日志

༄༅།།བོད་རིགས་བུ་མོ་རྒྱལ་རབ་ཡེ་ཤེས་ཀྱིས་ག ...

已有 104 次阅读2019-10-13 09:00 |系统分类:见闻


                                   ༄༅།།བོད་རིགས་བུ་མོ་རྒྱལ་རབ་ཡེ་ཤེས་ཀྱིས་གནམ་གྲུ་བཏང་ནས་དགུང་ལ་འཕུར།
                     ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།

                  
                              རྒྱལ་རབ་ཡེ་ཤེས་ཀྱིས་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་བྱེད་བཞིན་པ།(ཟླ་8ཚེས་7ཉིན།)

      ཀྲུང་གོའི་བོད་ལྗོངས་དྲ་བ་འི་འཕྲིན། མཚོ་བོད་ས་མཐོར་སྐབས་ཤིག་རིང“འཕུར་སྐྱོད་མི་ཐུབ་པའི་ཁུལ”ཞེས་བརྗོད་ཀྱི་ཡོད་པས་ཐད་འཕུར་གནམ་གྲུ་བཏང་ནས་བསྐྱོད་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ད་ཆ་དཀའ་སྤྱད་སྦྱོང་བརྡར་བྱས་པ་བརྒྱུད་བོད་རིགས་གཞོན་ནུ་ཁ་ལོ་བ་ཁག་དང་པོས་དམངས་སྤྱོད་ཐད་འཕུར་གནམ་གྲུ་བཏང་ནས་ཇོ་རིའི་ཕྱོགས་སུ་སྐྱོད་ཐུབ་ཡོད།
      རྒྱལ་རབ་ཡེ་ཤེས་ནི་བོད་ལྗོངས་འདམ་གཞུང་རྫོང་གི་དབུལ་ཕོངས་འབྲོག་ཁྱིམ་ཞིག་གི་ཡིན། ད་བར་སློབ་གྲྭ་འགྲིམ་པ་ཕུད་ཁོ་མོས་ཁྱིམ་གྱི་ནོར་ལུག་འཚོ་བ་དང་། བལ་འབྲེག་པ། མར་བཟོ་བ་བཅས་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད།
      “ཉིན་ཞིག་ངས་ཁྱེད་ཚོ་ཁྲིད་ནས་ནམ་མཁའ་ནས་ང་ཚོའི་རྩྭ་ཐང་ལ་བལྟ་གི་ཡིན།” བྱིས་དུས་སུ་སྐད་ཆ་དེ་བཤད་པ་ནས་བཟུང་ཁོ་མོ་དང་ནམ་མཁའི་བར་ལས་འབྲེལ་ཆགས་པ་རེད། འོན་ཀྱང་རྒྱལ་རབ་ཡེ་ཤེས་ཀྱིས་རང་ཉིད་འཕུར་སྐྱོད་པ་ངོ་མ་ཞིག་ཏུ་འགྱུར་ཐུབ་པ་ཡིད་ལའང་ཤར་མྱོང་མེད་པ་རེད།
      2016ལོར་ལྷ་སའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་སློབ་སྦྱོང་བྱེད་བཞིན་པའི་རྒྱལ་རབ་ཡེ་ཤེས་ལ་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ཁ་པར་ཞིག་འབྱོར་ཡོད་པ་སྟེ། ཀུང་སི་ཞིག་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་ཚང་ནས་འཕུར་སྐྱོད་པ་གདམ་གྱི་ཡོད་པ་དང་། ཁོ་མོར་ངོ་རྒྱུགས་ནང་ཞུགས་པའི་བརྡ་ཐོན་པ་རེད།
      ཁོ་མོ་ཁ་པར་གཏོང་མཁན་ནི་ཅང་སུའུ་རུའོ་ཨར་མཁའ་འགྲུལ་འཕེལ་རྒྱས་ཚོགས་པ་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཐུན་མོང་ཐོག་མ་དངུལ་བཏང་ནས་བཙུགས་པའི་ལྷ་སའི་གངས་རྒོད་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སི་ཡིན་པ་དང་། ཀུང་སི་དེས་གཙོ་བོ་ཛ་དྲག་རོགས་སྐྱོབ་དང་། སྨན་བཅོས་སྲོག་སྐྱོབ། ཁོར་ཡུག་སྲུང་སྐྱོང་། མཁའ་དབྱིངས་ལྟ་སྐོར། ལམ་ཐུང་སྐྱེལ་འདྲེན་སོགས་ཀྱི་ལས་སྒོ་སྤེལ་གྱི་ཡོད་པ་རེད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱ་ཆེད། ཀུང་སིས་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་གནད་སྨིན་དབུལ་སྐྱོར་བྱ་ཡུལ་གྱི་བུ་ཕྲུག་ཁྲོད་ནས་འཕུར་སྐྱོད་པ་16དང་འཕྲུལ་ལས་པ་12བསྡུས་པ་མ་ཟད་རུའོ་ཨར་མཁའ་འགྲུལ་གྱི་སུའུ་ཀྲོའུ་རྟེན་གཞི་རུ་གསོ་སྦྱོང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
      རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་བཅུ་ལྷག་ཙམ་སློབ་སྦྱོང་བྱས་པ་དང་ཆུ་ཚོད་བརྒྱ་གྲངས་ཀྱི་དྲག་ཚད་མཐོ་བའི་སྦྱོང་བརྡར་བྱས་པ་བརྒྱུད། རྒྱལ་རབ་ཡེ་ཤེས་ཀྱིས་ལོ་གཅིག་གི་དུས་ཚོད་སྤྱད་དེ་འཕུར་སྐྱོད་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་བྱས་ཤིང་ཚོང་སྤྱོད་ཐད་འཕུར་གནམ་གྲུའི་ལག་ཁྱེར་བདེ་བླག་ངང་བླངས་པ་རེད།
      ཁོ་མོས“འཕུར་སྐྱོད་པ་ཞིག་གསོ་སྐྱོང་བྱེད་པའི་མ་གནས་ཧ་ཅང་མཐོ་པོ་ཡོད་པ་དང་། མི་རེའི་སྒོར་ཁྲི་བརྒྱ་ལྷག་ཙམ་གྱི་གསོ་སྦྱོང་གྲོན་དངུལ་ཚང་མ་སྲིད་གཞུང་དང་ཁེ་ལས་ཀྱིས་སྤྲོད་ཀྱི་ཡོད། འདིས་ང་དང་ཁྱིམ་ཚང་གི་ལས་དབང་བསྒྱུར་བ་རེད” ཅེས་དང་། “ཐེངས་ཤིག་ཐད་འཕུར་གནམ་གྲུ་བཏང་ནས་འདམ་གཞུང་དུ་ལས་འགན་སྒྲུབ་པར་སྐྱོད་སྐབས་ཡུལ་མི་ཚོས་ང་ནི་གནམ་སྔོན་པོར་འཕུར་བའི་ལྷ་མོ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག”ཅེས་བཤད་འདུག

                  
                                    རྒྱལ་རབ་ཡེ་ཤེས་དང་ཐད་འཕུར་གནམ་གྲུ། (ཟླ་8ཚེས་7ཉིན། )

                  
                                རྒྱལ་རབ་ཡེ་ཤེས་རང་ཁྱིམ་གྱི་འབྲོག་རའི་ནང་དུ་ཡོད་པ།(ཟླ་7ཚེས་13ཉིན། )

                  
                  རྒྱལ་རབ་ཡེ་ཤེས་ཀྱིས་འབྲོག་ཁུལ་དུ་གཅུང་པོ་གཅུང་མོ་དང་མཉམ་དུ་ཤོག་བུའི་གནམ་གྲུ་གཏོང་བཞིན་པ། (ཟླ་7ཚེས་13ཉིན། )

                  
                  རྒྱལ་རབ་ཡེ་ཤེས་ཀྱིས་འབྲོག་ཁུལ་དུ་གཅུང་པོ་གཅུང་མོ་དང་མཉམ་དུ་ཤོག་བུའི་གནམ་གྲུ་གཏོང་བཞིན་པ།(ཟླ་7ཚེས་13ཉིན། )

                  
                             རྒྱལ་རབ་ཡེ་ཤེས་ཀྱིས་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་བྱེད་བཞིན་པ།(ཟླ་8ཚེས་7ཉིན། )

                  
                            རྒྱལ་རབ་ཡེ་ཤེས་ཀྱིས་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་བྱེད་བཞིན་པ། (ཟླ་8ཚེས་7ཉིན། )

                  
                                          རྒྱལ་རབ་ཡེ་ཤེས་ཐད་འཕུར་གནམ་གྲུའི་མདུན་དུ་བསྐྱོད་པ།

                  
                               རྒྱལ་རབ་ཡེ་ཤེས་ཀྱིས་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་བྱེད་བཞིན་པ།(ཟླ་8ཚེས་7ཉིན། )

                   
                                         རྒྱལ་རབ་ཡེ་ཤེས་ཐད་འཕུར་གནམ་གྲུའི་མདུན་དུ་བསྐྱོད་པ།

                  
                                 རྒྱལ་རབ་ཡེ་ཤེས་ཀྱིས་རང་ཁྱིམ་གྱི་འབྲོག་རར་ལུག་འཚོ་བ། (ཟླ་7ཚེས་13ཉིན། )

                  
                                              རྒྱལ་རབ་ཡེ་ཤེས་རང་ཁྱིམ་དུ་ལོག་པ།(ཟླ་7ཚེས་13ཉིན། )

                  
                           རྒྱལ་རབ་ཡེ་ཤེས་ཀྱིས་འབྲོག་ཁུལ་དུ་ཡུལ་མི་དང་གླེང་མོལ་བྱེད་བཞིན་པ། (ཟླ་7ཚེས་13ཉིན། )
                                  ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།






评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-26 09:46 , Processed in 0.025485 second(s), 20 queries .

返回顶部