོམ་ཐོག་ནས་བར་ཐག་ཐུང་བའི་རི་འཛེག་ཉམས་ལེན་བྱས་པ་དང་། དེ་ནས་ཁོང་ཚོར་བོད་རང་སྐྱོང་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་གནང་བའི་《དཔང་ཡིག》ཐོབ་པ་རེད། ཉམས་ལེན་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དམིགས་བསལ་གྱི་གཡང་གཟར་མེད་པའི་གངས་རི་ཡིན་པས་རི་འཛེག་ལ་དགའ་བའི་ལས་དང་པོ་བ་ཚོས་རི་འཛེག་ལ་རོལ་མྱོང་བྱེད་པའི་ས་ཆ་ཡག་པོ་ཞིག་ཡིན་ལ། གཞོན་ནུ་ཚོས་རི་འཛེག་བྱེད་སྒོ་སྤེལ་རྒྱུར་འཚམ་པའི་ས་ཆ་ཡག་པོ་ཞིག་ཀྱང་རེད།
     “ང་གངས་མཚམས་སུ་འགྲོ་ཐེངས་དང་པོ་ཡིན་ལ།  གངས་རི་ལ་ཉེ་བར་བཅར་བའང་དང་པོ་ཡིན། ཉིན་གཉིས་ཀྱི་སྔོན་ལ་གློག་བརྙན་《རི་འཛེག་མཁན》ལ་བལྟས་ནས་རི་འཛེག་ལུས་རྩལ་དང་གངས་རིར་ངོས་འཛིན་གསར་པ་བྱུང་། དེ་བས་ཐེངས་འདིའི་ཡོང་དོན་ནི་འདིར་མྱོང་ཚོར་ཞིག་བྱ་རྒྱུ་དེ་ཡིན།”ཞེས་སྐུ་ཞབས་ཧྲན་ཡིའུ་ལུའོ་ཡིས་དེ་ལྟར་བཤད།
      ནོར་སྟོད་རི་བོ་ལ་མཚོ་འཕགས་སྨི་6010ཡོད་པ་དང་འདམ་གཞུང་རྫོང་ཡངས་པ་ཅན་གྱི་མངའ་ཁོངས་གཉན་ཆེན་ཐང་ལྷའི་དབུས་རྒྱུད་དུ་གནས་ཤིང་། མཚོ་འཕགས་སྨི་6000ཅན་ལ་འཛེག་པའི་འཇུག་སྒོ་ལྟ་བུ་ཞིག་ཡིན། དེ་དང་ཆབས་ཅིག་གཟར་ཚད་འོས་འཚམ་དང་ཁ་བའི་འབབ་ཚད་འདང་ངེས་ཡིན་ཕྱིར་མཚོ་འཕགས་སྨི་5400ནས་སྨི་6010བར་གྱི་ལམ་ཚད་ཆ་ཚང་ནས་གངས་ཤུད་དང་རི་འཛེག་བྱེད་ཐུབ་ཀྱིན་ཡོད་ལ། འདི་ནི་ས་བབ་མཐོ་ས་ནས་གངས་ཤུད་དང་རི་འཛེག་བྱེད་པའི་གནས་ཤིན་ཏུ་ལེགས་པོ་ཞིག་རེད།
      བྱེད་སྒོ་སྤེལ་རིང་རྩ་འཛུགས་ཨུ་ལྷན་གྱིས་འཛམ་གླིང་གི་མཚོ་འཕགས་སྨི་8000ཡན་གྱི་རི་བོ་མཐོན་པོ་14ལ་འཛེག་མྱོང་མཁན་དང་།  2008ལོའི་ཨོ་ལིན་ཕི་ཀའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་བརྒྱུད་སྤྲོད་བྱེད་སྒོ་ཞུགས་མྱོང་མཁན། གླིང་ཆེན་པོ་བདུན་གྱི་ཡང་རྩེར་སོན་པའི་རི་བོ་མཐོ་ཤོས་དང་ལྷོ་བྱང་སྣེ་གཉིས་(7+2)ལ་རྐང་ཐང་དུ་བགྲོད་མྱོང་མཁན་གྱི་རི་འཛེག་པ། བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་པའི་སློབ་གྲྭའི་རི་མཐོའི་སྣེ་ཤན་པ་བཅས་ཀྱིས་རི་གྲོགས་ཚོར་ལག་རྩལ་མཛུབ་སྟོན་དང་ཞབས་ཞུའི་འགན་ལེན་བྱས་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་རི་མཐོའི་རོགས་སྐྱོབ་རུ་ཁག་གིས་ཀྱང་ཚོགས་ཆེན་ལ་རོགས་སྐྱོར་ཆེན་པོ་གནང་བ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-23 11:28 , Processed in 0.027590 second(s), 20 queries .

返回顶部