日志

༄༅།།“ང་ཚོའི་དུས་ཆེན་ཏེ། དགུ་པའི་ཚེས་དགུའ ...

已有 136 次阅读2019-10-13 14:44 |系统分类:见闻


    ༄༅།།“ང་ཚོའི་དུས་ཆེན་ཏེ། དགུ་པའི་ཚེས་དགུའི་དུས་ཆེན”ཞེས་པའི་རྒན་རྒོན་ལ་བྱམས་བརྩེའི་འཚམས་འདྲི་གནང་བའི་བྱེད་སྒོ་བོད་ལྗོངས་ལྷ་སར་སྤེལ་བ།
                             ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ། སྣང་རྡོར།

                        
                                                 འདི་ནི་བྱེད་སྒོ་སྤེལ་བའི་ཡུལ་དངོས་རེད།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསེར་མདོག་ལྡན་པའི་སྟོན་ཁའི་དུས་ཚིགས་ཏེ། ཟླ་10པའི་ཚེས་7ཉིན། “ང་ཚོའི་དུས་ཆེན་ཏེ། དགུ་པའི་ཚེས་དགུའི་དུས་ཆེན”ཀྲུང་ཧྭའི་གཞས་རིང(ལྷ་སའི་ལེའུ)ཞེས་པའི་རྒན་རྒོན་ལ་བྱམས་བརྩེའི་འཚམས་འདྲི་གནང་བའི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་ཆུས་ཀྱི་ལྔ་སྐྱོང་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་སྤེལ་བ་རེད། 
      དམངས་སྲོལ་གྱི་ལྟ་བའི་ཁྲོད“དགུ”ནི་གྲངས་ཀའི་ཁྲོད་ཀྱི་གྲངས་ཆེས་ཆེ་བ་དེ་ཡིན་ཞིང་། དེར་ཡུན་བརྟན་ཚེ་རིང་གི་གོ་དོན་ལྡན་པར་མ་ཟད། མི་རྣམས་ཀྱིས་རྒན་རྒོན་རྣམས་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་བཅོལ་ཡོད། 1989ལོར། ལོ་རེའི་ལུགས་རྙིང་གི་ཟླ་9པའི་ཚེས་9ཉིན“རྒན་བཀུར་དུས་ཆེན”དུ་གཏན་ཁེལ་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་རྒན་པར་བརྩི་བཀུར་དང་། རྒན་པར་བདག་གཅེས། རྒན་པར་རོགས་རམ་བྱེད་པའི་སྲོལ་བཟང་དར་སྤེལ་དུ་བཏང་བ་རེད། 
      ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ལྔ་སྐྱོང་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ། བོད་ལྗོངས་གླུ་གར་ཚོགས་པས་གནས་འདིའི་རྒན་རྒོན་རྣམས་ལ་ཕུན་སུམ་ཚོགས་པའི་གླུ་གར་འཁྲབ་སྟོན་བྱས་ཤིང་། རྒན་རྒོན་ཚོས་རང་ཉིད་དགའ་བའི་འཁྲབ་ཚན་མཐོང་དུས་སྤྲོ་སེམས་འཁོལ་པོའི་ཐལ་མོ་རྡེབ་པ་དང་དགའ་འབོད་བྱས་ཏེ་གདོང་ཡོངས་སུ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་བྱུང་།  “སྲིད་གཞུང་གིས་ང་ཚོར་རིག་རྩལ་འཁྲབ་སྟོན་འདི་འདྲ་ངོ་མཚར་ཆེ་བ་ཞིག་སྤེལ་ཏེ། ང་ཚོར་ཚ་ཚ་འུར་འུར་གྱིས་དགུ་པའི་ཚེས་དགུའི་དུས་ཆེན་རོལ་དུ་བཅུག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ”ཞེས་ཞབས་ཞུ་ལྟེ་གནས་ཀྱི་རྒད་པོ་སྨོན་རྒྱལ་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད། 
      སྟག་རྩེ་ཆུས་ཀྱི་ལྔ་སྐྱོང་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ནི་གསོ་སྦྱོང་དང་། ནད་གཡོག སྤྲོ་གསེང་། ལུས་སྦྱོང་། རིག་གནས་རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན་ལ། མིག་སྔར་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རྒན་གསོའི་ཞབས་ཞུ་ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམས་གྲངས་ཀྱི་སྡེ་ཚན་ཞིག་ཀྱང་ཡིན། རྒན་རྒོན་101གིས་གནས་འདིར་ལུས་གསོ བྱེད་བཞིན་ཡོད་ཅིང་། མིག་སྔར་གཅིག་སྡུད་བསྙེན་བཀུར་བྱས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་འཚོ་སྐྱོང་གི་ཚད་གཞི་ལོ་རེར་སྒོར་ཁྲི་1.5ཟིན་ཡོད་པ་རེད། 
      ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་པས་རྒན་རྒོན་རྣམས་ལ་བཤད་རྒྱུར“རྒན་བཀུར་གཞོན་གཅེས་ནི་དགེ་བའི་ལས་ཀྱི་ཐོག་མ་དེ་ཡིན་ཞིང་།  རྒན་རྒོན་ནི་སྤྱི་ཚོགས་ཀྱི་ཁོངས་མིའི་གྲུབ་ཆ་གལ་ཆེན་ཞིག་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུ་ནོར་ཡིན་པས།  ཁྱེད་ཚོས་སྟག་རྩེ་འཕེལ་རྒྱས་ཆེད་དཀའ་སྤྱད་ཀྱི་རྔུལ་ཆུ་བཏོན་ཡོད་པ་དང་། རྒན་བཀུར་རྒན་གསོ་ནི་ང་ཚོས་བསྒྲུབ་དགོས་པའི་འགན་འཁྲི་ཡིན”ཞེས་བཤད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-3 20:35 , Processed in 0.053719 second(s), 20 queries .

返回顶部