日志

༄༅།།སྟོན་ཟླ་བཅུ་པར་ཚོན་མདངས་རྣམ་པར་བཀྲ་བ ...

已有 124 次阅读2019-10-11 15:21 |系统分类:见闻


                          ༄༅།།སྟོན་ཟླ་བཅུ་པར་ཚོན་མདངས་རྣམ་པར་བཀྲ་བའི་ལི་གྲོའི་དྲི་བསུང་དཔའ་རིས་ཡུལ་ལ་ཁྱབ། 
                                  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

                        
                                 དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 
                        
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  སྟོན་ཟླ་བཅུ་པར་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་སྟག་ལུང་གྲོང་རྡལ་གྱི་ས་ཞིང་མུའུ་ཁྲིའི་ལི་གྲོ་འདེབས་འཛུགས་རྟེན་གཞིར་བསྐྱོད་པ་ན། ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ་ནི་ཞིང་ནང་དུ་སྐྱི་བསེར་རླུང་གི་འགྲོས་དང་བསྟུན་ནས་ལྡེམ་ལྡེམ་དུ་གཡོ་བ་དང་། ས་ཞིང་མུའུ་ཁྲི་3ལྷག་གི་ལི་གྲོའི་འབྲས་བུའི་སྙེ་མ་རྒྱགས་ཅིང་སྐྱེ་འཚར་བཟང་ལ་ཚོན་མདངས་རྣམ་པར་བཀྲ་ཞིང་། ལི་གྲོའི་འདེབས་འཛུགས་ཀྱིས་ལོ་ལེགས་འབྱུང་བའི་དུས་ཚིགས་འདིར་སྙན་ངག་གི་རྣམ་པས་ཁེངས་སུ་བཅུག་པ་དང་། ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་གྱི་ཕུགས་འདུན་ཡང་མངོན་འགྱུར་བྱས་ཡོད། 

                       
                                      དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་མུའུ་ཁྲིའི་ལི་གྲོའི་འདེབས་འཛུགས་རྟེན་གཞི།  

                       
                                        དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་མཁའ་འགྲུལ་པར་རིས། 

       ལི་གྲོ་ནི་ཐོག་མར་མེ་གླིང་ལྷོ་མའི་ཨན་ཏི་སི་རི་རྒྱུད་ནས་ཐོན་པ་དང་། ཡུལ་དེའི་དབྱིན་ཅ་མིའི་སྲོལ་རྒྱུན་གྱི་བཟའ་བཅའ་གཙོ་བོ་ཞིག་ཡིན་ཞིང་། ལོ་ངོ་5000ནས་7000བར་གྱི་འདེབས་འཛུགས་ལོ་རྒྱུས་ལྡན་ཡོད། དེ་ལ་ཕུན་སུམ་ཚོགས་པའི་འཚོ་བཅུད་རིན་ཐང་ལྡན་སྟབས་དབྱིན་ཅ་མི་རིགས་གསོ་སྐྱོང་བྱས་ཡོད་ལ། གནའ་བོའི་དབྱིན་ཅ་བས“འབྲུ་རིགས་ཀྱི་ཨ་མ”ཞེས་འབོད་ཀྱིན་ཡོད། ལི་གྲོའི་ས་བོན་གྱི་ཁ་དོག་གཙོ་བོ་ནག་པོ་དང་། དམར་པོ། དཀར་པོ་བཅས་རིགས་འགའ་ཡོད།

                       
                       དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

                       
                      དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

                       
                      དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

                       
                       དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

                       
                       དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

                           
                           དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

                       
                       དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

                       
                       དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

                       
                       དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱི་ལི་གྲོའི་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བྱུང་བའི་ཁ་དོག་རྣམ་པར་བཀྲ་བའི་ལི་གྲོ། 

      2017ལོའི་ལོ་སྟོད་དུ་དཔའ་རིས་རྫོང་གིས་ཚོང་དང་མ་རྩ་དྲངས་པ་བརྒྱུད་སྟག་ལུང་གྲོང་རྡལ་ཕྱུག་རིའི་རི་རྒྱུད་སྣོད་བཅུད་གནས་སྤོའི་ཁུལ་གྱི་ཚོད་ལྟའི་ས་ཚིགས་ལྔ་པ་དང་བདུན་པར་ལི་གྲོ་མུའུ་5000འདེབས་འཛུགས་བྱས་པར་གྲུབ་འབྲས་ལེགས་པོ་ཐོན་པ་དང་།  “ལོ་རེར་སྙེ་མ་རེ”ཞེས་པའི་ལི་གྲོའི་ཚོང་རྟགས་ཐོ་འགོད་བྱས། ཀྲུང་གོའི་ཞིང་ལས་ཚན་རྩལ་གླིང་གི་ལི་གྲོའི་མཐུན་ཚོགས་ཀྱི་ཆེད་མཁས་པས་རྟོག་ཞིབ་བྱས་པ་བརྒྱུད། དཔའ་རིས་ནི་རྒྱལ་ནང་དུ་ལི་གྲོ་འདེབས་འཛུགས་ཆེས་འཚམས་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་།   གནས་འདིར་འདེབས་འཛུགས་བྱས་པའི་ལི་གྲོའི་སྙེ་མ་རྒྱགས་ཅིང་ཐོན་འབོར་མང་ལ།  འཚོ་བཅུད་ ཕུན་སུམ་ཚོགས་པོ་ཡོད་པ་རྟོགས། 2018ལོར་དཔའ་རིས་རྫོང་གིས་ཞིང་སྡེའི་ “སུམ་འགྱུར”བསྒྱུར་བཅོས་རྣམ་པ་ལྟར།  “ཁེ་ལས་+རྟེན་གཞི+ཞིང་ཁྱིམ”ཞེས་པའི་རྣམ་པ་ལག་བསྟར་བྱས་ཏེ། དཔའ་རིས་རྫོང་ཕྱུག་རིའི་བདེ་སྐྱིད་གྲོང་གསར་དང་གཡང་འཁོར་ཞིང་སྡེ། སྒ་རི་གྲོང་སྡེ་སོགས་གྱི་གནས་སྤོ་ས་ཁུལ་སྲོག་ཤིང་དུ་བཟུང་ནས། ལི་གྲོ་མུའུ་ཁྲི་3ལྷག་འདེབས་འཛུགས་བྱས་པ་དང་། མངག་ཐོའི་ཞིང་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་འདེབས་འཛུགས་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་ནས། 2020ལོར་སླེབས་སྐབས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་10ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། ཆབས་ཅིག ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་། ཀན་སུའུ་ཞིང་ལས་ཚན་རིག་ཁང་། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་སོགས་སློབ་གསོ་དང་ཚན་རྩལ་ཞིབ་འཇུག་ལས་ཁུངས་ལ་བརྟེན་ནས་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་མཁོ་འདོན་བྱས་ཏེ། དཔའ་རིས་ལི་གྲོའི་ཐོན་ལས་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱ་རྒྱུ་རེད། 2018ལོའི་ཟླ་11པའི་ཚེས་11ཉིན(རྒྱལ་ཁབ)བཟའ་བཅའི་ལས་རིགས་ཐོན་སྐྱེད་ནུས་པ་སྐུལ་འདེད་ལྟེ་གནས་ཀྱི་ཆེད་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད་དཔའ་རིས་རྫོང་ལ་“ཀྲུང་གོའི་ས་མཐོའི་ལི་གྲོའི་གྲོང་ཁྱེར”ཞེས་པའི་མཚན་སྙན་བསྩལ་པ་རེད། 
      2019ལོར་དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་གྱིས་ཕྱོགས་ཡོངས་ནས་ཐོན་ལས་འཕེལ་རྒྱས་རམ་འདེགས་སྲིད་ཇུས་ལག་ལེན་དུ་བསྟར་བ་དང་། ཧུར་བརྩོན་སྒོས་“ཆིག་རྐྱང་”གཉིས་ཀྱི་རྣམ་པ་སྐུལ་འདེད་དང་། ཐོན་ལས་དབུལ་སྐྱོར་ཞེས་པ་འདི་དམ་པོར་བཟུང་སྟེ། ལི་གྲོ་དང་ཤ་མོ་སོགས་ཁྱད་ལྡན་ཐོན་ལས་གནད་དུ་བཟུང་ནས་འདེབས་འཛུགས་བྱ་བ་ཁྱབ་སྤེལ་གཏོང་བ་དང་།  “ཐོན་ལས་གོང་འཕེལ་དང་ཞིང་ལས་འབྲས་བཟང་། མང་ཚོགས་ཀྱི་ཡོང་འབབ་འཕར་བ།”བཅས་ཀྱི་དམིགས་ཡུལ་མངོན་དུ་འགྱུར་བར་འབད་པ་བྱེད་བཞིན་ཡོད། ལི་གྲོ་འདེབས་རྒྱུ་ཁྱབ་གདལ་བཏང་བ་དེ་ས་གནས་དེ་གའི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་ལ། མང་ཚོགས་ཀྱིས་ས་གནས་རང་ནས་ལས་ཀ་བྱས་ཏེ་ཡོང་འབབ་ཇེ་མང་དུ་གཏོང་ཐུབ། སྟག་ལུང་གྲོང་རྡལ་སྒ་རི་གྲོང་སྡེའི་རུའེ་ཁྲེན་ཞིང་འབྲོག་ལས་འཕེལ་རྒྱས་མཉམ་ལས་ཁང་གི་འགན་འཛིན་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་ཁོང་ཚོ་མཉམ་ལས་ཁང་ཁོ་ནས་ལི་གྲོ་མུའུ་1700ལྷག་ཙམ་འདེབས་འཛུགས་བྱས་པ་དང་མཉམ་ལས་ཁང་ནང་ཞུགས་མཁན་དུད་ཚང་དབུལ་པོ་60ལྷག་ཙམ་ཟིན་ཡོད། གྲོང་རྡལ་དེས་རིམ་རྩིས་བྱས་ན་ས་ཞིང་མུའུ་ཁྲི་3ལྷག་ཙམ་འདེབས་འཛུགས་བྱས་པ་དང་། ལི་གྲོའི་འདེབས་འཛུགས་མཉམ་ལས་ཁང་16བཙུགས་ཡོད་ལ། ས་ཞིང་སྐོར་རྒྱུག་གི་གྲོས་མཐུན་5000ལྷག་ཙམ་བཞག་པ་དང་། ས་ཞིང་མུའུ་ཁྲི་1.3ལྷག་ཙམ་སྐོར་རྒྱུག་བྱས་ཡོད། 
      དཔའ་རིས་རྫོང་སྟག་ལུང་གྲོང་རྡལ་སྒ་རི་གྲོང་ཚོའི་གྲོང་མི་ཅིན་ཙེ་ཧོ་ཡིས་གསར་འགོད་པར་བརྗོད་དོན། “ལི་གྲོ་ནི་ང་ཚོའི་ས་ཆ་འདིར་འཚམ་པོ་ཡོད་དེ། དེས་ཐན་པ་ཚུགས་ལ་གྲང་ངར་ཐེག་ཐུབ། འདེབས་འཛུགས་བྱས་རྗེས་གཞི་རྩའི་ཆ་ནས་སེམས་ཁྲལ་བྱེད་མི་དགོས་ལ། ནད་འབུའི་གནོད་པ་ཉུང་ཞིང་སྐྱེ་འཚར་ལེགས་པས་གྲོ་དང་སྲན་མ་སོགས་ལས་ཐོན་ཚད་མཐོ་བ་ཡོད། ལི་གྲོའི་འདེབས་འཛུགས་ཀྱིས་ང་ཚོའི་ཡོང་འབབ་འཕར་སྣོན་གྱི་ལམ་བུ་ཆེར་བཏང་བ་མ་ཟད། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།
      ཅེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-3 20:26 , Processed in 0.054289 second(s), 20 queries .

返回顶部